Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲྭ་རྐྱང་ཚོ།

Posted on 2012-02-14 By ཁ་བརྡ་ 24 Comments on གྲྭ་རྐྱང་ཚོ།

གྲིབ་གཟུགས་ནས།

འཇིག་རྟེན་གྱི་འཁོར་སྐྱོད་ལ་གཤོག་པ་ཐོགས་ཤིང༌།
བསམ་བློའི་ངོ་གདོང་གློག་རླབས་ནས་ཐུག་དུས།
གྲྭ་རྐྱང་ཚོ།
མི་ལོ་ཉིས་སྟོང་སྔོན་གྱི་འགུལ་སྐྱོད་དང༌།
གོམ་འགྲོས་ལ་བྱང་ནས་ཡོད།

འཚོ་བ་ལ་རྔུལ་ཁྲག་གི་རི་མོ་ཕབ་ཅིང༌།
ངལ་རྩོལ་གྱི་གོམ་ཁ་ས་ནག་སྟེང་ནས་བཙུགས་དུས།
གྲྭ་རྐྱང་ཚོ།
ལྷུང་འོང་བའི་ཤིང་འབྲས་ཁྱོར་བས་བཟེད་ཅིང༌།
ཆེས་རྒྱང་རིང་གི་འཇིག་རྟེན་ཞིག་ལ་མགོ་བོ་བསྔས།

ཟླ་བའི་ལྷ་མོའི་བཞིན་རས་ངོས་རྐང་རྗེས་པར་ཅིང༌།
མཐའ་མེད་ཀྱི་ཆུ་མཛོད་ཚད་ཐིག་ནང་འཇལ་དུས།
གྲྭ་རྐྱང་ཚོ།
རྙིང་ཞིང་གོག་པའི་གསུང་རབ་དག་གི་གསེང་ནས།
སེམས་ཀྱི་དེ་ཉིད་འཚོལ་བཞིན་ཡོད།

ཤོག་དངུལ་གྱི་བམ་ཁས་འཇིག་རྟེན་ཉོ་ཐུབ་ཅིང༌།
སྙན་གྲགས་དང་གོ་སས་མི་ངོ་འཕྲོད་དུས།
གྲྭ་རྐྱང་ཚོ།
རང་ཉིད་ལ་དབང་བའི་ཁང་ཆུང་གྲུ་བཞིའི་ནང༌།
མཚན་ཉིད་དང་མཚོན་བྱ་བློ་ལ་ལེན་བཞིན་ཡོད།

གོ་ལའི་ཁ་མདོག་གློག་འོད་ལྔ་ལྡན་དུ་འབར་ཞིང༌།
གར་སྟེགས་དེའི་སྟེང་ནས་འདོད་ཡོན་གྱི་ཡོ་ལངས་འཕྱོ་དུས།
གྲྭ་རྐྱང་ཚོ།
ཆོས་གོས་ཕགས་ཀྱི་སེམས་པ་དེ་ཨུ་ཚུགས་ཀྱིས་བཟུང་ནས།
ཟག་མེད་བདེ་སྟོང་གི་ཡེ་ཤེས་ཞིག་ལ་མིག་ཟུང་གཅེར།

ཕ་མ་ཡུལ་མིའི་རེ་བ་ཁ་པར་ནས་མཆེད་ཅིང༌།
ཁོ་ཚོའི་འདྲ་པར་ནང་གི་མིག་ཟུང་དེས་ཅི་ཞིག་བགྱི་བར་སྐུལ་ནའང༌།
གྲྭ་རྐྱང་ཚོ།
མཆན་ཁུང་འོག་གི་སྐྱུར་དྲིར་མཛུབ་མོས་བྲུ་ཞོར།
ཕོར་པ་ཐོག་ནས་ཟ་མའི་བང་རིམ་ནང་འཚང་འདུག

དུས་ཚོད་ཀྱི་ཐག་སྒྲ་མདུན་ནས་མདུན་དུ་བསྐྱོད་ཅིང༌།
ཡ་ཐོད་ཀྱི་ངོས་སུ་གཉེར་རིས་སབ་སིབ་ཅིག་འབུར་དུས།
གྲྭ་རྐྱང་ཚོ།
ད་དུང་ན་ཆུང་བྱིས་པ་ཞིག་ལྟར།
ཁྱུ་དང་ཁྱུ་བྱས་ནས་དགོད་ཁ་སློང་བར་བྱེད།

རང་བྱུང་གི་མཛེས་པ་མིག་མདུན་དུ་བཤམས་ཤིང༌།
ཚོར་བའི་གཙང་པོས་རླབས་རྒྱུན་བྲག་ལ་བརྡབས་ཀྱང༌།
གྲྭ་རྐྱང་ཚོ།
གྲུ་བཞི་ཅན་གྱི་རྩོམ་ཡིག་དང༌།
བཅོས་མའི་ངོ་འཛུམ་གཡོ་བའི་སྙན་ངག་གི་བསླུ་བྲིད་འོག་ཕམ་ཟིན་འདུག

སྙན་ངག

Post navigation

Previous Post: རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ལ་ལོ ༢ ཀྱི་ཁྲིམས་ཐག་བཅད་འདུག
Next Post: བསྔགས་མི་འོས་པའི་བཙན་པོའི་སྙིང་སྟོབས།

Comments (24) on “གྲྭ་རྐྱང་ཚོ།”

  1. དོལ་སྨྱོན། says:
    2012-02-14 at 9:31 pm

    རྩོམ་ཡིག་འདི་ཡི་མགོ་གང་དུ་བུད་སོང་བ་རེད་དམ།

  2. གྲིབ་གཟུགས། says:
    2012-02-15 at 1:47 am

    མགོ་ཡོད་རེད། གྲྭ་རྐྱང་ཚོ། ཞེས་པ་དེ་རེད་ལགས།

  3. དོལ་སྨྱོན། says:
    2012-02-15 at 7:32 am

    བུ་ག་དགུ་ལ་གཙང་རྩོག་མེད་ཅིང་། འཇིབ་ལྡག་མུར་གསུམ་གྱི་བདེ་བར་རྒྱ་ཡན་ལ་སྤྱོད་དུས།
    གྲྭ་རྐང་ཚོ། སོར་མོ་ལྔ་ཡི་བར་མཚམས་དང་། བན་ཆུང་བརླ་ཡི་ཁོང་གསེབ་ན་ནམ་ཡང་གཉིད་ནས་འདུག

  4. ཤར་ཕྱོགས་ཀྱི་འོད་སྣང་། says:
    2012-02-15 at 9:29 am

    དོལ་སྨྱོན་ལགས།
    གྲྭ་རྐང་ཚོ་ལབ་ན་ཅི་ཟེར་བ་རེད།
    གྲྭ་རྐང་ཚོར་དེ་འདྲའི་ལྗིབ་ལྡག་མུར་གསུམ་བྱེད་ནུས་པའི་ཁ་ཞིག་ག་བ་ལ་འདུག་གམ།
    ད་བྱས་དུས་གྲྭ་པ་ཚོར་རྐང་པ་ཁྱད་མཚར་དེ་འདྲ་ཡོད་ས་རེད་པ།
    མ་གཞི་སོར་མོ་ལྔ་ཡི་བར་མཚམས་དང་། བན་ཆུང་བརླ་ཡི་ཁོང་གསེབ་ནས་ཁྱེད་རང་གཉིད་སད་ཚར་སོང་ངམ།
    ཧེ་ཧེ།

  5. གྲིབ་གཟུགས། says:
    2012-02-15 at 9:36 am

    ཁྱེད་གཉིས་ཕེབས་པར་དགའ་བསུ་ཞུ། ཡིན་ནའང་བློ་ཕམ་པ་ཞིག་ལ་ཁྱེད་གཉིས་ཀྱིས་ངའི་སྙན་ངག་འདི་སྐད་ཆའི་སྐོར་ཕྱོགས་ཞིག་གིས་ཐུར་གསུམ་ཐུར་ལ་དྲུད་ཚར་འདུག

  6. དོལ་སྨྱོན། says:
    2012-02-15 at 10:13 am

    དགོངས་དག ཡིག་ནོར་ཤོར་འདུག ཁྱེད་ལ་ཁག་མེད་གྲྭ་རྐྱང་ཚོ། ཞེས་བཅོས་རོགས་ཞུ།

  7. ཀླུ་སྐལ་རྒྱམ། says:
    2012-02-15 at 10:18 am

    ཅི་ཞིག་ལ་རྩོམ་ཡིག་ཟེར་བ་རེད། ངས་བལྟས་ན་ཁྱེད་ཀྱི་འདི་རྩོམ་ཞིག་མ་རེད།

  8. ཤར་ཕྱོགས་ཀྱི་འོད་སྣང་། says:
    2012-02-15 at 10:30 am

    ལགས་སོ། །མང་ཚོགས་ཀྱིས་གཟིགས་ས་ལ་ཡིག་ནོར་ཉུང་ན་ཡག་གི་རེད། སླད་མར་ཡིག་ནོར་མི་བྲི་རྒྱུའི་དམ་བཅའ་རེ་གནང་ཐུབ་ན་ལེགས།

  9. གྲིབ་གཟུགས། says:
    2012-02-15 at 10:36 am

    ངའི་ཡིན་ཚད་རྩོམ་ཡིག་ཡིན་པའི་ངེས་པ་མེད་རུང་། གོང་གི་དེ་རྩོམ་ཡིག་མིན་ན་གང་རེད།
    མ་གཞི་ངས་བྲིས་པའི་རྩོམ་ཡིག་འདི་རྩོམ་ཡིག་མ་རེད་ཟེར་ལུགས་ལ་བལྟས་ན་གྲྭ་རྐྱང་ཞིག་གི་ཐག་ཆོད་རང་རེད། ཧ་ཧ།

  10. ཞལ་ལུ་དཀར་པོ says:
    2012-02-17 at 5:14 am

    གྲྭ་རྐྱང་ཚོ་་་་་་་་་་་་་་་འུ་བུ་ཅག་ལ་སྟོན་པ་སངས་རྒྱས་ཀྱི་དགོངས་དོན་ཡོད་དགོས་ཤིང་་་་་་་་་་་་་་་འདྲེན་པ་དགེ་འདུན་གྱི་བསླབ་པ་ལྡན་དགོས་་་་་་་་་་་ད་དུང་སྲིད་འབྱོར་རིག་གསུམ་གྱི་བང་མཛོད་བཞེང་དགོས་་་་་་་་་་་་་་་་་་་དེ་ནི་གངས་ཁྲོད་ཀྱི་ཆོས་པའི་འོས་འགན་རེད་་་་་་་་་་་ཧཧཧཧཧཧཧཧཧཧཧཧཧཧ་་་་་་་་་ལབ་ན་འགྲིག་པ་

  11. མིག་བརྒྱད་པ། says:
    2012-02-17 at 7:28 am

    དོན་ངོ་མའི་གྲྭ་རྐྱང་ཕོ་རྒོད་སྟག་འདྲ་བོ།
    འཇིག་རྟེན་གྱི་འཁོར་སྐྱོད་ལ་གཤོག་པ་མ་ཐོགས།
    ཟླ་བའི་ལྷ་མོའི་བཞིན་རས་མིག་གིས་མ་མཐོང་།།
    རྒྱང་རིང་གི་འཇིག་རྟེན་ཞིག་ལ་མགོ་བོ་བསྔས་ནས།
    སེམས་དང་བསམ་པའི་ཟུར་ན་ཡོད་ནོ་ཅི་ཞིག
    དོན་ངོ་མའི་དཔེ་ཆ་བའི་ངོ་གདོང་རིག་གི།
    ཟོས་གོས་ངན་ངོན་ཙམ་ལ་ཆོག་ཤེས་བསྟེན་གི
    མི་ལོ་ཉིས་སྟོང་སྔོན་གྱི་འགུལ་སྐྱོད་ལ་བསམ་ན།
    བརྡ་འཕྲིན་དུས་རབས་འདི་ཡི་རྗེས་ལུས་ཤིག་ཨེ་ཡིན།
    ལང་ཚོ་རྒྱས་པའི་བཙུན་པ་ཆུང་ཆུང་ཚོ།
    འཇིག་རྟེན་གྱི་མཛའ་བརྩེ་གོར་མོ་རྡོ་ལ་བརྡབས་ནས།
    བསམ་བློའི་ངར་ཤུགས་དམ་པའི་ཆོས་ལ་ཕྱོགས་ཏེ།
    རྒ་བ་རིམ་གྱིས་འོང་བ་ཞིབ་ཏུ་དཔྱོད།

  12. མིག་བརྒྱད་པ། says:
    2012-02-17 at 7:35 am

    གྲིབ་གཟུགས་ཀྱི་སྙན་ཚིག་འདི་རང་མོས་སྙན་ངག་ཡིན་ནམ་བབ་ཆགས་སྙན་ངག་ཡིན། དོན་དག་གཏིང་རིམ་ན་ཡོད་གི །ཁྱོད་གྲྭ་སའི་བཙུན་ཆུང་ཞིག་གིས་སྙན་ངག་འདི་འདྲ་བྲིས་ན་གཞན་གྱིས་གོ་བ་ལེན་ཐུབ་ཀྱི་མ་རེད།

  13. གྲིབ་གཟུགས་ says:
    2012-02-17 at 11:17 am

    རང་མོས་སྙན་ངག་དང་ངའི་བར་ད་དུང་རྒྱང་ཐག་རིང་པོ་ཡོད། ངའི་སྙན་ངག་འདི་ལུས་ཅི་འདྲ་ཞིག་ཡིན་མིན་ནི་ཁྱེད་ཀྱིས་གོ་བ་གང་འདྲ་ཞིག་བླངས་ཀྱང་མི་འགྲིག་པ་མེད། གང་ལྟར་དངོས་ཡོད་དང་ཅུང་ཐག་ཉེ་པོ་ཡོད་པས་གོ་རྒྱུ་ཅུང་ཞིག་ཡོད་ཀྱང་སྲིད།

  14. ཤར་ཕྱོགས་ཀྱི་འོད་སྣང་། says:
    2012-02-17 at 11:31 am

    མིག་བརྒྱད་པ་ལགས།
    དོན་དངོས་ཀྱི་གྲྭ་རྐྱང་ཚོ་ནི། སྔོན་བྱོན་དམ་པའི་མཛད་རྗེས་ལ་ཡིད་སྨོན་ཤོར་ཡང་། དེང་རབས་ཆོས་པའི་གཟུགས་ཅན་ལ་ཞེན་པ་ལོག་གཤིས། ཕྱིས་འབྱོན་མི་རབས་ཀྱི་མདུན་ལམ་ལ་སེམས་ཁྲལ་གྱིས་གང་བས། བརྡ་ཕྲིན་དུས་རབས་ཀྱི་རྗེས་སུ་བསྙེག་རྒྱུའི་གོ་སྐབས་ཤིག་ག་ལ་འོང་། མ་རེད་དམ།

  15. མིག་བརྒྱད་པ། says:
    2012-02-17 at 1:19 pm

    རེད་རེད། ཤར་ཕྱོགས་འོད་སྣང་ལགས། སོར་མོ་ལྔ་ཡི་བར་མཚམས་ཟེར་དོན་ཅི་ཡིན། བརྡ་འཕྲིན་དུས་རབས་ཀྱི་བརྡ་རྟགས་ཤིག་ཡིན་འགྲོ

  16. མིག་བརྒྱད་པ། says:
    2012-02-17 at 1:38 pm

    སྐད་ཆའི་སྐོར་ཕྱོགས་ཞིག་གིས་ཐུར་གསུམ་ཐུར་ལ་དྲུད་ཚར་འདུག་ཅེས་པའི་ཐུར་གསུམ་པོ་གང་ཡིན། མ་གཞི་ནས་ཁ་ཐུར་དུ་འཁོར་བ་ལ་ཟེར་གི་ཡོད་པ་འདྲ། དེ་ཡིན་ན་ཁ་ཐུར་དུ་ཕྱོགས་ན་དམྱལ་བར་འགྲོ་བའི་རྟགས། ཁ་གྱེན་དུ་འཁོར་ན་ཐར་བ་འཐོབ་པའི་རྟགས་ཟེར་སྲོལ་ཡོད། ཨ་ལགས་ཚེ་རྟན་གྱི་ལམ་རིམ་ན་དེ་ལ་གན་བུབ་ཅེས་གསུངས་འདུག །བདེ་འགྲོའི་གནས་སུ་གན་གྱལ། ངན་འགྲོའི་གནས་སུ་ཁ་བུབ་ཟེར།

  17. མིག་བརྒྱད་པ། says:
    2012-02-17 at 1:42 pm

    བཙུན་ཆུང་ཚོ། བྱས་ཙང་། མཇེ་མགོའི་ཁ་ཐུར་དུ་ཕྱོགས་ཡོད་པས་གཟབ་གཟབ་མ་བྱས་ན་ངན་འགྲོར་འགྲོ་བའི་རྟགས་སོ།།

  18. གྲིབ་གཟུགས། says:
    2012-02-17 at 11:26 pm

    མིག་བརྒྱད་པ་ལགས་ཀྱིས་ངའི་རྩོམ་ཡིག་འདིར་ཞིབ་ཆ་མི་ཉུང་བ་ཞིག་གནང་འདུག་པས་ཐུགས་རྗེ་ཆེ་ཞུ།
    ཡིན་ནའང་གྲྭ་རྐྱང་ཚོའི་དོན་དམ་པའི་དཀའ་ངལ་དེར་ཁྱོད་ཀྱིས་གཙོས་པའི་དྲ་གྲོགས་ཚོར་གོ་བ་ལེན་སྟངས་མི་འདྲ་བ་ཞིག་འདུག ང་རང་གིས་འདོད་ཚུལ་ལ་གྲྭ་རྐྱང་ཚོའི་དོན་ངོ་མའི་དཀའ་ངལ་དེ་ནི་མི་འདོད་བཞིན་དཀོར་ཟས་ལ་ལོ་ནས་ལོར་སྤྱོད་དགོས་པ་དང་། མི་ཚེའི་ནང་གི་གསོན་ཤུགས་ལྡན་པའི་དུས་ཚོད་མང་ཆེ་བ་ཁ་ཡོད་ལག་ཡོད་མིན་པའི་ཤེས་བྱའི་ཁྲོད་ནས་ཅི་ཡིན་འདི་ཡིན་མེད་པར་ཡལ་འགྲོ་བ་དེ་རེད་འདོད། མ་ཟད་འཚོ་བའི་ཐད་ད་དུང་རང་རྐང་ཚུགས་མི་ཐུབ་པ་དེ་ནི་གྲྭ་རྐྱང་ཚོའི་དོན་ངོ་མའི་དཀའ་སྡུག་ཅིག་ཡིན་པར་འདོད།

  19. གཉན་གཡག་ཕྲུག says:
    2012-02-18 at 12:15 am

    ༄༅།། དྲ་གྲོགས་ཚོ་ད་ནི་སྙན་ངག་བྲིས་ནས་བསྡོད་པའི་དུས་ཚོད་མ་རེད། རང་ཡུལ་ལ་གཟིགས་དང་སྟོང་པར་གྱུར་འདུག །རང་རིགས་འདས་པའི་ཕུང་པོ་རི་རབ་དང་འདྲ་བ། ད་འོ་ན་ང་ཚོས་བྱེད་དགོས་པ་དེ་གང་ཡིན་ནམ།
    དེ་ལས་སླ་པོ་རེད། རང་རེ་ཚང་མར་ནུས་པ་གཅིག་མཚུངས་ཡོད་པ་དེ་ནི། ང་ཚོས་སྒྲུབ་འཐུབ་པ་ནི། མི་བཟོ་དགོས་པ་རེད། བོད་པ་གཙང་མ་བཟོ་དགོས་པ་རེད། དེར་ཤེས་ཡོན་གྱི་སྦྱོང་བརྡར་སྤྲད་ནས་བོད་མིའི་བདེ་དོན་གྱི་ཆེད་རང་སྲོག་ཤོར་བ་ཚོའི་ཚབ་མི་གཅིག་ལ་བཅུ་དང་བཅུ་ལ་བརྒྱ་དགོས་པ་རེད། དེ་དག་མུ་མཐུད་ནས་རང་གི་མི་རིགས་འདི་གཙང་མ་སྐྱེད་བསྲིང་བྱས་ནས་ཇི་སྲིད་རང་དབང་མ་འཐོབ་ཀྱི་བར་དུ་དེ་སྲིད་དུ་འཐབ་རྩོད་བྱས་རང་དབང་གི་རྒྱལ་ཁ་འཐོབ་པར་ཐེ་ཚོམ་མི་དགོས་པ་ཡིན།།
    ཕོ་གསར་མོ་གསར་ཚོ།། བོད་མིའི་མི་ཡི་བཟོ་གྲ་གསར་པ་སྒོ་ཕྱེ་དགོས་པའི་དུས་དེ་སྔ་དྲག་མིན་ལ་ཕྱིས་ཀྱང་དྲག་མིན། རིག་པ་སྒྲིམས་ནས་བོད་མིའི་མི་འབོར་འཕེལ་རྒྱས་གཏོང་རོགས་དེ་དགེ་བ་རེད། གཟི་བརྗིད་རེད། འཇོན་པོ་རེད། ཕོ་དགོས་རེད། མཁྱེན་སོང་ངམ།།

  20. གྲིབ་གཟུགས། says:
    2012-02-18 at 1:39 am

    བོད་མིའི་བཟོ་གྲྭ་གསར་པ་མི་དགོས་པར་སྔ་མོ་ནས་ཡོད་ཡོད་པ་རེད། མི་སྐྱ་མང་ཆེ་བས་ཕལ་ཆེར་ལོ་རེར་མི་གསར་པ་རེ་བཟོ་བཞིན་པ་རེད། དེ་བས་འདས་ཟིན་པའི་དཔའ་བོ་དཔའ་མོ་དག་གི་ཆེད་རང་ཉིད་ཀྱི་ཚེ་སྲོག་མེ་རུ་སྒྲོན་མ་ཐུབ་ཀྱང་འཆི་ལ་ཁད་པའི་བོད་སྐད་ཡིག་གི་ཐོག་ནས་སྙན་ངག་ཐན་ཐུན་རེ་འབྲི་བ་དེ་ཡང་རང་མི་རིགས་ལ་ཕུལ་བའི་ཞབས་འདེགས་ཤིག་རེད་འདོད།

  21. གྲིབ་གཟུགས། says:
    2012-02-18 at 1:49 am

    མིག་བརྒྱད་པ་ལགས། མཇེ་མགོ་ཐུར་དུ་ཕྱོགས་པ་དེ་ངན་འགྲོར་འགྲོ་བའི་རྟགས་ཡིན་ན་གྱེན་དུ་འགྲེངས་པ་དེ་ཐར་པ་ལ་འགྲོ་རྟགས་ཨེ་རེད། ཧ་ཧ། མིག་བརྒྱད་པའི་མཐོང་རྒྱ་ལ་ལྟོས་དང་། ལྟད་མོ་འདུག་གོ།

  22. ཤར་ཕྱོགས་ཀྱི་འོད་སྣང་། says:
    2012-02-18 at 1:53 am

    རེད་རེད། མིག་བརྒྱད་པ་ལ་དངོས་གནས་མཐོང་ཐོས་རྒྱ་ཆེན་པོ་འདུག

  23. དོལ་སྨྱོན། says:
    2012-02-18 at 2:06 am

    གྲིག་གཟུགས་ཀྱི་བསམ་ཚུལ་ལ་ངོས་ལེན་ཡོད།
    ང་ཚོས་རང་ས་རང་ནས་ཅི་འཇོན་གང་འཇོན་རེ་བྱས་ན་དེ་ཀས་འཐུས་པ་རེད།
    དེ་མིན་བོད་ནང་མི་ཤི་སོང་ན་ང་ཚོས་གང་ཡང་མ་བྱས་པར་ངུ་ནས་སྡོད་དགོས་པ་ཡིན་ནམ།

  24. ཤར་ཕྱོགས་ཀྱི་འོད་སྣང་། says:
    2012-02-18 at 2:36 am

    གཉན་གཡག་ཕྲུག་ལགས། མ་གཞི་བོད་མི་རིགས་ཀྱི་གྲངས་འབོར་དེ་རྟག་བརྟན་འགྱུར་བ་མེད་པའི་གཡུང་དྲུང་འདྲ་ནི་མིན་འགྲོ། ག་དུས་ཡིན་ནའང་ས་ཡ་དྲུག་རྐྱང་རྐྱང་གླེང་དོན་ཅི་ཡིན་ནམ། མི་ཡི་བཟོ་གྲྭ་ཆེ་ཐག་ཆོད་ཅིག་ཁྱེད་ཀྱི་བཞུགས་ཁྱིམ་ན་ཡོད་སྲིད་ཀྱང་བཟོ་གྲྭའི་ཐོན་སྐྱེད་སྐོར་རྩིས་ཁྲའི་ནང་ཚུད་མིན་སྐོར་མི་རིགས་ཀྱི་གྲང་འབོར་ལ་འགྱུར་ལྡོག་མེད་པས་ཀྱང་ལས་སླ་པོར་རྟོགས་ཀྱིན་མི་འདུག་གམ། ད་དུང་མི་ཡི་བཟོ་གྲྭ་འདྲ་གླེང་ནས་ཆོ་ཅི་ཡོད་རེད། ཧེ་ཧེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme