Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླིང་ཚ་ཚེ་བརྟན་རྡོ་རྗེ་ལྡི་ལི་ནས་སྤྱི་ལེ་༡༩༠བརྒལ་ཏེ་རམ་པོར་ལ་འབྱོར་འདུག

Posted on 2013-04-142013-04-14 By ཁ་བརྡ་ 9 Comments on གླིང་ཚ་ཚེ་བརྟན་རྡོ་རྗེ་ལྡི་ལི་ནས་སྤྱི་ལེ་༡༩༠བརྒལ་ཏེ་རམ་པོར་ལ་འབྱོར་འདུག

དེ་རིང་ལྡི་ལིའི་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་རྟ་མགྲིན་ལགས་ཀྱིས་ཁ་པར་བརྒྱུད་གནས་ཚུལ་འབྱོར་གསལ་ལྟར་ན། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་རྡ་ས་ནས་གོམས་བགྲོད་བརྒྱུད་ལྡི་ལིར་འབྱོར་རྗེས་ཉིན་གསུམ་རིང་ལྡི་ལིར་ངལ་གསོ་གནང་ཡོད་པ་དང་། སྤྱི་ཟླ་བཞི་པའི་ཚེས་ ༨ ཉིན་ལྡི་ལི་ནས་མགོ་འཛུགས་ཀྱིས་གོམས་བགྲོད་གནངཡོད་པ་དང་། གོམས་བགྲོད་མགོ་འཛུགས་སྐབས་ལྡི་ལིའི་མདོ་སྨད་ས་རྒྱུན་གྱི་རྩིས་པ་བྱམས་པ་དང་རེབ་གོང་བཀྲ་ཤིས་གཉིས་ཀྱིས་ཉིན་བྱེད་རིང་སྐྱེལ་མ་བྱས་ཡོད་པ་དང་། དེ་རིང་རྡ་སའི་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་ཉིན་ཤས་རིང་མཉམ་ཞུགས་བྱེད་འཆར་ཡོད་པས་ཁོང་བསྐྱལ་ཏེ་ལྡི་ལིའི་མདོ་སྨད་ས་རྒྱུན་གྱི་ཚོགས་གཙོ་རྟ་མགྲིན་དང་། དྲུང་ཆེ་ཆོས་འཕེལ། རྩིས་པ་བྱམས་པ་བཅས་མི་གསུམ་ཁོང་ལ་ལྟ་བར་བསྐྱོད་ཡོད་པ་དང་། སྐབས་དེར་ཁོང་ལྡི་ལི་ནས་སྤྱི་ལེ་ ༡༩༠ བརྒལ་ཏེ་UPམངའ་སྡེ་ནང་གི་ Rampur ལ་འབྱོར་ཡོད་འདུག  ལྟ་སྐོར་ལ་བསྐྱོད་མཁན་ཚོར་ཁོང་གི་གཟུགས་པོའི་གནས་སྟངས་དང་དཀའ་ངལ་གྱི་ཐད་སྐད་ཆུ་འདྲི་དུས། ཁོང་གིས་དཀའ་ངལ་མི་འདུག་ཟེར་ནའང་། ཁ་བརྡ་རིམ་གྱིས་བྱས་ན་ཕལ་ཆེར་ལམ་སྐབས་སུ་ས་སྟོང་མང་པོར་འཁེལ་ཏེ་ཆུ་མ་རེག་པའི་དཀའ་ངལ་མང་དུ་འཕྲད་ཡོད་པའི་ཚོར་སྣང་བྱུང་ལ། ཁོང་འགྲོ་བའི་སྐས་སུ་དེང་སྐབས་ཀྱང་རྐང་པ་ན་སྟེ་ཅུང་འཐེང་གིན་འཐེང་གིན་འགྲོ་གི་འདུག་ཅེས་ངོ་སྤྲོད་བྱས་སོང་། རྗེས་ཕྱོགས་མཉམ་ཞུགས་བྱེད་མཁན་ཡོད་ན། ཁོང་ལམ་ཁ་གང་ན་ཕེབས་ཀྱིན་ཡོད་མེད་སོགས་ཀྱི་ཐད་ལྡི་ལིའི་མདོ་སྨད་ས་རྒྱུན་ནས་རོགས་རམ་བྱེད་རྒྱུ་ཡིན་ཞེས་བཤད་སོང་།

འབྲེལ་གཏུགས་ཁ་པར་ཨང་། 09990467077/981358624/9990679379 གང་རུང་ལ་འབྲེལ་བ་གནང་ན་རོགས་རམ་བྱེད་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

གསར་འགྱུར།

Post navigation

Previous Post: འཚོ་བའི་ཁྲོད་དུ་ཕྱག་དབང་ཞུ་བ་ཞེས་མགོ་ཐོག་ཏུ་ལག་པ་འཇོག་ཏུ་བཅུག་པའི་སྐོར།
Next Post: སྐྱེ་རྒུའི་ས་ཡོམ་རྗེས་དྲན།

Comments (9) on “གླིང་ཚ་ཚེ་བརྟན་རྡོ་རྗེ་ལྡི་ལི་ནས་སྤྱི་ལེ་༡༩༠བརྒལ་ཏེ་རམ་པོར་ལ་འབྱོར་འདུག”

  1. ཨ says:
    2013-04-14 at 3:20 pm

    ཁ་བརྡ་དྲ་ཚིགས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ། ཁོང་གི་གནས་ཚུལ་འདི་བཞིན་མང་པོ་སྤེལ་ཡོད། འདི་ནི་རང་དབང་ལུང་པའི་བོད་ཀྱི་དྲ་ཚིགས་ཅིག་གི་རང་རྟགས་རེད།

  2. ཚེ་རིང་སྐྱབས་ says:
    2013-04-14 at 5:56 pm

    ༄༅།ངོ་མ་རྗེས་སུ་ཡིད་རང་ཡོད་ཡིན་ནའང་རེ་བ་བ་ཞུ་རྒྱུ་ཞིག་ལ་བོད་ཀྱི་རྒྱལ་དར་དེ་མགོ་ལ་ཞག་ནས་རྒྱ་གར་རྒྱལ་འོག་ལ་འཇོག་རོགས་གནང་དེ་འདྲ་བྱུང་ཚེ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་

  3. མ་ཧཱ་སིདྡྷི། says:
    2013-04-14 at 6:18 pm

    ད་དུང་མུ་མཐུད་དུ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་གསར་ཤོག་དུས་བབས་དང་། བང་ཆེན་སོགས་ནས་ཀྱང་ད་ལོ་གླིང་ཚའི་དཔའ་བོ་ཁེར་འགྲོས་ཀྱི་གོམས་བགྲོད་དམ། ཡང་ན་དཔའ་བོ་རྒྱབ་ཆད་ཀྱི་སྡུག་འགྲོས་དེ་ལའང་གསར་འགྱུར་པའི་འགན་རེ་ཁུར་དགོས་བསམ། གང་ལྟར་ཀྱང་གླིང་ཚའི་བློས་གཏོངས་ཆེན་པོ་འདི་བོད་མི་ས་ཡ་དྲུག་པོའི་བདེ་སྡུག་གི་ཆེད་དུ་ལས་ཁོ་རང་སྒེར་པའི་མིན་པ་ཤེས་པར་གྱིས། ང་ཚོ་བོད་མིའི་སྤྱི་ཚོགས་ཁྲ་མོ་འདིའི་ནང་དུ་སྐུ་ལུས་མེར་བསྲེགས་གཏོང་མཁན་རྣམས་ཕུད་དེ་མིན་སྲིད་དོན་པ་མཐོ་སྐུ་ངོ་རྣམ་པ་དང་། དམའ་ཡིག་སྐྱེལ་ཚུན་བོད་མི་རྒན་གཞོན་བར་གསུམ་ནས་རང་ཉིད་ཀྱི་བཟང་ཕྱོགས་ཀྱི་གོ་སྐབས་དེ་མ་ཤོར་བར་བྱེད་ནས་གཞན་ཁ་བདེ་བོའི་ཉི་མ་གང་འཁྱོལ་ཙམ་བྱེད་པ་ལས་དངོས་སུ་ཁ་ཡོད་ལག་ཡོད་རང་དོན་ཁྱིམ་གཞིས་ལུས་དང་སྲོག་ལུས་ཡོངས་རྫོགས་བོད་བསྟན་སྲིད་ཆེད་དུ་འབུལ་ནས་དེ་སྔ་ཕན་ཆོད་གླིང་ཚ་འདི་ནང་བཞིན་འཛམ་གླིང་གཡར་པོའི་རྒྱལ་ཁབ་རྣམས་སུ་བྱུང་སོང་མང་མ་སོང་ཤེས་པར་གྱིས།

  4. རིག་པའི་བུ says:
    2013-04-15 at 4:26 am

    འཕྲོད་བསྟེན་ལ་དོ་བདག་བྱོས། རྒྱབ་སྐྱོར་ཡོད། ང་རང་ཟླ་གཅིག་མ་དགོས་ཉིན་གཅིག་ལ་ཚ་བའི་ཁྲོད་གོམ་བགྲོད་བྱེད་མི་ཐུབ་མཁན་ཞིག་གི་ངོས་ནས་ཡིད་སྨོན་ཡོད།

  5. རྒྱ་ཞིང་མྱི་དཀར says:
    2013-04-15 at 6:05 am

    བཙན་བྱོལ་བོད་རིགས་ཚང་མ་གཉིད་ཁོས་འདུག་གླིང་་ཚ་བ་ཁྱོད་གཉིད་ཁོས་མི་སྲིད་པ་འདི་ཅི་ཡིན་ནམ་དེ་ནི་ཕལ་ཆེར་མི་རིགས་རིགས་གཞུང་གི་ཞེན་ཁོག་དང་ལྷག་བསམ་གཡོ་མེད་ཀྱི་དམ་བཅའ་བརྟེན་པོ་ཡོད་བས་སོ། བཙན་བྱོལ་བ་འདི་ཅིའི་ཕྱིར་ཏུ་གཉིད་ལོག་པ་རེད་དེ་ནི་རང་གཅེས་གཞན་ཡལ་དང་རང་དོན་ཁོ་ན་ལས་མི་རིགས་དང་རྒྱལ་ཁབ་ལ་བསམ་བློའི་ཁ་ཕྱོགས་འཁོར་མ་མྱོང་བས་སོ། བཙན་བྱོལ་བའི་རྩོམ་པ་པོ་དང་དཔྱོད་ཤེས་བ་དག་ལ་ཅིའི་ཕྱིར་ཏུ་མཐུན་སྒྲུལ་དང་གཅིག་གྱུར་མེད་པར་རྣམ་རྟོག་གིས་ཀུན་ནས་བསླང་ཞིང་སྐྱོན་བརྗོད་དང་གཏོར་ཚིག་དམའ་འབེབ་རྙོག་གཏམ་རྐྱང་རྐྱང་གིས་ཁེངས་ཡོད་པ་ཕལ་ཆེར་རྩོམ་གཞིའི་བརྗོད་བྱ་དང་དཔྱོད་ཤེས་ཀྱི་བློ་རྒྱ་ཆུང་བས་མ་ཡིན་ནམ། བཙན་བྱོལ་བའི་སེར་མོ་བ་དག་ལ་ཅིའི་ཕྱིར་ཏུ་ཁེངས་དྲག་དང་ང་རྒྱལ་རང་རློམ་ཆེ་ཞིང་སྤྱི་ཡོངས་ལ་ཡིག་འབྲི་སྐྱོ་ཞིང་མིང་ཙམ་ཡང་སྒྲ་དག་གསལ་གསུམ་གྱི་ཐོག་ནས་འབྲི་དཀའ་བ་དང་ཀློག་དཀའ་བ་བྲག་ཅ་དང་འོལ་ཚོད་ཀྱིས་རྙོག་གཏམ་ལ་ཡིད་ཆེས་ཡོད་པ་་་་་ཕལ་ཆེར་ལོ་ན་རྒན་པ་དང་སློབ་གླིང་སོགས་ལ་འགྲོ་མ་མྱོང་མཁན་རྐྱང་རྐྱང་ཚོགས་ནས་ལོ་ཉི་ཤུ་དང་སུམ་བཅུ་བརྒལ་ནས་ཀ་ཁའི་དབྱངས་སྙན་ལ་རོལ་བ་འགོ་རྩམ་ཡོད་བས་སོ། ལྟོས་དང་གླིང་ཚ་བས་རང་གི་འདས་མ་ད་གསུམ་གྱི་སྐྱིད་སྡུག་ཚང་མ་བློའི་བཏང་ནས་མི་རིགས་དང་རྒྱལ་ཁབ་སོགས་ཀྱི་ཆད་རླབས་ཆེ་བའི་ལས་འགུལ་འདི་ལྟ་བུ་ཞིག་སྤེར་བཞིན་མཆིས་ཡོད་ཀྱང་་་་་་་་དེ་ལ་ཐ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་ཕལ་བཞོག་རྙོག་དྲ་དང་དགོས་མེད་ཀྱི་དོགས་སློངས་རྐྱང་རྐྱང་སྐྱ་སེར་གཉིས་ཀའི་ཀླན་ཀ་ལྟ་བུར་གྱུར་ཡོད།

  6. མེ་ཏོག་དཀར་པོ says:
    2013-04-15 at 6:13 am

    རྒྱ་ཞིང་མི་ནག འོ་དགོངས་དག རྒྱ་ཞིང་མི་དཀར། ཁྱོད་ཀྱི་རྐང་ལག་སུས་བསྡམས་སོང་། ཁྱོད་ཀྱང་གླིང་ཚ་མཉམ་དུ་འགྲོ་ཆོག་རྒྱུ། ཁ་རྒྱག་པ་བཤད་མ་འདུག

  7. འབྲས་ལྡན says:
    2013-04-15 at 6:54 am

    ཉིན་འདི་དག་གི་རིང་ལ་ཚེ་བརྟན་རྡོ་རྗེ་ཡི་སྐད་ཆ་རེ་ཨེ་གོ་སྙམ་ནས་རེ་སྒུག་བྱས་ཡོད། ཁ་བརྡའི་དྲ་ཚིགས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་བཟང་བོ་ཚེ་རྡོ་ཁྱོད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པར་སྨོན།།།།

  8. ནུབ་ཕྱོགས་ཀྱི་བྱ་གླག། says:
    2013-04-15 at 11:45 am

    རྒྱ་ཞིང་མྱི་དཀར་ལགས། གླིང་ཚ་ལ་བསྟོད་ཁུལ་གྱིས་གཞན་ལ་ཕྲག་དོག་དང་ངན་སྨྲས་བྱེད་སྟངས་བལྟས་ན། རྒྱ་གོར་ཟ་མཁན་གྱི་རྒྱུག་ཁྱུ་ནང་ཀྲུག་ཐ་ཆ་ཅན་ཞིག་ཡིན་པ་ཐག་ཆོད། དེ་ལྟར་མ་ཡིན་ན། ཁྱོད་རང་སྐད་འབོད་ཙམ་ཡང་འགྲོ་མི་ཐུབ་ཁར་དེ་འདྲ་རྫིག་ཉམས་བཤད་ན་རང་སྐྲག་སྣང་མེད་ན་ངོ་ཡང་ཚ་རྒྱུ་མི་འདུག་གམ།

  9. རྒྱ་ཞིང་མྱི་དཀར says:
    2013-04-16 at 7:02 am

    དྲང་མོ་དྲང་རྐྱང་ཡིན་སྣང་བ་མ་སོང་ན་ཐབས་ཤེས་མེད་བསམ་བློ་ཡག་པོ་བཏང་ན་འཇིག་རྟེན་འདིར་དྲང་ལྡན་གྱི་གང་ཟག་ཞིག་ཕལ་ཆེར་མེད་པ་འདྲ་རང་མི་རིགས་དང་རང་གི་ནང་མི་ལ་དྲང་གཏམ་བཤད་ན་དེ་ལ་འཁྱོག་འགྲེལ་རྐྱང་རྐྱང་བྱས་ནས་བསྡད་འདུག་ཐབས་་སྐྱོ་བོ་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme