Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་རྐང་པར་རྨ་བརྒྱབ་ཏེ་དེ་རིང་ངལ་གསོས་འདུག

Posted on 2013-03-222013-03-22 By བོན་རྒྱ་བསྟན་འཛིན་རབ་རྒྱས་ 26 Comments on གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་རྐང་པར་རྨ་བརྒྱབ་ཏེ་དེ་རིང་ངལ་གསོས་འདུག

ད་ནང་ཁ་པར་ལས་ཤེས་རྟོགས་ལྟར་ན་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་རྐང་པར་རྨ་བརྒྱབ་ཏེ་དེ་རིང་ངལ་གསོ་དགོས་བྱུང་འདུག གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་ཞི་བའི་གོམས་བགྲོད་ཐེངས་གཉིས་པ་དངོས་སུ་མགོ་བཙུགས་ནས་ཉིན་བཅུ་གཉིས་འགོར་ཡོད་པ་དང་། ཕ་མ་གཉིས་དང་ལྷན་དུ་ཉིན་བདུན་དང་ཁོ་རང་ཁེར་རྐྱང་གིས་གོམ་བགྲོད་བྱས་ནས་ཉིན་ལྔ་འགོར་འདུག ཁོ་རང་གཅིག་པུས་གོམས་བགྲོད་སྐབས་སུ་ལམ་ཁར་ཚ་དུབ་ཆེ་བ་དང་། ཁུར་བོ་ལྗིད་པ། ཉིན་རེ་བཞིན་ལམ་ཐག་རིང་བོ་བསྐྱོད་པའི་རྐྱེན་གྱིས་ཁ་སང་ནས་ཁོང་གི་རྐང་པར་རྨ་ཁ་ཤས་བརྒྱབ་ཡོད་པ་དང་། དེ་རིང་དེ་དག་རལ་ཡོད་ན་མུ་མཐུད་གོམ་བགྲོད་གནད་རྩིས་འདུག་ནའང་། དེ་ལྟར་མ་བྱུང་བས་དེ་རིང་ངལ་གསོ་དགོས་བྱུང་འདུག  ད་ནི་ཁོང་རྒྱ་གར་གྱི་Bhatta sahib ropar ལ་ཐོན་ཡོད་པ་དང་། དེ་ནས་ཅན་རྡི་སྒར་བར་དུ་སྤྱི་ལེ་བཞི་བཅུ་ལས་མི་འདུག 

གསར་འགྱུར།

Post navigation

Previous Post: ༢༠༡༣ ལོའི་མདོ་སྨད་དམིགས་བསལ་ཚོགས་ཆེན་དང་གྲོས་ཆོད་ཁག
Next Post: བཙུན་མ་ཞིག་ལ་ཕུལ་བ།

Comments (26) on “གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་རྐང་པར་རྨ་བརྒྱབ་ཏེ་དེ་རིང་ངལ་གསོས་འདུག”

  1. དགའ་སྐྱིད་ says:
    2013-03-22 at 6:52 am

    བོད་མི་ས་ཡ་དྲུག་གི་ཞི་བའི་གོམ་བགྲོ་གནང་ཙང་ཁོང་གི་རྐང་པ་རྨ་བརྒྱབ་རེད་བོད་མི་ང་ཚོ་ཚང་མས་རྗེས་སུ་ཡིད་རང་དང་བསྔགས་བརྗོད་གནང་འོས་པ་ལུས་ཡིན་སྙིང་ཐུགས་རྗེས་ཆེ་ལབ་གྱི་ཡོད།

  2. མྱི་དཀར says:
    2013-03-22 at 10:20 am

    མི་འདི་སྙིང་མ་རྗེ་ང་ཚོ་ཚང་མ་སྐྱིད་བའི་དཔལ་ལ་རོལ་ཞིང་རྨི་ལམ་གྱི་དྭགས་ཞིང་ན་བདེ་བ་ཞིག་ཡོད་སྙམ་ནས་ལྷོད་ལྷོད་བསྡད་ཡོད་ཁོ་ང་ཚོའི་ཚབ་དུ་ཉིན་མཚན་དབྱེ་བ་མེད་པར་གཉེན་ཁ་དང་དངངས་སྐྲག་གིས་འཚོ་བ་བསྐྱེལ་ནས་ཡོད་།

  3. རི་རྒྱལ་ཏི་སེ། says:
    2013-03-22 at 11:33 am

    དཔའ་བོ་ཁེར་རྒྱུག་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ཁྱེད་གཅིག་པུ་བོད་མའི་བདེན་དོན་གྱི་ཆེད་དུ་ཕེབས་པ་ནི་དགའ་སྤོབས་སྐྱེ་འོས་སུ་མཐོང་ཡང༌། བྱེས་འབྱོར་བོད་མི་ཁྲི་ཕྲག་མང་པོའི་ཁྲོད་ནས་ཁྱེད་ལ་འགྲོ་རོགས་མི་གཅིག་ཀྱང་མ་རག་པ་ནི། དེའི་ཁྲོད་དུ་རྒྱུ་མཚན་ཏན་ཏན་ཆེན་པོ་ཞིག་ཡོད་སྲིད་པས། རང་དབང་གི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་འབྲེལ་ཚོགས་སྐྱིད་ཡོངས་ནས། བརྟག་དཔྱད་མཐིལ་ཕྱིན་པ་ཞིག་བྱེད་ཐུབ་ན་མི་ལེགས་སམ་སྙམ་པའི་དོགས་འཆར་ཞིག་བཀོད་པའོ།།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-03-22 at 12:20 pm

    རྐང་པར་རྨ་བརྒྱབ་འདུག ལས། རྐང་པར་རྨ་ཐོན་འདུག ལབ་དགོས།

  5. ཡ་མ་ཚེ་རིང་། says:
    2013-03-22 at 2:39 pm

    གླིང་ཚ་ཚེ་བརྟན་རྡོ་རྗེས་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་ཡོད་ཚད་བློས་གཏང་གནང་བ་ལ་ཡི་རང་དང་གདུང་སེམས་མཉམ་སྐྱེད་ཞུ། འོན་ཀྱང་ད་བར་དུ་གཞུང་གི་གནད་ཡོད་མི་སྣ་དག་གིས་མ་མཐོང་མ་ཐོས་པའི་རྟུལ་ཞུགས་བཟུང་བ་ལ་བློ་ཕམ་ཚད་མེད་ཡོད། སྲིད་སྐྱོང་བློ་དང་ཚོགས་གཙོ་སྤེན་གཉིས་ལ་འདྲི་རྒྱུ། ཚེ་རྡོར་གྱི་འབོད་ཚིག་དག་གཞུང་གི་ལང་ཕྱོགས་དང་མི་མཐུན་པ་རེད་དམ། ཁོའི་སྔ་ཕྱིའི་དཀའ་ངལ་དག་མ་མཐོང་བ་ཡིན་ནམ། མ་འཐའ་ཡང་ཁོ་བོད་ཀྱི་འབངས་མི་ཞིག་ཡིན་པའི་ཆ་ནས་ཁོའི་བདེ་སྡུག་ལ་འགན་ཁུར་དགོས་པ་ཞིག་ལ་ངོས་འཛིན་དགོས་པ་མ་ཡིན་ནམ།།

  6. སྡོང་ཆུ་མིག says:
    2013-03-22 at 2:53 pm

    གླིང་་ཚ་ལགས། བོད་མི་ས་ཡ་དྲུག་གི་ཆེད་དུ་ཡོད་ཚད་བློས་བཏང་བ་ལ་རྗེས་སུ་ཡི་རང་ཞུ་གི་ཡོད། ཡིན་ནའང་ཁྱོད་གྱི་ཕ་མ་ལ་བསམ་བློ་བཏང་རོག། ཁྱོད་གྱི་ལས་འགུལ་གནས་སྐབས་རང་མཚམས་མཇོག་རོག་ཞུ། ཁྱོད་ནི་བོད་མི་ས་ཡ་དྲུག་གི་གླིང་ཚ་དང་། ངའི་སེམས་ཁོང་གི་དཔའ་རྒོད།

  7. ཐབས་ཇུས་ཅན says:
    2013-03-22 at 8:36 pm

    མཆན་ ( 5 ) གོང་དུ་ཡ་མ་ཚེ་རིང་གིས་གསུངས་པ་བདེན་པ་རེད། བཙན་བྱོལ་གཞུང་གིས་ཚེ་རྡོར་ལགས་ལ་རྒྱབ་སྐྱོར་མེད་པ་ག་རེ་ཡིན་ནམ?????????????????
    རྒྱུ་མཚན་འདི་ལ་བརྟེན་ནས་བཙན་བྱོལ་གཞུང་འདིས་མིང་བཙན་གྱི་མཆོད་འབུལ་རེ་དང་ཕྱི་རྒྱལ་གྱི་གཞུང་སོགས་ལ་རེ་བ་རྒྱབ་ནས་ཉི་མ་འཁྱོལ་ཐབས་ཙམ་ལས་དམིགས་ཡུལ་གང་ཡང་མེད་པ་དང་ལས་འགུལ་སྤེལ་འདོད་མེད་པ་ཤེས་ཐུབ། བོད་མི་སྒེར་བ་སུ་ཞིག་གིས་བོད་དོན་ཆེད་ལས་འགུལ་སྤེལ་ན་དེ་ལ་བཙན་བྱོལ་གཞུང་གིས་ཐུགས་ཁུར་དགོས་ངེས་རེད་བསམ། འོན་ཀྱང་་་་་་་་་་་་་་་་་་་་་་་་་

  8. ཇ་མ་ says:
    2013-03-22 at 10:10 pm

    བོད་གཞུང་གིས་གླིང་ཚ་ལ་རོགས་པ་བྱས་ན་ཡག་པོ་འདུག

  9. བན་དེ་བ། says:
    2013-03-22 at 10:14 pm

    ངོ་མ་བཙན་བྱོལ་གསར་འགོད་པའམ་ཡིག་བྲིས་པ་འདི་ཚོས་འདི་འབྲི་དང་མི་འབྲི་མི་འདུག
    རྐང་པར་རྨ་རྒྱབ་འདུག་ཟེར་བ་་་་་རྐང་པར་འབུ་རྒྱབ་འདུག་་་་ཅེས་པ་དང་གཅིག་པ་རེད་་་་རྐང་པར་རྨ་ཐོན་འདུག་་་རྐང་པར་རྨ་བྱུང་འདུག་་་་་་རྐང་པར་རྨ་བྱས་ཞག་ཟེར་དགོས་པ་རེད།

  10. ཇ་མ་ says:
    2013-03-22 at 10:17 pm

    གཞོན་ནུ་དང་བུད་མེད་ཚོགས་པས་གླིང་ཚ་ལགས་ལ་རྒྱབ་རོགས་བྱེད་མི་སྲིད། གང་ལ་ཟེར་ན་གླིང་ཚ་ནས་ཁོ་ཚོར་ཁེ་སྤོགས་གང་ཡང་མེད།

  11. མ་ཧཱ་སིདྡྷི། says:
    2013-03-23 at 12:18 am

    གླིང་ཚའི་ཐོག་མའི་ཀུན་སློང་ནི་ཁོ་རང་གི་སྐད་གྲགས་དང་རང་རྗེས་གཞན་ངོམ་མིན་པ་ནི་མི་དེའི་ཆོད་སེམས་དང་སྔ་ཕྱིའི་ལས་འགུལ་ལས་ཤེས་ཐུབ། ཁོ་རང་ལ་རྒྱབ་རྩ་མ་བྱས་ན་ཁོ་རང་ངོ་ཚ་རྒྱུ་གང་ཡོད། རྒྱབ་རྩ་མི་བྱེད་མཁན་བོད་རིགས་རྣམས་ངོ་མ་ཚན་ན། ད་དུང་གོང་གི་རི་རྒྱལ་ཏི་སེའི་མིང་ཅན་དེས་འདིར་ལྟར་ཟེར།
    “བྱེས་འབྱོར་བོད་མི་ཁྲི་ཕྲག་མང་པོའི་ཁྲོད་ནས་ཁྱེད་ལ་འགྲོ་རོགས་མི་གཅིག་ཀྱང་མ་རག་པ་ནི། དེའི་ཁྲོད་དུ་རྒྱུ་མཚན་ཏན་ཏན་ཆེན་པོ་ཞིག་ཡོད་སྲིད་པས། རང་དབང་གི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་འབྲེལ་ཚོགས་སྐྱིད་ཡོངས་ནས། བརྟག་དཔྱད་མཐིལ་ཕྱིན་པ་ཞིག་བྱེད་ཐུབ་ན་མི་ལེགས་སམ”
    དེ་ནི་གླིང་ཚས་བོད་བསྟན་སྲིད་དོན་དུ་སྲོག་ལུས་ཐ་ན་གཅེས་པའི་ཁྱིམ་ཚང་གཉིས་བཅས་བློས་གཏངས་བྱས་རྗེས་ལ་ལེགས་ལེགས་གསོའི་སྔགས་བརྗོད་མེད་པས་ད་དུང་རྒྱབ་ཏུ་གཅིག་ཡོད་མདོག་བསྙད་པ་དེ་ནི། ཕ་དྲིན་ཅན་དེ་མི་ཟེར་ཕུང་རྒན། མ་དྲིན་ཅན་དེ་མི་ཟེར་ལག་རྐམ་ཞེས་བོད་པའི་དཔེ་ལྟར་དུ་རེད། བསོད་ཟད་བོད་པ་འདི་ཚང་ལ་གོང་གི་རི་རྒྱལ་ཏེ་སེའི་མིང་ཅན་མི་འདི་འདྲ་ཤ་དག་ཡོད་ནས་འདི་འདྲ་བྱུང་བ་རེད།

  12. ཉེར་གཅིག་པའི་ཅོང་བརྡ། says:
    2013-03-23 at 1:01 am

    བརྗེད་དཀའ།

  13. འཇམ་གཅེས says:
    2013-03-23 at 5:01 am

    བརྟག་དཔྱད་བྱེད་ཡུལ་གླིང་ཚ་མིན་པར་བརྟག་དཔྱད་བྱེད་དགོས་འདུག་ཟེར་མཁན་དེར་བརྟག་དཔྱད་དགོས་ལས་ཆེ། དེ་མིན་དྲ་འབུ་རེ་ཟུང་གིས་བོད་གཞུང་གི་རྒྱབ་སྐྱོར་དགོས་ཟེར་བ་ཡང་རྒྱུ་མཚན་མེད་པའི་འཆར་གཏམ་ལས་མ་འདས། དོན་དངོས་གླིང་ཚ་མཆོག་གི་རང་འགན་རང་འཁུར་དང་བློས་བཏང་ལ་སྙིང་ནས་ཡིད་རངས་ཞུ་དགོས།

    དགོས་མེད་ཁ་འཁྱམ་མ་གཡུག་རོགས་་་་་་་་་་་་་་་

  14. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2013-03-23 at 7:01 am

    ཚང་མས་དགོངས་འཆར་གསུང་རོགས་གནང་།

  15. དགེ་བསམ། says:
    2013-03-23 at 8:56 am

    ཁ་ཅིག་གིས་ངོ་ནས་སེམས་སྐྱོ་དགོས་པ་བཤད་གིས་འདུག
    སྡུག་གྱོང་ཟེར་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།

  16. འཇམ་གཅེས says:
    2013-03-23 at 9:10 am

    ངོས་ཟིན་ན་བོད་མི་ཡོ་དོ་ཅོག་སྡུག་གྱོང་ནས་མྱོང་བཞིན་པ་རེད་་་་་

  17. རིག་པའི་བུ says:
    2013-03-23 at 11:42 am

    རྐང་པ་ལ་བདག་པོ་རྒྱོབ། ནད་ཚ་སངས་སོང་མཚམས་མུ་མཐུད་དུ་གོམ་བགྲོད་གནང་རྒྱུ་ལས་ཨུ་ཚུགས་ཀྱིས་མི་ཕེབས་པ་ཞུ།

  18. ལྷོ་ཕྱོགས་རྒྱ་མཚོ། says:
    2013-03-23 at 11:46 am

    ཕ་བཟང་བུ་སེམས་ཤུགས་ནམ་ཡང་མ་ཆག་ཨ། བཙན་བྱོལ་ནང་གི་ངོ་གཉིས་ཌ་རུ་འདྲ་བོ་དེ་ཚོས་ཅི་བཤད་ཅི་ཡོད། བུད་མེད་དང་གཞོན་ནུས་རོགས་མི་བྱེད་པ་གཏན་གཏན་ཁོང་ཚོར་ཁེ་སྤོབས་གང་ཡང་མེད་པས་རེད་གསུངས་པ་བདེན། དཔའ་བོ་ཁྱེད་ཀྱིས་རྗེས་སུ་བྱ་བ་ལེགས་གྲུབ་དང་གྲུབ་འབྲས་གྱ་ནོམ་པ་ཞིག་བྱུང་ཚེ་ཁོང་ཚོས་འཚང་ཁ་ཤིག་ཤིག་གིས་གཡས་བསྐྱོར་དང་གཡོན་བསྐྱོར་བྱེད་ངེས། དེ་དུས་བྱ་ཆུང་དེ་ཚོ་ཕྱི་དྲགས་པ་རེད།

  19. བོད།ཤ་ཁྲག་རུས་གསུམ། says:
    2013-03-23 at 12:52 pm

    ཚང་མའི་ཐུགས་ཁུར་གནང་བ་བཀའ་དྲིན་ཆེ། ཆུ་ཤུ་ཁ་ཤས་ཤིག་ཙམ་རེད་ལགས།

  20. བན་དེ་བ། says:
    2013-03-23 at 1:29 pm

    ཀློག་དགོས་པ་དང་ཐུགས་སྣང་དགོས་པའི་སྔོན་བརྡ། ལྡི་ལི་ཉེན་རྟོག་པས་གསར་བསྒྲགས་བྱས་པའི་གལ་ཆེ་བའི་གནས་ཚུལ་ཞིག་ནི། frooti ཧྥུ་ཊྲི་རིགས་སུ་གཏོགས་པའི་ཤིང་འབྲས་ཀྱི་མངར་ཆུ་རྣམས་ཉུང་མཐའ་ལ་ཉིན་གྲངས་ཉེར་ལྔའི་རིང་མ་འཐུང་རོགས་གནང་། གང་ཡིན་ཟེར་ན་བཟོ་གྲྭ་དེའི་ལས་མི་གཉེན་ནད་རེག་དུག་ཅན་ཞིག་གིས་ཁོ་རང་གིས་ནད་ཁྲག་ཤིང་འབྲས་ཁུ་བ་དེའི་ནང་བླུགས་ཡོད་པའི་གནས་ཚུལ་འདུག NDTV ལ་གཟིགས་རོགས། འདི་ནི་ཛ་དྲག་གི་གནས་ཚུལ་ཞིག་ཡིན་པས་ཀུན་ལ་སྤེལ་རོགས་གནང་། READ AND FORWARD; ALERT!! Important msg from Delhi police to all over India For the next few days atleast 25 days do not drink any product of Frooti,as a worker from the company has added his blood contaminated with AIDS. watch NDTV…Pls frwrd this msg urgently to every one you care.

  21. མེ་ཏོག་དཀར་པོ says:
    2013-03-23 at 2:02 pm

    བན་དེས་གནས་ཚུལ་སྤ྄ེལ་བར་ཐུགས་རྗེ་ཆེ

  22. ཡུལ་གྱར་བ། says:
    2013-03-23 at 2:07 pm

    གླིང་ཚ་ལགས་ཁྱེད་ཀྱི་ལས་འགུལ་ལ་སྔགས་བརྗོད་དང་རྗེས་སུ་ཡིད་རང་ཡོད།

  23. བན་དེ་བ། says:
    2013-03-23 at 2:11 pm

    ཁ་བརྡའི་དྲ་འབུ་རྣམས་གཟབ་ན་མ་གཏོགས་སྲི་་འབུ་སྟོབས་ཆེན་དེ་རིགས་ཀྱིས་འབུ་རིགས་ཅི་ཞིག་ཡིན་ཀྱང་འཇོམ་ཉེན་འདུག་ཟེར།

  24. འཇམ་གཅེས says:
    2013-03-23 at 11:33 pm

    རྒྱལ་བའི་སྲས་དང་བྱང་ཆུབ་སེམས་དཔའ་ཞེས། །
    མཚན་གྱི་སྙན་པ་ཁྱེད་ལ་མེད་ན་ཡང་། །
    གཞན་དོན་འཁུར་འཁྱེར་སེམས་མཆོག་རིན་ཆེནདེ། །
    བྱང་ཆུབ་སེམས་མཆོག་མིན་ན་གང་ཞིག་ཡིན། །

    གཞན་གྱིས་མི་འདོད་སྨོད་བསྡིགས་གང་བྱས་ཀྱང་། །
    ཞིབ་འཇམ་ངག་གིས་ལམ་ནས་གསལ་བཀྲོལ་གནང་། །
    གནས་ལུགས་ངོ་སྤྲོད་ལྷན་དུ་ལྟ་གྲུབ་བསྩལ། །
    ཁྱེད་ནི་རྣམ་དཔྱོད་ཡངས་པའི་སྐྱེས་ཆེན་ཞིག །

    གཅེས་པའི་བུ་དང་ཆུང་མ་ཕ་མ་དང་། །
    གྲོགས་དང་མཛའ་བཤེས་འཁོར་དང་ལོངས་སྤྱོད་སོགས། །
    གང་ལ་མ་ཆགས་ཡོད་ཚད་བློས་བཏང་མཁན། །
    བྱ་བཏང་མིན་པའི་སྐྱེས་བུ་ཁྱེད་མིན་སུ། །

    ཁྱེད་ནི་སྐྱེ་ཤིང་སྐྱེ་བ་ཐམས་ཅད་དུ། །
    འཕགས་མཆོག་ཕྱག་ན་པདྨོས་རྟག་བསྐྱང་ནས། །
    ནམ་ཡང་གཞན་དོན་ཁུར་འཁྱེའི་སེམས་མཆོག་ལས། །
    སྐད་ཅིག་ཙམ་ཡང་འབྲལ་བ་མ་གྱུར་ཅིག །

    གླིང་ཚ་ཚེ་བརྟན་རྡོ་རྗེ་གང་དེར་རིགས་ཀྱི་གྲ་མཐར་འཁོད་པའི་འཇམ་གཅེས་མིང་ཅན་ནས་
    སྟོང་ལོ13 ཟླ 3ཚེས24ཉིན་ཕུལ།

  25. མདའ་མོ་བ། says:
    2013-03-24 at 7:00 am

    ཁ་དྲོ་རྒྱུའོ། ། བཀྲ་ཤིས་རྒྱུའོ། །

  26. ལོ་མ་ལྗང་ཁུ says:
    2013-03-24 at 11:50 am

    ལུག་རྫི་སྤེན་པའི་སྒྲུང་དེ་ཡང་སྐྱར་དྲན་བྱུང་། སྤྱང་ཀི་མི་ཡོང་ན་ཡོང་སྐད་བཤད་། སྤྱང་ཀི་ཡོང་དུས་རོགས་པ་མེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme