Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླིང་ཚ་མ་བུ་གསུམ་གྱི་ཞི་བའི་གོམ་བགྲོད་།

Posted on 2012-05-122012-05-12 By ཁ་བརྡ་ 5 Comments on གླིང་ཚ་མ་བུ་གསུམ་གྱི་ཞི་བའི་གོམ་བགྲོད་།

དེ་རིང་ནི་ཕྱི་ལོ་༢༠༡༢ ལོའི་ཟླ་བ་༥ པའི་ཚེས་༡༡ རེད། ཞི་བའི་འཐབ་རྩོད་པ་འམ་བོད་སྐྱོད་གོམ་བགྲོད་པ་གླིང་ཚ་མ་བུ་གསུམ་གསུམ་བཅུ་དུས་དྲན་ཐེངས་༥༣ དང་སྟབས་བསྟུན་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་ནས་དབུ་བཙུགས་ཏེ་གོམ་བགྲོད་ཉིན་གྲངས་༦༡ རིང་བགྲོད་ཟིན། ཕྱི་ཚེས་༡༡ ཉིན་གྱི་སྔ་དྲོའི་དུས་ཚོད་༡༠ཿ༠༠ ཙམ་ལ་ཞི་བའི་འཐབ་རྩོད་པ་གླིང་ཚ་མ་བུ་གསུམ་རྒྱ་གར་དང་བལ་ཡུལ་གྱི་རྒྱལ་མཚམས་སུ་འབྱོར་ཡོད་པ་དང། སྐབས་དེར་རྒྱ་གར་གྱི་རྒྱལ་སྲུང་དམག་མིས་བཀག་འགོག་སོགས་ཅི་ཡང་མ་བྱེད་པར་ཁོང་མ་བུ་གསུམ་བལ་ཡུལ་ས་ཐོག་ཏུ་ཤར་སྐྱོད་བྱ་ཐུབ་བྱུང་འདུག། བལ་ཡུལ་ས་ཐོག་ནས་གོམ་པ་སུམ་བཅུ་ཡར་མར་ཞིག་ཏུ་འབྱོར་མ་ཐག་བལ་ཡུལ་རྒྱལ་སྲུང་དམག་མིས་བོད་སྐྱོད་གོམ་བགྲོད་པ་གླིང་ཚ་མ་བུ་གསུམ་གྱི་མདུན་བཀག་སྟེ་འདྲི་གཅོད་ཁང་དུ་ཁྲིད་ཡོད་དང།

དུས་ཚོད་གསུམ་གྱི་རིང་ཕན་ཚུན་དྲི་བ་དྲིས་ལན་བྱས་མཐར་བལ་ཡུལ་རྒྱལ་སྲུང་དམག་མིས་ཁོང་མ་བུ་གསུམ་ལ་བོད་ཀྱི་རྒྱལ་དར་མ་བཟུང་ཚེ་གོམ་བགྲོད་མུ་མཐུད་བྱ་ཆོག་པ་དང་
དེ་མིན་ཕྱིར་རྒྱ་གར་དུ་ལོག་དགོས་པའི་བཀའ་བཏང་སྟེ་བཀག་སྐྱིལ་ཁང་ནས་གློད་ཡོད་འདུག།ཞི་བའི་འཐབ་རྩོད་པ་གླིང་ཚ་མ་བུ་གསུམ་བཀག་སྐྱིལ་ཁང་ནས་ཕྱིར་བཏང་མ་ཐག་གོམ་བགྲོད་
མུ་མཐུད་འགོ་བཙུགས་ཀྱང་མཐའ་སྲུང་དམག་མིས་མདུན་བཀག་ཡོད་སྟབས་ས་ཆ་དེ་གར་ཟས་མེ་ཆུ་མེད་ཀྱི་ཟས་བཅད་ངོ་རྒོལ་བྱས། དགོང་དྲོར་དུས་ཚོད་༨ཿ༠༠ ཡར་མས་ཙམ་ལ་གློ་བུར་ཆར་བ་ཤུགས་ཆེན་བབ་ཏེ་གྱོན་ཆས་དང་ཡོལ་བྱད་རྣམས་ཡོངས་སུ་བརླན་ཡང་མུ་མཐུད་ཆོད་སེམས་གཏན་པོས་ཟས་བཅད་ངོ་རྒོལ་ལ་བསྡད་ཅིང། ཆར་བ་ཤུགས་ཆེན་བབ་པས་ས་མཚམས་སུ་གློག་ཡོངས་སུ་ཤི་བ་དང་སྟབས་བསྟུན་མཐའ་སྲུང་དམག་མི་གྲངས་དགུ་ཙམ་ཡོང་ནས་ཁོང་མ་བུ་གསུམ་ལ་གཅར་རྡུང་ཚོད་མེད་བྱས་པ་དང། དམག་མི་གཉིས་གསུམ་གྱི་བར་དུ་གོམ་བགྲོད་པ་རེ་རེ་བཞག་སྟེ་ཕྱིར་རྒྱ་གར་གྱི་ས་མཚམས་ཕྱོགས་སུ་དྲུད་ཡོད་པ་རེད། གཅར་རྡུང་བྱེད་བཞིན་སྐབས་རྒྱ་གར་མཐའ་སྲུང་དམག་མིས་བར་འདུན་གནང་སྟེ་རྒྱ་གར་གྱི་དམག་མིའི་ལས་ཁུངས་སུ་ཁྲིད་འདུག སྐབས་དེ་དུས་དགོང་མོའི་དུས་༩ཿ༠༠ ཙམ་ཟིན་འདུག་ཟེར། གཅར་རྡུང་ཁྲོད་བཀྲམས་ཡིག་དང་ཉིན་ཐོ་འབྲི་དེབ། རྒྱལ་དར་སོགས་བཙན་འཕྲོག་གིས་མེད་བརླགས་སུ་བཏང་ཡོད་པ་མ་ཟད་ཨ་མ་ལྡོམ་སྐྱིད་ཀྱི་སྐེ་ཚུགས་དང་ཕྱི་མགོ་གཉིས་ལ་རྨས་སྐྱོན་བྱུང་ཡོད་པ་དང་ཉིན་གུང་ཚ་བའི་ཁྲོད་འདུག་ཡུན་
རིང་དྲགས་པ་དང་ཕྱི་དྲོར་ཆར་ཆེན་འོག་ལྷག་ཡོད་སྟབས་འབྱུང་བའི་དྲོད་གྲང་འཁྲུགས་པས་གཟུགས་པོའི་གནས་བབ་ཧ་ཅང་ཛ་དྲག་ཏུ་གྱུར་འདུག་ཅིང་རྒྱ་གར་མཐའ་སྲུང་དམག་མིས་
མྱུར་སྐྱོབས་གནང་འདུགདེའི་མཚན་མོར་རྒྱ་གར་མཐའ་སྲུང་དམག་མིའི་སྲུང་སྐྱོབ་འོག་ས་མཚམས་དང་སྤྱི་ལེ་གསུམ་གྱི་སར་ཕྱི་འཐེན་གྱིས་ཧིན་དྷི་ལྷ་ཁང་ཞིག་ནས་ཞག་འདུག་བྱས་ཡོད་པ་རེད།

ཕྱི་ཚེས་༡༢ཉིན་ཞི་བའི་འཐབ་རྩོད་པ་གླིང་ཚ་མ་བུ་གསུམ་གྱི་དང་བླང་གསར་འགོད་པ་བྱས་མྱོང་བའི་ཀླུ་འབུམ་བཀྲ་ཤིས་ཀྱིས་ཐད་གར་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་འབྲེལ་བ་བྱས་ཏེ་
གནས་ཚུལ་ཞིབ་འདྲི་བྱས་པའི་ཁྲོད།གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གནས་སྐབས་ཉིན་གཉིས་གསུམ་ཙམ་ལ་ཕྱི་འཐེན་བྱས་ཏེ་ཨ་མའི་རྨས་སྐྱོན་ལ་སྨན་བཅོས་བྱ་རྒྱུ་ཡིན་པ་དང་རྨས་སྐྱོན་ཅུང་ཇེ་དགར་སོང་ཚེ་མུ་མཐུད་གོམ་བགྲོད་བྱ་རྒྱུར་ཆོད་སེམས་གཏན་པོ་ཡོད་ཚུལ་བརྗོད་ཡོད་པ་དང་། ཨ་མ་ལྡོམ་པོ་སྐྱིད་ལགས་སུ་གནས་སྟངས་སོགས་བཀའ་འདྲི་ཞུས་སྐབས་སྤོབས་པ་ཆེན་པོའི་ཐོག་སྨྲས་སྐྱོན་ལ་སྐྱོན་མི་འདུག ངས་ཁྱེད་རང་ལ་སྔོན་ཆད་བཤད་མྱོང་ཡོད། ང་རྐང་ལག་བཞི་ས་ལ་བཙུགས་ནས་འགྲོ་དགོས་རུང་འགྲོ་རྒྱུ་ཡིན།་ ཞེས་ཚོད་སེམས་བརྟན་པོས་བརྗོད་འདུག། དེ་ནས་གླིང་ཚ་ལྷ་མོ་སྐྱིད་ལགས་སུ་གནས་བབ་སོགས་བཀའ་འདྲི་ཞུ་སྐབས། ཁོ་མོས་བདེ་ཐང་ཡིན་ཟེར་བ་ལས་ཅི་ཡང་མི་བཤད་མོད། དབུགས་ཀྱི་རྒྱུ་བ་སོགས་ལ་བརྟག་ན་ངུ་ངག་གིས་ངག་སྒོ་བཅད་ཡོད་པ་འདྲ།

གསར་འགྱུར།

Post navigation

Previous Post: མེ་ཏོག་འདབ་མ་དང་སྐུ་པར་རང་བྱོན།
Next Post: 2012/5/11 ཉིན་གླིང་ཚ་མ་བུ་གསུམ་ལ་ཁ་བརྡ་བྱས་པ།

Comments (5) on “གླིང་ཚ་མ་བུ་གསུམ་གྱི་ཞི་བའི་གོམ་བགྲོད་།”

  1. དབྱངས་འཛོམས། says:
    2012-05-12 at 4:51 am

    དཔའ་སྤོབས་ལྡན་པའི་གླིང་ཚ་མ་བུ་གསུམ་གྱིས་དཀའ་སྡུག་གི་རི་བོ་འདི་འདྲ་ཞིག་ཕྲག་ལ་འཁུར་ཞིང་སེམས་ལ་སྒོམ་ནས་ལམ་ལ་ཆས་པ་རེད། དེ་ཡིན་དུས་ད་ལྟ་བལ་ཡུལ་འདྲེ་དམག་གིས་ཚད་ལས་བརྒལ་བའི་ཉེས་རྡུང་དང་མཐོང་ཆུང་གཏོང་ནས་བོད་མིའི་སེམས་ལ་ཕོག་ཐུག་གཏོང་བ་དེ་ཡིད་སྐྱོ་བའི་གནསཤིག་རེད།
    ད་ཡིན་ན་ཚོགས་པ་དང་ལྟ་བ་ལངས་ཕྱོགས་གཙོར་འདོན་མི་བྱེད་པར་བཙན་བྱོལ་བོད་མི་རྣམས་ཁོ་ཚོ་གསུམ་ནང་བཞིན་བློ་ཐག་ཆོད་པའི་ལམ་ལ་བུད་ཚེ། འུ་ཚོར་རེ་བའི་ཉིན་མ་ཞིག་ཡོད་པ་ཐག་གིས་ཆོད་ཐུབ། དེ་མིན་རྡ་སའི་ཆབ་སྲིད་པ་གསོན་འདྲེ་ཁ་ཤས་ཀྱིས་བོད་འདི་སྐྱོབ་མི་ཐུབ་པའི་གནས་ལུགས་གཞི་ནས་གསལ་ཀི་ཡོད་པ་དང་།ངོ་ར་འཕྲོད་ཀི་ཡོད།

  2. ཁ་བ་དཀར་བོ། says:
    2012-05-12 at 4:59 am

    ཆོས་ཆེ་ས་ན་བདུད་ཆེ་ཟེར་བ་ལྟར་དོན་ཆེན་སྒྲུབ་ས་ན་བར་ཆོད་ཡོད་པ་རེད་གང་ལྟར་སེམས་ཆུང་བྱོས་ཧོད་རྒྱུགས་མ་བྱེད་ཐབས་ཤེས་ཚོལ་ནས་འགྲོ་དགོས་པ་རེད།ཅིའི་ཕྱིར་བལ་ཡུལ་མཐའ་སྲུང་དམག་གིས་ཁོ་ཚོ་མ་བུ་གསུམ་གཅར་རྡོང་བྱེད་དགོས་པ་དང་རྒྱ་གར་དམག་གིས་ཁོ་ཚོར་ཅིའི་ཕྱིར་རྒྱབ་སྐྱོར་བྱེད་དགོས་པ་ང་ཚོའི་ནམ་ཡང་བརྗེད་ཉན་ནི་མ་རེད།

  3. འུར་ཆ says:
    2012-05-12 at 5:14 am

    དཔའ་སྤོབས་ལྡན་པའི་གླིང་ཚ་མ་བུ་གསུམ་ལ་རྒྱབ་སྐྱོར་ཡོད་

  4. ཁྲི་གདུགས། says:
    2012-05-12 at 8:26 am

    ནམ་རྒྱུན་སྐད་ཆ་སྦོམ་པོ་བཤད་མཁན་གྱི་རྡ་སའི་བོད་ཞེན་ཅན་ཚོ། དེ་རིང་གླིང་ཚ་མ་བུ་གསུམ་གྱི་རྒྱབ་ཏུ་ལངས་ཏེ། གཅིག་རྒྱབ་གཉིས་འཐུད་ཀྱིས་ས་མཚམས་བལ་ཡུལ་འདྲེ་དམག་ཚོའི་ཁ་གཏད་དུ་ཁོང་མ་བུ་གསུམ་གྱི་རྗེས་སུ་ཁྱེད་གསོན་ང་ཤི་ཡི་སྤོབས་པའི་ཐོག་ནས་བསྐྱོད་རན་པ་དང་སྐྱོད་པའི་དུས་ཚིགས་ལ་སླེབས་ཡོད་པ་རེད། དེ་ལུགས་བོད་རིགས་སྙིང་ལ་དྲོད་ཡོད་པ་ཚོས་ད་རིས་དཔུང་འཇུག་བྱེད་རྒྱུའི་དུས་ལ་བབ་ཡོད་པ་རེད་ཞུ་རྒྱུ་ཡིན།

  5. ཨ་རོགས་ཉི་མ། says:
    2012-05-13 at 3:27 am

    ཁྲི་གདུགས་ལགས། རྡ་སའི་ཁ་ཤུགས་དཔུང་ཤུགས་ཅན་ཚོའི་དོན་དུ་གཉེར་བྱ་གཙོ་བོ་ནང་དཀྲུས་དང་པེ་ཤག་ཟ་རྒྱུ་དེ་རེད། ཉམས་ཆུང་དང་རྒྱབ་རྩ་མེད་མཁན་ཚོ་མཐོང་གི་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (18)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme