Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲྭ་བཙུན་ལ་མཚོན་ནའང་བཟང་ངན་གཉིས་ཡོད་པས་བཟང་པོར་གང་བརྩི་འོས་སམ།

Posted on 2015-10-252015-10-25 By ཁ་བརྡ 1 Comment on གྲྭ་བཙུན་ལ་མཚོན་ནའང་བཟང་ངན་གཉིས་ཡོད་པས་བཟང་པོར་གང་བརྩི་འོས་སམ།

འདྲི་བ་བོ། རྒྱལ་ཚང•འཇམ་དབྱངས།
ལན་མཛད་མཁན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

 
༡༽ དྲི་བ། དགེ་འདུན་པའི་གཞི་མ་ཞེས་པ་ནི་གང་འདྲ་བ་ཞིག་ལ་ངོས་འཛིན་དགོས་སམ།

ལན། གོན་པ་དམར་པོ་ཞིག་གོན་ཡོད་ཚད་པོ་ལ་དགེ་འདུན་པ་ཟེར་པ་མིན་ལ། དགེ་འདུན་པ་ཟེར་བ་གང་ལྟ་བུ་ཞིག་ལ་ངོས་འཛིན་དགོས་པ་རེད་ཟེར་ན། དེ་ནི་ཐོས་བསམ་སྒོམ་གསུམ་བྱེད་ཀྱིན་ཡོད་མཁན་དང་། ཚུལ་ཁྲིམས་ལེགས་པར་སྲུང་མཁན་དང་། སྤང་བླང་གི་བྱ་བར་བརྩོན་མཁན། བསྟན་པ་དང་སེམས་ཅན་གྱི་དོན་སྒྲུབ་ཀྱིན་ཡོད་མཁན་རྣམས་ལ་དགེ་འདུན་པའི་གཞི་མ་ཞེས་བཤད་པ་ཡིན།

༢༽ དྲི་བ། གྲྭ་བཙུན་ལ་མཚོན་ནའང་བཟང་ངན་གཉིས་ཡོད་པས་བཟང་པོར་གང་བརྩི་འོས་སམ།

ལན། དཔེ་ཆར་སུ་མཁས་ན། ཚུལ་ཁྲིམས་སུའི་དག་ན། སུ་ལ་བསྟན་པ་སེམས་ཅན་གྱི་དོན་ལ་ལྷག་བསམ་ཡོད་ན། སུས་ཐོས་བསམ་སྒོམ་གསུམ་དང་དཔེ་ཆ་སློབ་གཉེར་བྱེད་ན། དེ་ནི་ཐམས་ཅད་ཀྱི་གོང་ལ་འཇོག་རྒྱུ་དང་བརྩི་བཀུར་བྱེད་རྒྱུ་རེད་མ་གཏོགས། སྒོར་མོ་ཡོད་ནི་ཙམ་དང་དེ་བཞིན་མིང་ཆེན་པོ་བཏགས་ཡོད་ནི་ཙམ་གྱིས་སུ་ལ་ཡང་ངོ་ཆེ་ནི་མ་རེད། ད་རུང་བུ་རྒོད་རྒོད་བྱེད་ཀྱིན་ཡོད་ནི་དང་། ཚོང་རྒྱག་གི་ཡོད་ནི་དང་། གོན་པ་གོང་ཆེན་གྱོན་གྱིན་ཡོད་པ་ནི་དེ་ཚོའི་རིགས་དང་། སྒོར་མོ་མང་པོ་བེད་སྤྱོད་བྱེད་ནི་དང་། ཁ་པར་སོགས་གོང་ཆེན་འཛིན་ཁུལ་བྱེད་ནི། དེ་ཚོའི་སྐོར་ཡོངས་སུ་རྫོགས་པ་ཚང་མའི་བློར་མི་འབབ་པ་དང་། མིག་ཏུ་མི་འགྲོ་རྒྱུའི་སྐོར་ལ་བརྩི་བར་བྱེད་ཀྱིན་ཡོད།

༣༽ དྲི་བ། འགའ་རེས་བཤད་རྒྱུར། མདུན་ལམ་ནི་ཕ་མ་དང་ཉེ་དུ་སོགས་ཀྱི་ཁ་ལ་ཉན་ཏེ་འཚོལ་དགོས་པ་རེད་ཟེར། ཡང་འགའ་རེས་བཤད་རྒྱུ་ལ། རང་གི་མདུན་ལམ་རང་ལ་རག་ལས་པས་རང་གིས་འཚོལ་དགོས་རེད་ཟེར། གང་ལྟར་ང་དང་ང་ལྟ་བུའི་ཚོས་མདུན་ལམ་འཚོལ་དུས་དེ་ལ་སྔོན་འགྲོ་ཡོད་དམ།

ལན། རང་གིས་ཅི་བྱེད་བསམ་ན་རང་གི་ལག་ན་ཡོད་པས་ཅི་ཞིག་བྱེད་དགོས་ན། རང་གི་མདུན་ལམ་རང་གིས་ཐག་གཅོད་དགོས་ས་རེད་མ་གཏོགས། རང་གར་བསྡད་དུས་མི་ཚེ་ཡ་མ་བརླ་ཞིག་གི་ནང་ནས་མཇུག་རྫོགས་རྒྱུ་རེད།

༤༽ དྲི་བ། གྲྭ་བཙུན་ཚོས་བསྒྱུར་བཅོས་དགོས་པའི་མཛད་སྤྱོད་ཡོད་དམ།

ལན། གྲྭ་པ་ཚོས་འདོན་ཆ་རྣམས་མྱུར་མོར་བཀླག་ཐུབ་མི་ཐུབ་དང་། རྔ་དང་རོལ་མོ་རྡུང་ཤེས་དང་མི་ཤེས། གཏོ་སོགས་ཆོ་ག་བཀླག་པའི་གོ་རིམ་ཤེས་དང་མི་ཤེས་ཀྱི་སྒོ་ནས་མཁས་པ་དང་བླུན་པོ་སུ་ཡིན་མིན་གྱི་དབྱེ་བ་འབྱེད་པ་ལས། ཐོས་བསམ་ལ་སློབ་གཉེར་དགོས་པས་དེའི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་ཧ་ཆང་གལ་ཆེ་བའི་གནས་ཤིག་རེད།

བཅར་འདྲི།

Post navigation

Previous Post: བོད་སྐད་ཤོད།
Next Post: འབྲོག་རིའི་བུ་མོ།

Comment (1) on “གྲྭ་བཙུན་ལ་མཚོན་ནའང་བཟང་ངན་གཉིས་ཡོད་པས་བཟང་པོར་གང་བརྩི་འོས་སམ།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-27 at 2:46 am

    བཟང་ངན་གཉིས་ལས་མི་ཚད་བཞི་ཡོད་རེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme