Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླིང་ཚ་གནང་ཉིན་ལྡི་ལིར་ཐོན་རྒྱུ་རེད།

Posted on 2013-04-022013-04-02 By ཁ་བརྡ་ 15 Comments on གླིང་ཚ་གནང་ཉིན་ལྡི་ལིར་ཐོན་རྒྱུ་རེད།

དེ་རིང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལྡི་ལིའི་ས་འབྲེལ་ soniqat ཞེས་པའི་ས་གནས་ལ་སླེབས་ཡོད་པ་དང་། དེ་རིང་ལྡིའི་མདོ་སྨད་ས་གནས་རྒྱུ་ལས་ཀྱི་ཚོགས་གཙོ་རྟ་མགྲིན་དང་རྩིས་པ་བྱམས་པ་གཉིས་ཁོང་ལ་ལྟ་བར་ཐོན་ཡོད་པ་དང་། དོ་ནུབ་ཁོང་དང་ལྷན་དུ་བསྡད་དེ་སང་ཉིན་ཕྱིར་ཆས་རྒྱུ་ཡིན་འདུག  ཉིན་ཤས་གོང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཁུར་བོ་ལྕི་བ་དང་ལམ་ཐག་རིང་བོ་བསྐྱོད་པའི་རྐྱེན་གྱིས་རྐང་པར་ཆུ་འབུར་བཏོན་ནས་ཉིན་གཅིག་ལ་ངལ་གསོ་དགོས་བྱུང་ཡོད་པ་དང་། དེ་ནས་ཁོང་གི་ཕ་ལགས་ཀྱི་ལྕགས་རྟ་ཆུང་ཆུང་ཞིག་ཉོས་ནས་ཁུར་བོ་འགེལ་ས་བྱས་པར་བརྟེན་ད་ལྟ་སྐྲང་འབུར་ཞིབ་ཡོད་ནའང་འགྲོ་དུས་རྐང་པ་འཐེང་གིན་འདུག་ཟེར། ཁོང་གི་ཞི་བའི་གོམས་བགྲོད་ཐེངས་གཉིས་པ་ད་ལོའི་གསུམ་བཅུ་དུས་དྲན་དང་སྟབས་བསྟུན་དབུ་བཙུགས་པ་ནས་ཉིན་བདུན་རིང་ཕ་མ་གཉིས་མཉམ་ཞུགས་བྱས་པ་ལས་ད་བར་ཁོང་ཁེར་རྐྱང་དུ་གོམས་བགྲོད་བྱས་པ་རེད། ལམ་བར་ནས་རྒྱ་གར་གསར་ལམ་ཁག་གིས་དོ་སྣང་ཆེན་པོ་བྱས་ཏེ་ཚགས་པར་ཆེ་ཤོས་ལྔའི་སྟེང་ལ་ཁོང་གི་གནས་ཚུལ་ཐོ་ཡོད་པ་དང་། ལན་དབར་གྱི་མི་མང་ནས་ཀྱང་སྐོམ་ཆུ་སྤྲོད་པ་དང་གནས་ཚུལ་གཡར་བ་སོགས་ཀྱི་མཐུན་རྐྱེན་གང་ལེགས་གནང་ཡོད་འདུག

ཨ་རིག་དང་ཨ་ལོ་གཉིས་ཀྱིས་གཡས་གཡོན་བྱས་ཏེ་རྡ་སའི་ཀ་ཅ་རིས་ནས་ཞི་བའི་གོམ་བགྲོད་གཉིས་པ་དབུ་འཛུགས་སྐབས།

རྡ་སའི་མདོ་སྨད་ས་རྒྱུན་གྱིས་སྐྱེལ་མ་ཞུ་སྐབས།

ཁོ་རང་ཁེར་རྐྱང་དུ་ལམ་ལ་ཆས་སྐབས།

རྐང་པར་རྨ་བརྒྱབ་སྟེ་ངལ་གསོ་བྱེད་དགོས་བྱུང་སྐབས།

གསར་འགྱུར།

Post navigation

Previous Post: མེར་བསྲེགས་ཀྱིས་བསླངས་པའི་གཏན་ཚིགས་ཆེན་པོ་ལྔ།
Next Post: བླ་མའི་གནང་བ་ཐོབ་ན་སློབ་མ་ལ་ཉམས་རྟོགས་ལྷུན་འགྲུབ་ཏུ་འབབ་པའི་སྐོར།

Comments (15) on “གླིང་ཚ་གནང་ཉིན་ལྡི་ལིར་ཐོན་རྒྱུ་རེད།”

  1. རྒྱ་གར་རྨ་བྱ། says:
    2013-04-02 at 12:39 pm

    ལམ་བདེ།

  2. ཡ་མ་ཚེ་རིང་། says:
    2013-04-02 at 12:52 pm

    ག་རེ་བྱས་ནས་སྔ་ཕྱི་པར་གསུམ་དུ་མདོ་སྨད་པ་ཁོ་ནས་རོགས་འདེགས་བྱེད་དགོས་པ་རེད། ཁོས་ཞི་བའི་དོན་ཚན་ལྔ་སུའི་ཆེད་དུ་རེད། བཀའ་སྤྱི་གཉིས་ཀྱིས་ག་རེ་བྱས་ནས་ཁོའི་སྐོར་ལ་ལྐུག་པའི་རྟུལ་ཞུགས་འཛིན་བཞིན་པ་རེད། འདིའི་སྐོར་ལ་བགྲོ་གླེང་ཚ་ནན་ཡོང་པའི་རེ་བ་ཡོད།

  3. བན་དེ་བ། says:
    2013-04-02 at 12:56 pm

    ཁ་ཡོད་ལག་ཡོད་ཀྱིས་བོད་ཀྱི་གནད་དོན་ལ་ཕྱག་ལས་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང། སྐུ་གཟུགས་ལ་ཐུགས་འཇག་གནང་གལ་ཆེ། འུ་ཐུག་པའི་དབུ་རང་རྩོད་མཁན་གྱི་ཁ་དཔོན་དེ་ཚོ་གཅིག་གིས་ཀྱང་རོགས་འདེགས་ཞུ་མཁན་དཀོན། མི་ལུས་རིན་ཆེན་འདི་དང་ཕ་མ་སྤུན་མཆེད་བུ་ཕྲུག་རྣམས་དང་ཁ་འབྲལ་མི་རུང། རྟ་བཟང་པོ་སྡེ་བའི་རྟ་དང། མི་བཟང་པོ་སྡེ་བའི་མི། ཟེར་བ་ལྟར། ཁྱེད་ལྟ་བུ་ཨ་མ་ཚ་ནའང་ཚ་གོ་ཆོད་མཁན་གྱི་རིགས་རྣམས་མི་ཡུལ་འདིར་གསོན་གནས་ཐུབ་དགོས།

  4. བན་དེ་བ། says:
    2013-04-02 at 12:57 pm

    འུ་ཐུག་པའི་དུས་ཞེས་བཅོས་རོགས

  5. མིག་གསུམ་པ་ནས says:
    2013-04-02 at 1:07 pm

    ཆོལ་ཁ་ཕྱོགས་རུས་མིན། ཡིན་ཡང་མདོ་སྨད་པ་དཀའ་ལས་རྒྱག་མཁན་གཅིག་པུ་དེ་རེད། ཕྱི་ནང་གཉིས་ཀ་གང་ལ་བལྟས་ཀྱང་མདོ་སྨད་པ་དག་གི་ནང་མི་བསྐྱུར་དེ་མེ་རུ་སྒྲོན་པ་དང་གོམ་བགྲོད་འགྲོ་བ་སོགས་བྱས་ཀྱང་། རྗེས་མ་ཞིག་ལ་ཁེ་བཟང་ཟ་མཁན་དེ་སུ་ཞིག་ཆགས་འགྲོ་སུ་ཞིག་ཧ་གོ།

  6. བོད་ལ་ཞེན། says:
    2013-04-02 at 1:57 pm

    ཆོལ་ཁ་མ་དཀྲུགས། ཁེ་སང་ཟ་མཁན་གྱི་ཆོལ་ཁ་ཞིག་དང་གྱོང་འཁུར་མཁན་གྱི་ཆོལ་ཁ་ཞིག་ཁ་ཁ་ཡོད་མ་རེད། ཁྱེད་ཀྱི་མིག་གསུམ་པ་དེས་ཁ་ཁ་མཐོང་གི་ཡོད་རྒྱུ་རེད། དྲང་པོ་བཤད་ན་གླིང་ཚ་ཁོང་ན་ནིང་གོམ་བགྲོད་སྐབས་དང་པོ་ཆོལ་ཁ་དང་ཚོགས་པ་ཐམས་ཅད་ཀྱིས་རྒྱབ་སྐྱོར་གནང་བ་ཤེས་གསལ་རེད། འོན་ཀྱང་རྗེས་ལ་ཁོང་གིས་རྒྱ་དར་དམར་པོ་དེ་འཕྱར་བ་ནས་བཟུང་རྒྱབ་སྐྱོར་བྱེད་མཁན་ཚོ་གཅིག་འཐེན་གཉིས་འཐེན་གྱིས་ཉུང་དུ་སོང་བ་ཡིན་པ་ཡང་གསལ་པོ་རེད།

  7. ཨ says:
    2013-04-02 at 2:26 pm

    སོ་སོ་ནམ་ཁོམ་པོ་ཡོད་ན་ཡིད་ངག་ཞི་བའི་ངང་ནས་གླིང་ཚ་སྟེ། བོད་ཀྱི་ཞི་བའི་འཐབ་རྩོད་པ་ས་ཡ་དྲུག་གི་བུ་གླེང་རོགས། སུ་ཞིག་གིས་ཁོང་ཁ་ནས་གླེང་བ་དང་སེམས་ནས་བསམ་པ་དེ་ནི། མི་དེས་ཆབ་སྲིད་རིག་གནས་ཅིག་ཆེད་དུ་སྦྱོང་གིན་པ་དང་གཅིག་པ་རེད། རྒྱུ་མཚན། ཁོང་ནི་དོན་དམ་པར་ཆབ་སྲིད་སློབ་དེབ་རྩ་ཆེན་ཞིག་ཡིན་པས་ཡིན། ད་དུང་། ཁོང་ནི་བསམ་བློའི་སློབ་དེབ་རྩ་ཆེན་ཞིག་དང་་་་་་་་

    དང་པོ། རང་རེའི་བོད་ཀྱི་ད་ལྟའི་གནས་བབས་འདི་འདྲ་ཞིག་ལ། དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེའི་ཞི་བའི་འཐབ་རྩོད་དེ། བོད་ཀྱི་རྩ་དོན་རྩོད་ཕྱོགས་ཀྱི་ཐད་ནས་ཚད་གང་འདྲ་ཞིག་ལ་ཡོད་པའམ། ཡང་ན་དེར་དམིགས་བསལ་གྱི་ངོས་འཛིན་ཉིད་ལ་ཅི་ཞིག་ཡོད།

    གཉིས་པ། དཔའ་བོ་གླིང་ཚས་རང་གི་ཁྱིམ་མི་དང་(གཉེན་)ནོར་ལོངས་སྤྱོད་སོགས་ཡོད་ཚད་བློས་བཏང་ནས། རང་གི་ཁྱད་ཆོས་ལྡན་པའི་ཞི་བའི་འཐབ་རྩོད་འདི་མ་རྒྱལ་བར་དུ། བོད་མི་རིགས་ཀྱི་རྩ་དོན་འདིའི་སྟེང་ནས་རྩོད་པར་དམ་བཅའ་བཞག་པ་དང་།
    དེ་བཞིན་དུ་སྒྲུབ་ཀྱིན་ཡོད་པའང་ཀུན་ཤེས་ལགས་ན། ཁོང་གི་ཞི་བའི་འཐབ་རྩོད་འདི་ནམ་རྒྱལ་ཐུབ་པའམ་ཡང་ན། དེ་རྒྱལ་བྱེད་ཆ་རྐྱེན་གྱི་ཐད་ནས་ཉིད་ལ་དགོངས་ཚུལ་ཅི་ཞིག་ཡོད།

    གསུམ་པ། དཔའ་བོ་གླིང་ཚའི་ཞི་བའི་འཐབ་རྩོད་འདི་ཐོག་མར་དཔའ་བོ་ཁོང་གིས་བཏོན་ཞིང་། རང་ཉིད་ནས་འགོ་བརྩབས་པ་ཞིག་ཡིན་ནའང་། རང་རེའི་ཚོགས་པ་ཆེ་ཆུང་དང་མི་མང་དེ་མིན་བོད་དོན་རྒྱབ་སྐྱོར་པ་ཚོའི་ངོས་ནས། ཁོང་གི་ཞི་བའི་འཐབ་རྩོད་དེ་སྟོབས་ཤུགས་སམ། རྣོ་ངར་ཅན་ཞིག་ཏུ་བསྒྱུར་ཕྱོགས་ཐད་ཉིད་ལ་གསུང་ཅི་ཞིག་ཡོད།

    བཞི་པ། དཔའ་བོ་གླིང་ཚའི་སྤྱིར་ཞི་བའི་འཐབ་རྩོད་འདིའི་ཆ་ཤས་ལ། ཁོང་དང་མ་སྨད་གསུམ་གྱིས་ཐོག་མར་(རང་སར་རང་སྐྱོད་ཀྱི་ཞི་བའི་གོམ་བགྲོད་)བྱས་པ་བཞིན། ད་དུང་དེའི་ཆ་ཤས་སུ་ཁོང་ལ་གཞན་དང་གཞན་པའི་ཞི་བའི་ལས་འགུལ་སྒྲུབ་ཐབས་ཅི་ཡོད་དམ་ཅི་བཟང་དང་། ཁོང་གི་ཞི་བའི་འཐབ་རྩོད་དེ་དང་དེའི་ཆ་ཤས་ཡོད་དོ་ཅོག་གི་ཚབ་མཚོན་རང་བཞིན་གྱི་གསུང་རྩོམ་དག་ལ། འུ་ཚོའི་དྲ་ཚིགས་དང་དུས་དེབ། ཚགས་ཤོག དེབ་པར་སྐྲུན་ཁང་བཅས་ཀྱི་དབང་འཛིན་པ་སོ་སོས་རོགས་རམ་བྱེད་ཕྱོགས་ཅི་ཡོད་དམ་ཅི་བཟང་གི་སྡེ་ཚན་གཉིས་ལ་ཁྱེད་ཀྱིས་རང་གི་དགོངས་ཚུལ་དང་མཐུན་པའི་གསུང་ཞིག་ཨེ་གནང་།

    ལྔ་པ། ཁོང་གི་ཞི་བའི་འཐབ་རྩོད་འདི་ཇི་སྲིད་མ་རྒྱལ་བ་དེའི་རིང་གི། སྐྱེས་ཆེན་དེའི་ངོ་མཚར་བའི་མི་ཚེའི་དམ་བཅའ་དང་བློས་བཏང་གཉིས་པོ་དེ། ཁྱེད་ཀྱིས་ཡིག་རིགས་གང་ཞིག་གི་སྟེང་ནས། རྒྱལ་ཁབ་དང་ཚོགས་པའམ་ཡང་ན། དེ་གཉིས་ལ་ཐད་ཀར་འབྲེལ་བའི་གསར་འགྱུར་ཁང་གང་ཞིག་ལ་མཁོ་སྤྲོད་བྱ་ཐུབ་བམ།

    དྲུག་པ། ཁོང་གི་ཞི་བའི་འཐབ་རྩོད་ཀྱི་ཆ་ཤས་ཏེ། ཞི་བའི་གོམ་བགྲོད་ཐེངས་གཉིས་པ་འདིར་ཁོང་དང་ལྷན་དུ། བྱེས་བཞུགས་བོད་མི་སུ་ཡང་མེད་པ་དེའི་གནད་དོན་གཙོ་བོ་གང་རེད་དམ།

    བདུན་པ། རིག་གནས་འཐབ་རྩོད་དམ་ཁྱད་པར་དུ་ཆབ་སྲིད་འཐབ་རྩོད་ཐད་ནས། དཔའ་གླིང་སྟེ་བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཁོང་ནི། ཤར་ནུབ་ཀྱི་གནའ་མི་སྐྱེས་ཆེན་སུ་ཞིག་དང་འདྲ་པོ་འདུག ཁྱེད་ཀྱིས་ངོས་བཟུང་བའི་སྐྱེས་ཆེན་དེ་དང་། དཔའ་གླིང་གཉིས་ཀྱི་མཚུངས་ཆོས་གཙོ་བོ་གང་གི་སྐོར་ནས་གླེང་རྒྱུ་ཡིན་ནམ།

    བརྒྱད་པ། ཁྱེད་ཀྱིས་ད་བར་མི་སྒེར་སུ་ཞིག་ལ་ཁོང་གི་སྐོར། ཡིག་ངག་གང་གི་སྟེང་ནས་གནས་ཚུལ་སྤེལ་བའམ་ཁ་བརྡ་ཅི་ཙམ་བྱས་མྱོང།

    དགུ་པ། ད་ལྟ་ཁོང་གིས་ཞི་བའི་གོམ་བགྲོད་གནང་བཞིན་ཡོད་ནའང་། ཉིན་ཞིག་ལ་ས་ཆ་གང་ཞིག་ནས་ཁོང་བཀག་འགོག་བྱ་ངེས་རེད། དེ་དུས་ཁོང་གིས་ཟས་བཅད་དང་ངག་བཅད་ཞི་རྒོལ་གནང་གཏན་ཁེལ་བས། བོད་མི་དང་བོད་རིགས་ཅིག་ཡིན་ན་དེའི་ཚེ་ཅི་ཞིག་བྱ་དགོས་པ་རེད།
    གལ་ཏེ་ཟས་བཅད་དང་ངག་བཅད་བྱ་བའི་གོ་སྐབས་ཕྲོགས་ནས། ཁོང་ཁྲིམས་ལ་བཅུག་སྟེ་ཆ་རྐྱེན་གང་ཞིག་མ་གྲུབ་ན་བཙོན་འགྲོལ་མི་ཐོབ་ཟེར་དུས། དབུས་སྒྲིག་འཛུགས་དང་དེ་མ་ཡིན་པའི་ཚོགས་པ་ཁག་གི་ལས་འགན་ཅི་ཞིག་ཡིན།

    བཅུ་པ། ཞི་བའི་འཐབ་རྩོད་པ་གླིང་ཚའི་སྐོར་ནས་དྲི་བ་དང་ཡང་ན་བསམ་ཚུལ་ཞིག་ཐོན་ཟེར་དུས་སྐུ་ཉིད་ཀྱིས་ཅི་ཞིག་བཏོད་འདང་ཡིན་ནམ།

  8. ཨ says:
    2013-04-02 at 2:55 pm

    ངའི་དྲི་བ་འདི་ཚོ་ཁོང་གླེང་མོལ་གྱི་དོད་འོང་བ་ཞིག་མིན་རུང་། ང་ཚོས་འདི་འདྲ་ནས་འགོ་འཛུགས་དགོས་པར་འདོད། གཙོ་བོ་ཁོང་གི་ཞི་བའི་འཐབ་རྩོད་དང་། དཔྱོད་ཤེས། སྙིང་སྟོབས་དེ་དག སྤྱི་བཏང་གི་ཡོངས་ཁྱབ་རིན་ཐང་དང་བསྡུར་ནས་གླེང་རྒྱུ་ནི་ངོ་མ་གལ་ཆེན་རེད་དོ།།

  9. ཚེ་རིང་སྐྱབས་ says:
    2013-04-02 at 5:04 pm

    ༄༅།་དངོས་གནས་མི་ཟེ་མདོ་སྨད་གྱི་མི་རང་རེད་ཤག་
    རྒྱ་དམར་གྱི་རྒྱལ་དར་མགོ་ལ་ཁྱེར་ཁན་གླིང་ཚ་ཁོ་རང་རང་རེད་ཤག་
    བཙན་འབྱོར་ལྗོན་ཐང་ཡོད་ཁན་ཁོ་རང་རེད་ཤག་
    གོམས་འགྲོས་འགྲོ་ཁན་ཁོ་རང་རེད་ཤག་

  10. རི་རྒྱལ་ཏི་སེ། says:
    2013-04-02 at 10:16 pm

    བསམ་ཕོད་ཅིང་བྱེད་ཕོད་མཁན་གྱི་དཔའ་བོ་གླིང་གེ་སར་རྒྱལ་པོར་དམིགས་དཔེར་བཟུང་ཞིང༌།
    རྒྱ་གར་གྱི་སེམས་དཔའ་ཆེན་པོ་གྷན་དྷིའི་རྗེས་སུ་སྙེག་པ་བོད་པའི་བུ་རྒོད་ཁྱེད་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པ་དང༌། བྱ་བ་ཐམས་ཅད་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།

  11. ཚེ་རིང་ནས། says:
    2013-04-02 at 11:14 pm

    བུ་དཔའ་བོའི་བསམ་དོན་འགྲུབ་པར་ཤོག

  12. མགར says:
    2013-04-03 at 12:40 am

    ཆ་སའི་མིང་ལSonipatཡིན་པ་འདྲ།

  13. ཡུལ་གྱར་བུ། says:
    2013-04-03 at 2:42 am

    སྤྱིར་ང་ཚོའི་བཙན་བྱོལ་བོད་མི་དག་འདི་འདྲ་ཞིག་རེད། སྟོང་ལོ་བརྒྱད་པའི་ལོ་ལ་བོད་ནང་ནས་ཞི་བའི་ཡར་ལངས་བྱས་དུས། རྡ་ས་གཙོས་བའི་འཛམ་གླིང་གི་རྒྱབ་ཁབ་ཁག་ནས་བོད་མི་དག་གིས་ཚོར་ཤུགས་ཆེན་པོ་ཞི་བའི་ངོ་རྒོལ་དང་སྐད་འབོད་བྱས་སོང་། དེ་ནས་བོད་ནང་གི་སྐུ་ལུས་མེ་རུ་བསྒྲོན་མཁན་ཐོག་མ་བཀྲ་བྷེའི་སྐུ་ལུས་མེ་རུ་བསྒྲོན་དུས་བཙན་བྱོལ་བ་ཚོས་ཚ་ཚ་འུར་འུར་གྱིས་ལས་འགུལ་སྤེལ་སོང་། དེ་ནས་རིམ་བཞིན་སྤྱིར་དང་གི་མར་མེ་ཁྲོམས་བསྐོར་རེ་ལས་ཅི་ཡང་གནང་རྒྱུ་མི་འདུག རྣམ་པ་གསར་བའི་ལས་འགུལ་གང་ཡང་གནང་རྒྱུ་མི་འདུག བོད་ནང་ནས་མི་གཅིག་གིས་རང་ལུས་མེ་རུ་བསྒྲོན་འདུག དོ་དགོང་མར་མེ་ཁྲོམས་སྐོར་ཡོད། བོད་ནང་གི་བོད་མི་ཞིག་གིས་སྐུ་ལུས་མེ་རུ་མཆོད་འདུག སང་ཞོགས་གཙུག་ལག་ཁང་དུ་བསྔོ་སྨོན་ཡོད། འདི་ནི་ང་ཚོའི་ལས་འགུལ་རེད། འདི་ནི་ང་ཚོའི་གདུང་སེམས་མཉམ་བསྐྱེད་རེད། དེ་མིན་ལོ་སྔོན་མའི་གླིང་ཚའི་ལས་འགུལ་རེད། གཙུག་ལག་ཁང་ནས་མི་མང་གིས་མིག་ཆུའི་སྐྱེལ་བ་བྱས་སོང་། ཐག་ཉེ་རིང་གི་བོད་མི་ཚོ་བལྟ་རུ་སླེབས་སོང་། རང་རང་གི་གང་ནུས་ཅི་ལྕོགས་གིས་རོགས་རམ་དང་གདུང་སེམས་མཉམ་བསྐྱེད་བྱས་སོང་། དེ་ནས་ཁོང་གི་རྒྱལ་དར་སྐོར་རེད། མང་པོ་ཞིག་གིས་ཁ་རྡུང་བཏང་སོང་། གཞོན་ལྷན་གཙོས་པའི་ཚོགས་པ་ཁག་གིས་གསར་འགོད་གསར་བསྒྲགས་བྱས་སོང་། གནའ་མི་བོད་ཀྱི་གཏམ་དཔེ་ལ་ཕར་སོང་ནས་རྐུན་མ་མི་བདའ་བར་ཕྱིར་འཁོར་ནས་སྒོ་ཁྱི་རྡུང་ཞེས་བའི་དཔེ་བཞིན་རེད། ད་ལོར་གླིང་ཚས་བོད་མི་དག་གི་བསམ་ཚུལ་ལ་བསམ་ཤེས་བྱས་ནས་རྒྱ་ནག་གི་རྒྱལ་དར་ཕྱིར་འཐེན་བྱས་འདུག ཁོང་མི་མཐུད་དུ་གོམ་བགྲོད་གནང་གི་འདུག ཁོང་གི་རྗེས་ན་མདོ་སྨད་པ་རེ་ཟུང་གི་མིག་ཟུང་ལས་ཡོད་ཚོད་མི་འདུག གང་ལྟར་ངས་བཤད་འདོད་པ་ནི་རང་ཅག་གི་བཙན་བྱོལ་བ་མང་ཆེ་བ་ཨ་གསར་རྟ་ཡི་མགྱོགས་དང་རྔ་མ་ལུག་གི་ཐུང་ཞེས་པའི་དཔེ་ལས་མ་འདས་སོ།།

  14. ལུང་རྟོགས། says:
    2013-04-03 at 5:38 am

    གླིང་ཚ་ལ་ནམ་ཡང་གུས་འདུད་ཡོད།

  15. ཤར་པ་ says:
    2013-04-04 at 6:18 am

    བུ་གླིང་ཚ་ལགས་བཀྲིས བདེ ལེགས་ ཁྱེད་ཀྱི་ཁ་པར་ཨང་གྲངས་དེ་ཁ་བསྡ་ལ་བཀོད་རོག་ང་ཚོ་དངུལ་དང་གང་དགོས་རོག་པ་ཞུ་འདོད་ཡོད་པར་བརྒྱ་ཕྲག་ཡོད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (74)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme