Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླིང་ཚ་ཚེ་བརྟན་རྡོ་རྗེ་དང་རྒྱ་མིའི་རྒྱལ་དར།

Posted on 2013-03-042013-03-04 By ཁ་བརྡ་ 13 Comments on གླིང་ཚ་ཚེ་བརྟན་རྡོ་རྗེ་དང་རྒྱ་མིའི་རྒྱལ་དར།

པཀྵི།

ན་ནིང་གསུམ་བཅུའི་དུས་དྲན་སྐབས་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཞི་བའི་གོམ་བགྲོད་ཀྱི་འགོ་བཙུགས་མ་ཐག་གཞོན་ནུ་གཙོས་པའི་ཚོགས་པ་སྐྱིད་སྡུག་མང་པོ་ཞིག་གིས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བསྟན་སོང་མོད། བར་སྐབས་ཤིག་ནས་ཁོང་གིས་རྒྱ་མིའི་རྒྱལ་དར་མཉམ་ཁྱེར་གནང་བ་ལ་བརྟེན་ནས། གཞོན་ནུ་སོགས་ཚོགས་པ་ཁག་དང་མི་སྒེར་བ་མང་པོ་ཞིག་གིས་རྒྱབ་སྐྱོར་གྱི་རྣམ་པ་ཕྱིར་འཐེན་བྱས་པ་མ་ཟད། དངོས་ཤུགས་བརྒྱུད་གསུམ་ནས་ངོ་རྒོལ་གནང་དང་གནང་མུས་སུ་མཆིས། ང་ཚོ་ཚང་མར་ཆ་རྒྱུས་ཡོད་པ་ལྟར་གཞོན་ནུ་ཚོགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ནི་རང་བཙན་གཙང་མ་རེད། རང་བཙན་གཙང་མ་རྩོད་མཁན་ཞིག་གི་ངོས་ནས་བལྟས་ན། རྒྱ་མིའི་རྒྱལ་དར་འཁྱེར་བ་ནི་མགོ་འདོགས་རང་ཡིན་པས་དེ་ལ་ངོ་རྒོལ་བྱེད་སྲིད་པ་ཞིག་རེད། དར་དམར་འཕྱར་བ་ནི་དར་དམར་འོག་ནས་འདུག་རྒྱུའི་བརྡ་རྟགས་ཡིན་པས་དོན་གྱིས་རང་བཙན་མི་དགོས་ཟེར་བ་རེད། དེར་བརྟེན་གཞོན་ནུའི་ངོ་རྒོལ་ནི་ཧ་གོ་དོན་རྟོགས་བྱེད་ཐུབ་པ་ཞིག་རེད།

ཡ་མཚན་པ་ཞིག་ལ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོས་ཀྱང་དེ་ལྟར་ངོ་རྒོལ་གནང་གི་འདུག དེ་ནི་ཁྱད་མཚར་རེད། དབུ་མའི་ལམ་ཟེར་ན་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་རྒྱ་འོག་ནས་འདུག་རྒྱུར་མོས་མཐུན་བྱེད་རྒྱུ་དེ་མ་ཡིན་ནམ། དེ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེ་རེད། ད་ལྟའི་ཧོང་ཀོང་དང་ཆ་ཧ་ཅང་འདྲ་བའི་ཚད་མཐོའི་རང་སྐྱོང་ཞིག་འཐོབ་རྒྱུ་དེ་རེད། ལོ་རྒྱུས་ལ་མི་བལྟ་ཞིང་ལོ་རྒྱུས་མི་གླེང་བར་བོད་ཀྱི་གནད་དོན་ཐག་གཅོད་གནང་རྒྱུ་ནི་བཙན་བྱོལ་སྒྲིག་འཛུགས་ཀྱི་ད་ལྟའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེ་མ་ཡིན་ནམ། ནམ་ཞིག་ང་ཚོས་ལོ་རྒྱུས་རྒྱབ་ཏུ་བསྐྱུར་ཏེ་དབུ་མའི་ལམ་གྱི་སྙིང་པོ། ད་ལྟའི་རྒྱ་མིའི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ནས་རང་སྐྱོང་གཙང་མ་ཞིག་ལ་མཚན་རྟགས་བཀོད་པའི་ཉིན་མོ་དེ་ནས་བཟུང་། ང་ཚོས་འདོད་ཀྱང་རུང་མི་འདོད་ཀྱང་རུང་རྒྱ་མིའི་རྒྱལ་དར་འཕྱར་རྒྱུར་མོས་མཐུན་བྱས་པ་རེད། དར་དམར་འོག་ནས་འདུག་རྒྱུར་འཐད་པ་བྱུང་བ་རེད། འདི་ནི་ཚེ་བརྟན་རྡོ་རྗེ་སོགས་དབུ་མ་བ་རྣམས་ཀྱི་མངོན་འདོད་དེ་ཡིན་དགོས་པ་དབུ་མའི་ལམ་རང་ངོས་ནས་ཁ་གྲགས་ཡོད་པ་སྟེ། དབུ་མའི་ལམ་གྱིས་ང་ཚོ་རྒྱ་མིའི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ནས་སྡོད་རྒྱུར་སྐད་གསེང་མཐོན་པོས་རང་མོས་བྱས་པ་མ་ཡིན་ནམ། ཡང་ན་ཁྱེད་ཀྱིས་རྒྱ་ཁོངས་སུ་སྡོད་རྒྱུར་མོས་མཐུན་བྱས་ཏེ། རྒྱ་དར་འོག་ནས་འདུག་རྒྱུར་ངོ་རྒོལ་བྱེད་རྒྱུ་ཡིན་ནམ། དགོད་བྲོ་བོ་རེད། ཁྱི་ཤ་ཟོས་ནས་ཁྱི་མགོ་མཐོང་མི་འདོད་པ་ཁྱད་མཚར་མ་ཡིན་ནམ།
གལ་ཏེ་ཁྱེད་རང་རྒྱ་དར་འོག་ནས་སྡོད་འདོད་མེད་ན་དབུ་མའི་ལམ་ཁྱེད་ཀྱི་ཆབ་སྲིད་ཀྱི་ལམ་ཁ་དེ་མ་རེད། ཡང་གལ་ཏེ་ཁྱེད་ཀྱི་ཆབ་སྲིད་ཀྱི་ལམ་ཁ་དེ་དབུ་མའི་ལམ་མམ་ཚད་མཐོའི་རང་སྐྱོང་དུ་ཐག་ཆོད་སོང་ན། དེ་ནས་རྒྱ་དར་འཕྱར་རྒྱུར་ངོ་རྒོལ་བྱེད་རྒྱུ་ཡོད་པ་མ་རེད། ནམ་ཞིག་གི་ཚེ་ན་རྒྱ་དར་དེ་ང་ཚོའི་རང་སྐྱོང་སྲིད་གཞུང་གི་ཡང་སྟེང་ནས་བསླང་དགོས་ཐུག་གི་རེད།

ཡ་མཚན་པ་ཞིག་ལ་ཟམ་གདོང་རིན་པོ་ཆེས་ཀྱང་རྒྱ་དར་འཕྱར་བར་བཏང་སྙོམས་མཛད་འདུག ཚང་མས་མཁྱེན་གསལ་ལྟར་ཁོང་གིས་བཀའ་བློན་ཁྲི་བ་གནང་སྐབས་སུ་དབུ་མའི་ལམ་ལ་རྐྱོང་སྐུམ་དང་དྲས་གཏུབ་མང་པོ་གནངས་ནས་ཚད་མཐོའི་རང་སྐྱོང་ཟེར་བ་དེ་ཆགས་པ་རེད། རྒྱ་མིའི་ད་ལྟའི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ནས་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཐོབ་ན་འགྲིག་པར་ཁས་ལེན་བྱས་པ་རེད། རྒྱ་མིའི་རྩ་ཁྲིམས་འོག་ནས་སྡོད་རྒྱུར་ཁས་བླངས་དམ་བཅས་པའི་མི་ཚད་ཡིག་ཆ་དང་བཅས་པ་རྒྱ་མིའི་ལག་པར་སྤྲད་ཟིན་མོད། ཁོང་གིས་རྒྱ་དར་འཕྱར་རྒྱུར་བཏང་སྙོམས་མཛད་པ་ནི་ཆབ་སྲིད་པའི་མགོ་བདེ་དྲན་འཕྲུལ་རང་ཡིན་ཏེ།ད་ལྟའི་རྒྱ་མིའི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ནས་སྡོད་རྒྱུར་ཁས་བླངས་ནས། ད་ལྟའི་རྒྱ་དར་འོག་ནས་སྡོད་རྒྱུར་ལན་མེད་བཏང་སྙོམས་མཛད་པ་ནི་ནང་འགལ་མ་ཡིན་ནམ།

མཐའ་དོན་ཞུ་རྒྱུ་ནི། ༧རྒྱལ་བའི་དགོངས་པ་ཡིན་པས་འགལ་བསྐྱུར་མ་ཐུབ་པའི་དབུ་མ་དང་། དམར་པོ་ཁྲག་གིས་བསྒོས་པས་མཐོང་མི་འདོད་པའི་རྒྱ་དར་གཉིས་ཀྱི་བར་ན། དུང་ཞེན་དང་དངོས་ཡོད་ཚ་གྲང་བཞིན་འཐབ་ཀྱིན་པས། ཡོད་ཚད་འགལ་བ་ལྟག་སྤྲོད་ཀྱི་ཀློང་ན་མགོ་བོ་འགལ་མེ་ལྟར་འཁོར་བའི་དབུ་མ་བར་ཁས་འཆེས་པ་དག་གིས། ༧རྒྱལ་བའི་དགོངས་པ་ཡིན་པ་ཙམ་གྱིས་དབུ་མ་ཁས་བླངས་པ་ཙམ་མ་ཡིན་པར། དབུ་མའི་ལམ་གྱི་སྦྱོར་དངོས་མཇུག་གསུམ་དང་དགོས་པ་རྒྱུ་མཚན་དག་ལ་ངེས་ཤེས་ཟབ་མོ་འདྲོངས་པའི་སྒོ་ནས་རང་གི་ཆབ་སྲིད་ཀྱི་ཁ་ཕྱོགས་དེ་འདེམས་སྒྲུག་བྱེད་དགོས་པ་ལས། དབང་རྟུལ་དད་པའི་རྗེས་འབྲངས་ལྟར་བྱས་ན་དད་པ་དང་དངོས་ཡོད་བར་གྱི་འགལ་བ་དེས་རང་ཉིད་སྡུག་ལ་སྦྱོར་བ་ལས་ཅི་ཡང་མེད་པས། གལ་ཏེ་དཔའ་བོ་བྱེད་འདོད་ན་འཆི་བར་སྐྲག་མི་རུང་ཟེར་བ་ནི་ངས་འདིར་བཤད་པའི་སྙིང་དོན་དེ་ཡིན་ནོ།།

སྣ་ཚོགས།

Post navigation

Previous Post: དྲན་དབང་ཡོངས་ཀྱི་གཙུག་ནོར་ཁྱེད་མིན་སུ།
Next Post: ད་ལྟའི་དུས་ཚོད་འདི་བོད་ཕྱི་ནང་གཉིས་སུ་བོད་མི་ཚོར་ཆེས་གཉན་འཕྲེང་གི་དུས་ཤིག་ཡིན་ཟེར།

Comments (13) on “གླིང་ཚ་ཚེ་བརྟན་རྡོ་རྗེ་དང་རྒྱ་མིའི་རྒྱལ་དར།”

  1. ཐུ་བ་རྒྱ་མཚོ། says:
    2013-03-04 at 11:22 am

    དཀར་ནག་གི་དབྱེ་འབྱེད་མ་ཤེས་པའི་པཀྴི་མིང་ཅན་ནས་རྒྱུགས་པ་ལེབ་བརྡུང་གི་བྱ་སྤྱོད་འདི་ཅུང་ཐལ་དྲག་པ་རེད། གླིང་ཚ་དང་ཤར་ཁུག་གཉིས་ཀྱིས་ལངས་ཕྱོགས་དར་དམར་འཕྱར་འདོད་ཀྱི་བསམ་ཚུལ་དེ་དབུ་ལམ་པ་ཡོངས་ཀྱི་མགོ་ལ་གཡོག་བསམ་བཅིངས་ཏེ་ཟུར་ཟའི་ཚིག་མཚོན་བཏབས་པ་ནི་རྩིག་ངོས་སུ་སྲན་རིལ་འཕང་པ་བཞིན་ཡིན་པས་དོན་གྱི་གནད་ལ་ཟུག་ཐུབ་གི་མ་རེད།

    ཉ་ཉུང་མཉམ་བསྲེས་དང་སྤྱི་སྒེར་དབྱེ་མེད་ཀྱི་བཤད་ཚུལ་དེ་ཚོ་ནི་ག་དུས་ཡིན་ཡང་བོད་དོན་ལ་སེམས་འཚབ་ཡོད་པའི་རྣམ་པ་ཞིག་ལ་འགྱུར་དཀའ་གི་རེད། དབུ་མའི་ལྟ་གྲུབ་དང་གླིང་ཚའི་བྱ་སྤྱོད་གཉིས་ངོ་བོ་གཅིག་མིན་པ་དང་། དབུ་མའི་དམིགས་ཡུལ་བོད་ས་ཧྲིལ་པོར་རང་སྐྱོང་གཅིག་གྱུར་ཐོབ་རྒྱུ་དེ་ཡིན་ན་ཡང་། དར་དམར་ སྔོན་ལ་འཕྱུར་རྒྱུ་དེ་རྩ་བ་ནས་མིན། འོ་ན་རང་སྐྱོང་ཐོབ་མཚམས་དར་དམར་འོག་སྡོད་དགོས་པ་མིན་ནམ་ཞེ་ན་སྡོད་ཀི་ཡིན། ཡིན་ན་ཡང་ད་ལྟ་དར་དམར་འོག་སྡོད་ཀྱིན་མིན་ལ་དར་དམར་འཕྱར་གི་ཡང་མིན།

    མི་ཞིག་གིས་ང་ལ་ཁྱེད་ཀྱིས་རང་གི་བུ་མོར་གྱོན་གོས་གཡོགས་གི་མིན་ནམ་ཞེ་དྲིས་ན་ལས་དུ་གཡོགས་གི་ཡིན། གཡོགས་དང་གཡོགས། གཡོགས་ན་ཡང་ད་ལྟ་གཡོགས་གི་མིན་ལ་ཉོ་གི་ཡང་མིན། གང་ཡིན་ཟེར་ན།ད་ལྟ་ང་ཆང་ས་བརྒྱབས་མེད་ལ་སྐྱེ་མེད་ཡང་མེད། རྗེས་སུ་ཆང་ས་བརྒྱབས་པ་དང་ཕྲུ་གུ་སྐྱེས་ཉིན་གྱི་དུས་སྐབས་དེར་གྱོན་གོས་གཡོགས་དགོས་པའི་མ་ཚད། གྱོན་ཆས་གང་ཡག་ཡག་ཅིག་ཉོས་ནས་བུ་མོར་གཡོགས་གི་ཡིན། ཞེས་ལན་འདེབས་ངེས་ཡིན། དཔེ་མཚོན་འདིས་ག་རེ་ཤོད་པ་རེད་ཟེར་ན། བྱ་དངོས་གང་ཞིག་ བྱ་དངོས་དེ་དང་བྱ་དངོས་དེའི་འབྲས་བུ་གཉིས་ལ་བརྒྱུད་དགོས་པའི་གོ་རིམ་ངེས་ཅན་ཞིག་ཡོད་པ་བསྟན་ཡོད་པ་རེད།

    དབུ་མའི་ལམ་དང་། རང་སྐྱོང་། དར་དམར་གསུམ་ཡང་དེ་ནང་བཞིན་རེད། གོ་རིམ་ཡོད་པ་རེད། གོ་རིམ་དེ་རིམ་པ་བཞིན་བརྒྱུད་ནས་ཡོང་དགོས་པ་ཅིག་དང་། རིམ་པ་བཞིན་མ་བརྒྱུད་ན་ཡོང་མི་ཐུབ་པ་ཅིག་རེད། གལ་སྲིད་གོ་རིམ་དེ་ལྡོག་ནས་ལས་ཀ་བྱས་ན་འབྲས་བུ་ཡང་ལྡོག་ནས་ཐོན་པ་ཅིག་རེད། མ་གཞི་འབྲས་བུ་སྔོན་ལ་བྱུང་བ་ཅིག་འཇིག་རྟེན་ན་མི་སྲིད་པ་རེད། འགྲོ་སྟངས་དེ་ཚན་རིག་དང་མཐུན་པ་ཅིག་དང་། ལས་འབྲས་དང་མཐུན་པ་ཅིག་ཡང་རེད།

    གོ་རིམ་འདི་དང་འགལ་ནས་དབུ་མ་རྩོད་ན་ཡང་འདྲ་། རང་སྐྱོང་རྩོད་ན་ཡང་འདྲ། རང་བཙན་རྩོད་ན་ཡང་འདྲ། རྐང་ལྷམ་མགོ་ལ་གཡོགས་མི་རུང་བའི་ལས་ཀ་ཅིག་རེད།

  2. སྤྲུལ་སྐུ་དབང་ཆེན། says:
    2013-03-04 at 1:15 pm

    པཀྵིས་གསུང་པ་ལ་མངོན་པར་བསྟོད། བདེན་གཏམ་ཡང་དག་པ་ཞིག་ལ་ངོས་འཛིན་ཞུས་ཡོད།

  3. ངག་དབང says:
    2013-03-04 at 2:06 pm

    ༄། བོད་ཀྱི་སེམས་པ་ཆེན་པོ་གླིང་ཚ་ལགས། དངོས་གནས་ཁྱེད་ཀྱི་བོད་སྤྱི་ལ་དགོངས་ནས་ཕལ་ཆེར་རྒྱ་རོའི་དར་དམར་མི་འཕྱར་རྒྱུ་འདྲ། ཁྱེད་ནི་གང་ཅན་པའི་ལོ་རྒྱུས་ཀྱི་དྲན་རྟེན། ཁྱེད་རེ་བ་དང་བསམ་དོན་འགྲུབ་པར་གྱར་ཅིག་གུ།

  4. ངག་དབང says:
    2013-03-04 at 2:18 pm

    པཀྴིའི་གསུངས་པ་དེ་བདེན་ནོ་ནོ་ནོ་ནོ་ནོ

  5. འཇིགས་མེད་ཐོས་པ་རང་གྲོལ། says:
    2013-03-04 at 3:10 pm

    ད་ཡིན་ན་དངོས་གནས་མགོ་ན་སོང་། ཨ་རག་ཞིམ་པོ་ཞིག་བཏུངས་ནས་ཅིག་ཉལ་ན་དགའ་ས་རེད་དོ།། གཅིག་ལ་དད་པ་གལ་ཆེ། གཅིག་ལ་རྒྱལ་ཁབ་གལ་ཆེ།

  6. རིན་ཆེན། says:
    2013-03-05 at 12:44 am

    དར་དམར་འཁྱེར་བ་དེས་དབུ་མའི་ལམ་མཚོན་པའམ་ཚད་མཐོའི་རང་སྐྱོང་སྟོན་གི་ཡོད་ཙང་ལམ་དབུ་མ་འདོད་པའི་ལུགས་ལ་དགག་བྱ་མེད་པར་མིད་པ་སྐམ་སྐམ་པར་འགྲེལ་བཤད་བསྐྱོན་གིན་འདུག འོ་ན། ལམ་དབུ་མའི་རྗེས་འབྲང་ཁུལ་གྱི་མི་བུ་རྣམས་ཀྱིས་གླིང་ཚས་གངས་སེང་དར་ཆ་འཁྱེར་བར་འགྲེལ་བཤད་ཇི་ལྟར་རྒྱག་རྩིས་ཡོད།

  7. བོད། ཤ་ཁྲག་རུས་གསུམ། says:
    2013-03-05 at 11:23 am

    དེ་རིང་དྲ་ཐོག་གི་བོད་རིགས་སྤུན་ཟླ་ཚོས་༧གོང་ས་མཆོག་གི་བཀའ་སློབ་འདི་ལ་བསྐྱར་དུ་བསམ་གཞིགས་ཤིག་གནོང་དང་།

    བར་ལམ་བོད་མི་ནང་ཁུལ་འཁྲུག་རྩོད་དང་གསོད་རེས་བྱེད་པ་སོགས་ཀྱི་ཚུལ་མིན་གནས་ཚུལ་མང་དུ་འགྲོ་གི་ཡོད་ཚུལ་ཐོས་པ་དེ་ནི་ཧ་ཅང་ཐབས་སྡུག་དང་བོད་མིའི་ཞབས་འདྲེན་ཡིན། དངོས་ནས་བྱས་ན་བོད་མིའི་གཞི་རྩའི་ཤེས་ཡོན་དང་། དཔལ་འབྱོར་ཡག་ཏུ་ཕྱིན་ཡོད་སྟབས། འདོད་རྔམས་ཆུང་དུ་འགྲོ་དགོས་པ་ཡིན་ཀྱང་། དེ་ལས་ལྡོག་སྟེ་སྡུག་ཏུ་ཕྱིན་ན་འབྱུང་འགྱུར་གྱི་གནས་སྟངས་གང་འདྲ་ཞིག་ཆགས་ཡོང་སྙམ་ཞིང་། ངོས་རང་མི་སྒེར་གཅིག་ཡིན་ཀྱང་། ད་ལྟ་ངས་བོད་སྤྱི་བའི་འགན་འཁྱེར་ཏེ་ཡོད། ངོས་ལོ་ན་རྒས་པའི་སྐབས་སུ་བོད་མིའི་བཟང་སྤྱོད་དང་མཚན་མཐོང་ལ་རྒྱ་ཞན་དུ་བྱིན་ན་ངོས་རང་བསྡད་མ་བསྡད་ཁྱད་པར་མི་འདུག་སྙམ་པ་སྐབས་རེར་དྲན་གྱི་འདུག།ད་ལྟ་བར་དུ་ཕྱོགས་ཚང་མས་རེ་བ་བརྒྱབས་པ་ལྟར་ཧུར་ཐག་བྱས་ཡོད། བོད་ཕྱི་ནང་ཚང་མས་གདུང་ཤུགས་གཅིག་བསྒྲིལ་གྱིས་འབད་བརྩོན་བྱས་ན་བསྟན་སྲིད་སྤྱི་ལ་ཕན་ཐོག་ཡོང་རྒྱུར་བརྟེན། དེ་ལྟར་རེ་བ་དང་ཡིད་ཆེས་བཅས་ཀྱིས་སྨོན་ལམ་ཚུན་བརྒྱབ་སྟེ་འབད་བརྩོན་བྱེད་ཀྱི་ཡོད།

    ༢༠༠༦།༡།༩དཔལ་ལྡན་འབྲས་སྤུངས་མཆོད་དུ་༧གོང་ས་མཆོག་གིས།

    བོད་རྒྱ་ཆེའི་སེར་སྐྱ་མང་ཚོགས་དམ་ཚིག་མཐུན་པོ་དགོས་པ་ཡིན། དེ་ཡང་ཆོས་སྐད་ནས་བཤད་ན་དམ་ཚིག་ལ་རྒྱ་དང་། འཇིག་རྟེན་ཕལ་སྐད་ལ་བཤད་ན་མཐུན་སྒྲིལ་གོང་བུ་གཅིག་གྱུར་དགོས་རྒྱུ་གལ་ཆེན་པོ་ཡིན། བོད་ཆོལ་ཁ་གསུམ་ཞེས་པ་འདི་ཆིག་སྒྲིལ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ཚང་མས་ཤེས་གསལ་ལྟར་ད་ལྟ་བཙན་བྱོལ་གནས་སྐབས་ལ་གལ་ཆེན་པོ་ཡིན་པ་མ་ཟད། ཕྱིན་ཆད་ཆོས་སྲིད་གཉིས་ལྡན་གྱི་བོད་རང་དབང་བྱུང་སྐབས་དེ་བས་ཀྱང་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་ཆིག་སྒྲིལ་མ་བྱུང་ན་ང་ཚོའི་ནུས་པ་སིལ་བུར་འགྲོ་རྒྱུའི་ཉེན་ཁ་ཡོད། བོད་རྒྱ་ཆེའི་མི་མང་ནས་དམ་ཚིག་གོང་བུ་ཆིག་སྒྲིལ་བྱས་ཏེ་སྤྱིའི་གཞུང་ལམ་དུ་ཤར་བགྲོད་བྱེད་པ་དང་གཅིག ལས་བྱེད་པ་རྣམས་ནས་སྤྱི་དོན་བསྒྲུབ་བྱ་གཟི་འོད་ལྡན་པའི་ལམ་ཕྱོགས་འདིའི་ཐོག་དཀའ་ངལ་དང་འགལ་རྐྱེན་ཇི་ཙམ་འཕྲད་ཀྱང་དཀའ་ངལ་བཟོད་ཅིང་འགལ་རྐྱེན་སེལ་ཐུབ་པ་དང་གཉིས། ང་རང་གི་ངོས་ནས་བོད་རྒྱ་ཆེའི་མི་མང་དང་། སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ཕྲན་བུ་ལས་མ་བྱུང་རུང་༧རྒྱལ་བ་རིན་པོ་ཆེས་མིང་དོན་མཚུངས་པའི་ཧུར་ཐག་བྱེད་ཐུབ་པ་དང་གསུམ་བཅས་རྟེན་འབྲེལ་ལེགས་པར་འཛོམས་པ་བྱུང་ན། ངའི་མི་ཚེ་ལ་འགལ་རྐྱེན་མི་ཡོང་བ་ཡིད་ཆེས་དང་གདེང་འཁེལ་ཏེ་ཡོད་ཅེས་ཆ་རྐྱེན་དང་སྤྲགས་ནས་བཀའ་སླེབས་འདི་ཕེབས་འདུག

    ༡༧།༣།༡༩༦༥བཞུགས་སྒར་དུ་སྒྲོལ་དཀར་གྱི་ཚེ་དབང་སྩོལ་སྐབས་ཤིག་ལ།

    ང་ལ་བཟང་གི་ཟེར་ནས་མཐེ་མོང་བསྒྲེང་ཀྱང་དགའ་དོན་མེད་ལ། ང་ལ་ངན་གི་ཟེར་ནས་སྡུག་དམོད་བྱས་ཀྱང་འཕོག་དོན་མེད་ལགས། གཙོ་བོ་དེ་ནི་ངའི་ཞི་བའི་འཐབ་རྩོད་འདི་རྒྱུད་དེ་བོད་མིའི་བདེན་དོན་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་བྱེད་ཆེད། ཞི་བའི་མེ་ལྕེ་དེ་དག་གི་ཁ་ཆེམས་ཁུར་ནས་བོད་མི་རིགས་ལ་སྲི་ཞུ་ཐུབ་ཙམ་ཞིག་དང་དམིགས་དཔེ་རྟ་རྔ་ཙམ་ཞིག་ཞོག་སོང་བ་ཡིན་ན་དེ་གས་ཚིམས་པ་ཡིན་ན། ངའི་མིང་ཁུར་ནས་སྤྱི་སྒེར་སུས་ཀྱང་བོད་མིའི་ནང་ཁུལ་དུ་དགོས་མེད་ཀྱི་རྙོག་དྲ་མི་བཟོ་བ་མཁྱེན་མཁྱེན་མཁྱེན་ཞུ་རྒྱུ་ཡིན་ལགས།

  8. གདོང་དམར་བ་ says:
    2013-03-05 at 12:19 pm

    རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་དགོས་པ་དང་བོད་མི་ལ་རང་དབང་དགོས་པ་ནི་བོད་མི་རང་ལུས་མེར་བསྲེེགས་གཏོང་ཁན་ཚང་མའི་ཁ་འཆིམ་ཡིན། ང་ཚོས་གང་ཐུབ་ཀྱི་ཐབས་ཤེས་བྱེད་དགོས་པ་ལས། བོད་པའི་ཐབས་རྩོད་ཀྱི་གཞི་ཞི་བའི་ལམ་ཡིན་ཞིང་དེར་རྒྱའི་དར་ཆ་འཁྱེར་དགོས་དོན་གང་ཡང་མེད། ི

  9. ལོ་མ་ལྗང་ཁུ says:
    2013-03-05 at 9:41 pm

    ༼དེ་ནི་ཁྱད་མཚར་རེད། དབུ་མའི་ལམ་ཟེར་ན་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་རྒྱ་འོག་ནས་འདུག་རྒྱུར་མོས་མཐུན་བྱེད་རྒྱུ་དེ་མ་ཡིན་ནམ་།༽ ཟེར་བ་དེ་ཁོ་བོས་་དབུ་མ་ལམ་མ་ཤེས་བའི་སྐྱོན་རེད་། དབུ་མས་རྒྱ་ལ་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་ཚད་མཐོའི་རང་སྲིད་རད་སྐྱོང་སྤྲེད་རྗེས་ང་ཚོ་རྒྱའི་དར་དམར་འོག་ནས་འདུག་ཟེར་བ་ལས་དེ་རིང་ནས་དར་ཆ་ཤར་ནས་འགྲོ་ཡི་ཡིན་ཟེར་བ་མ་རེད་། དེའི་ཕྱིར་། ཐུ་བས་བཤད་པ་བདེ་པ་རེད་དོ་།

  10. གདོང་དམར་བ་ says:
    2013-03-06 at 1:03 am

    ཚང་མས་ངེས་དགོས་རྒྱུ་ལ་གོང་ལ་གདོང་དམར་བ་ཟེར་བ་ཞིག་སླེབས་འདུག་པ་དེ་ངའི་དྲ་མིང་རྐུ་མཁན་ཞིག་ཡིན་པ་ལས་ནམ་རྒྱུན་ཁ་བརྡ་དྲ་བའི་གདོང་དམར་བ་དེ་མ་ཡིན་པར་ངེས་དགོས་ལ། དྲ་བདག་ལགས་ཀྱིས་རྩད་གཅོད་གནང་རོགས།

  11. གདོང་དམར་བ་ says:
    2013-03-06 at 2:42 am

    བོད་གངས་ཅན་གྱི་ནང་ལ་གདོང་དམར་ཤ་དག་ཡིན་པ་ལས་ཁྱིད་གཅིག་པུ་མིན་མ་ཟད་གདོང་དམར་ཁྱོད་རང་གི་མིང་རྐུས་ཚར་བ་རེད་ ད་ནི་གདོང་དམར་བ་ང་རྟེན་སྡོད་བྱིས་པ་ཡིན་ང་དྲྭ་བ་འདེའི་ནང་གསར་པ་འཛུལ་ཞུགས་བྱས་པ་ཡིན།

  12. རྟ་བདུན་དབང་བོ་ནས། says:
    2013-03-06 at 2:54 am

    སྤྱིར་དབུ་མའི་ལམ་ལ་བསམ་བློ་བཏངས་ན་རྒྱ་ནག་གི་རྒྱལ་དར་འཕྱར་རུང་འགལ་བ་ཡོད་པ་མཐོང་མ་སོང་། འོན་ཀྱང་གུང་ཁྲན་ཏང་གིས་བོད་མི་མང་བོ་དམར་གསོད་བཏངས་པ་དང་སྡུག་སྦྱོང་མནར་སྤྱོད་ཚད་མེད་བཏངས་པའི་སྐྱོན་གྱིས་བོད་མི་ཡོངས་རྫོགས་ཀྱི་སེམས་ལ་རྨ་ཁ་ཆེན་པོ་གསོ་མི་ཐུབ་པ་ཞིག་བཟོས་ཡོད་སྟབས། རྒྱ་ནག་གི་རྒྱལ་དར་ངེས་པར་དུ་འཕྱར་མི་རུང་། དེ་འཁྱེར་ན་བོད་མི་མང་བོ་ཞིག་གི་སེམས་ལ་ཕོགས་རྒྱུ་ཡིན་པ་ཞུ་ག་ལ་དགོས། རྒྱ་ནག་གི་རྒྱལ་དར་དེ་ངེས་པར་དུ་དོར་བར་རིགས་སོ།།

  13. བོད་ལ་ཞེན། says:
    2013-03-06 at 10:56 pm

    ༧གོང་ས་མཆོག་གིས་གསུངས་པ་ལྟར་ང་ཚོ་མཐུན་སྒྲིལ་དགོས་ན་དེ་ལ་གནོད་པའི་བྱ་བ་རྒྱ་དར་འཕྱར་བ་སོགས་མི་རིགས། མཁྱེན་གསལ་ལྟར་རྒྱ་དར་འཕྱར་བ་དེ་ལ་བརྟེན་ནས་བོད་མི་ནང་ཁུལ་ལ་རྙོག་གླེང་ག་ཚོད་བྱུང་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme