Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲྭ་པས་ཆུང་མ་བླངས་ཆོག་གམ།

Posted on 2011-08-04 By དབང་ཕྱུག་ 28 Comments on གྲྭ་པས་ཆུང་མ་བླངས་ཆོག་གམ།

220451536642

ལྷོ་ཕྱོགས་ཉི་ཟླ།

ཉེ་ལམ། བོད་མིའི་རིག་གནས་དྲ་བའི་ཟིན་བྲིས་སུ་རྒྱལ་ཁུངས་ཁ་ན་ཏར་འཚོ་གཞིས་གནང་གིན་པའི་བོད་པ་ཞིག་གིས་༼གྲྭ་བའི་ཆུང་མ་བླངས་ན་དམྱལ་བར་ལྷུང་སྲིད་དམ། རྒྱུ་མཚན་ཅི༽ཞེས་པའི་ཟིན་བྲིས་ཤིག་སྤེལ་འདུག་ལ། ཟིན་བྲིས་དེ་གར་ཁོ་དང་ཁོའི་དྲ་གྲོགས་མང་པོ་ཞིག་གི་ལབ་གླེང་སྐོར་ཕབ་བཤུ་བྱས་ནས་ཡོད་པ་རེད།
ལབ་གླེང་དེ་གར། ཉི་ཧོང་གི་དགོན་པའི་དགེ་སྐོས་ཡིན་ན་ངེས་པར་ཆུང་མ་ལེན་དགོས་ཚུལ་དང་། མོང་གོལ་ལམ་སོག་པོའི་གྲྭ་བ་ཚང་མར་ཆུང་མ་ཡོད་རབས་ལབ་སྟེ་གྲྭ་བ་དག་གིས་ཀྱང་ཆུང་མ་བླངས་ཆོག་པའི་གནས་ལུགས་སློང་གིན་ཡོད་ཅིང་། བསྒྲུབ་བྱེད་དུ་སློབ་དཔོན་པདྨ་འབྱུང་གནས་ལ་ཆུང་མ་ཡོད་ཚུལ་ནས་ཆོས་གཞུང་རྣམས་སུ་གྲུབ་པ་ཚད་ངེས་ཅན་ཞིག་ཏུ་བསྙེགས་ན་དགེ་སློང་ཡིན་ཡང་བུད་མེད་ཀྱི་འདོད་པ་ལོངས་སུ་སྤྱད་ཆོག་པ་༼ཕལ་ཆེར་སྔགས་ལམ་ལས་ཤོད་ཀྱིན་པའི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུ་བཤད་པར་ངེས༽སོགས་ལུང་འདྲེན་བྱས་ནས་ཡོད་པ་རེད།
སྤྱིར་ན་མི་རིགས་གཞན་ཞིག་དང་ཆོས་ལུགས་གཞན་གྱི་མིས་སྐད་ཆ་འདི་འདྲ་བཤད་ཆོག་ཆོག་རེད་མོད། འོན་ཀྱང་བོད་བརྒྱུད་ནང་བསྟན་ལ་རྒྱུས་མངའ་ཆེ་ཞིང་། རི་བོ་དགེ་ལྡན་པའི་ལུགས་ལ་གསལ་ཆ་ཡོད་མཁན་ཞིག་གི་ངོས་ནས་བཤད་ན། སྐད་ཆ་ལ་ལ་ཞིག་རྡོ་ཆག་བཙན་སྒྲིག་དང་། ཡང་ལ་ལ་ཞིག་ཤེས་ཀྱང་མ་ཤེས་ཁུལ་བྱེད་པའི་གླེང་ཕྱོགས་འདི་ལྟ་བུ་ལ་ཁོ་བོས་མཐའ་གཅིག་ཏུ་དགག་པ་རྒྱག་ངེས་ཏེ། གཅིག་ཏུ་ན་བོད་ཀྱི་གྲྭ་བའི་༼དགེ་སློང༽གཞི་སྡེ་དེ་དགེ་ལུགས་པར་སུས་ཀྱང་ངོས་འཛིན་ཤེས་པ་དང་། གཉིས་སུ་ནས་དགེ་ལྡན་པའི་ལུགས་ལ་བཀས་བཅད་གང་ཡང་མ་བྱས་པའི་དེ་རིང་མི་ཆ་ཡོད་ལ་གཏམ་ཆ་མེད་འདི་འདྲ་བཤད་པ་ནི་དངོས་ནས་ཨ་ཙ་མའང་སྙམ་བྱུང་བས་ན། དྲ་གྲོགས་ཁྱེད་རང་གིས་ཀྱང་རང་གི་འདོད་ཚུལ་རེ་བཤད་རོགས་གནོང་ཅིག་གུ །

༼མཚོ་སྔོན་པོའི་ཟིན་བྲིས་ནང་ནས་བཤུས་ཡིན།༽

སྣ་ཚོགས།

Post navigation

Previous Post: མཁན་པོ་ཨ་ཁྱིག་སང་སྐུ་གཤེགས་པའི་སྐོར་གྱི་གནས་འཕྲིན་ཁ་གསལ་ཁུངས་དག་ཅིག
Next Post: དམ་འབུལ་ཐོབ་སྐར་གོར་ཐིག་རེད།

Comments (28) on “གྲྭ་པས་ཆུང་མ་བླངས་ཆོག་གམ།”

  1. ཀླུ་སྨྱོན། says:
    2011-08-04 at 5:50 am

    ཁྱོད་ཚོས་ད་བར་དུ་གྲྭ་པས་བུ་མོ་མནའ་མ་བླངས་ན་ཆོག་མིན་གླེང་བ་རེད། ད་ནི་བུ་མོས་གྲྭ་པ་མག་པར་བླངས་ན་འགྲིག་མིན་གླེང་དགོས་ཀྱི་འདུག་པས། དེའི་ཐད་དུ་ཡང་དཔྱད་བརྗོད་འདྲ་མིན་བོང་མཇེ་ལངས་ལངས་བྱོས་ཤིག

  2. མིག་བརྒྱད་པ། says:
    2011-08-04 at 7:08 am

    གྲྭ་བས་ཆུང་མ་ལེན་ཆོག་གི་མ་རེད། དེ་བཞིན་བཙུན་མས་ཀྱང་མག་པ་ལེན་ཆོག་གི་མ་རེད། གང་ཡིན་ཟེར་ན། གཉིས་ཀ་རབ་བྱུང་བ་ཡིན་པས་སོ། །གལ་ཏེ་འདོད་ཆགས་ཀྱིས་ཨ་མ་བརྟན་ན་བསླབ་པ་ཕུལ། དེ་ནས་ཡང་བསྐྱར་སྡོམ་པ་ལེན་ཆོག་གི་རེད། དེ་ནི་ལུགས་དང་མཐུན་པ་ཡིན་ལ་བཅོམ་ལྡན་གྱིས་ཀྱང་གནང་ཡོད་པ་རེད། མདོ་དང་རྒྱུད་སྡེ་དུ་མར་ཉོན་མོངས་དུག་གསུམ་ལས་འདོད་ཆགས་ལ་དམིགས་བསལ་གུ་ཡངས་ཡོད་པ་འདྲ། དེ་མིན་རབ་བྱུང་བ་ཡིན་པའི་ཁར་བཟའ་ཚང་བསྒྲིགས་པ་ཞིག་མདོ་དང་རྒྱུད་སྡེ་གང་ནའང་མེད། སྐྱེས་པ་ཡིན་ན་ཐེངས་བདུན་ལ་སྐྱ་སར་བབས་ཆོག་པ་བྱེ་སྨྲ་དག་གིས་འདོད་པ་རེད། བུད་མེད་ཡིན་ན་དེ་ལྟར་བྱེད་ཆོག་གི་མེད་པ་རེད། དེ་ཡང་རྟེན་གྱི་ཆ་ནས་སྡོམ་པ་སྐྱེ་རུང་མི་རུང་གི་ཆ་ནས་ཡིན་རྒྱུ་རེད།

  3. ཀརྨ་ཡེ་ཤེས། says:
    2011-08-04 at 7:24 am

    བོད་རྒྱུད་ནང་བསྟན་འདི་ལ་ཁྱད་མཚར་བོ་ཞིག་སྔ་ནས་ངས་མཐོང་གི་ཡོད། གང་ཡིན་ཞེ་ན་སྤྲུལ་སྐུའི་གནའ་མ་བླངས་ན་དགོས་པ་དང་། གྲྭ་པའི་སྡོམ་པ་ཤོར་ན་ལྟས་ངན་དུ་རྩི་བ་འདི་ཧེ་བག་སུ་ཡིས་འབྱེད། གསུང་དང་།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  4. མིག་བརྒྱད་པ། says:
    2011-08-04 at 7:37 am

    དེ་ནི་བོད་ཀྱི་ནང་བསྟན་གྱི་ཁྱད་མཚར་ཞིག་མ་རེད། དེ་ནི་བོད་སྲོལ་རྒྱུན་གྱི་ཁྱད་མཚར་རེད། དམ་ཆོས་འདུལ་བའི་ནང་དུ་བསླབ་པ་རྒན་རིམ་ནས་བརྩི་བ་མ་གཏོགས་རིགས་མཐོ་དམན་དང་དབུལ་ཕྱུག མཁས་བླུན། སྤྲུལ་སྐུ་ཡིན་མིན་གྱི་གྲལ་རིམ་དབྱེ་འབྱེད་མེད།

  5. འཚུབ་དགའ says:
    2011-08-04 at 9:06 am

    གྲྭ་བས་མནའ་མ་ལེན་ཆོག་མིན་ནི་གྲྭ་བའི་རྩ་རྟགསབཞི་ལས་མི་གཙང་བ་སྤྱོད་པ་བསྲུང་དགོས་
    མིན་ལ་རག་ལད་པ་རེད་ལ་གྲྭ་བ་ལ་ཆོག་མི་ཆོག་ནི་གཙོ་བོར་འདུལ་གཞུང་ལས་དགག་བྱ་ནན་མ་
    ནན་ལ་ཐུག་པ་རེད། ཡང་སྔགས་པ་ལ་གྲྭ་བ་ཟེར་ན་ལེན་ཆོག་ཀྱང་དེའི་ཚབ་སྔགས་ཀྱི་དམ་
    ཚིག་ས་མ་ཡ་འབུམ་ཕྲག་སྲུང་དགོས་པས་དེ་ཡང་དེ་ལས་དཀའ་བར་འགྱུར་བས་གྲྭ་བ་དང་སྔགས་
    པ་སོགས་སྡོམ་པ་དམ་ཚིག་བསྲུང་དགོས་པའི་གང་ཟག་ནི་དཀའ་ལས་ཁོ་ནས་གནས་སུ་གྱུར་བ་
    ལས་འཇིག་རྟེན་གྱི་བདེ་སྐྱིད་ཕལ་ཆེར་དགྲ་རུ་འགྱུར་བ་ལྟ་བུ་རེད། ངས་འདི་ལྟར་བསམ་བློ་ཞིག་
    གཏང་དུས་འདུལ་གཞུང་ཞིག་ཏུ་སྔར་གུ་གེའི་ཡུལ་དུ་རྩ་བ་བཞི་ལས་གཉིས་དོར་
    གཉིས་བསྲུང་ཡན་ལག་ཀྱང་དེ་བཞིན་ཕྱེད་ཕྱེད་ཕྲི་གསུངས་བ་ཞིག་མཐོང་མྱོང་འདུག་པས་
    ཨུ་ཐུག་ན་དེ་ལྟ་བུའི་གྲྭ་བ་ཞིག་བྱས་ན་ཅུང་ལེགས་པར་སེམས་ཏེ། སྔ་མ་ཡང་སྲོལ་ཡོད་
    པས་སོ། འོན་ཀྱང་གྲྭ་བ་དགོན་པར་གནས་དགོས་ན་ཐོག་མར་དེ་ལྟ་བུའི་འདུལ་དགོན་ཞིག་
    གསར་བསྐྲུན་བྱ་ཐུབ་པར་དགོས་མོད།

  6. སྐྱབས་བཅོལ་བ། says:
    2011-08-04 at 9:43 am

    ཡག་པོ་རེད། དཔེ་ཡག་པོ་རེད། ཆོག་གི་རེད། བན་དེས་མནའ་མ་ལེན་ཆོག་ནི་རེད། མི་ཆོག་དོན་ཡོད་མ་ཡོད་མ་རེད། དཔེར་ན་འཇར་པན་ནང་བཞིན་རེད། དང་པོ་འཇར་པན་ལ་གཅིག་གཟིགས་རོགས།

  7. སྐྱབས་བཅོལ་བ། says:
    2011-08-04 at 9:46 am

    པར་འདི་སོག་པོའི་པར་རེད། སོག་པོ་ཚོས་ཅིག་ཅིག་མིག་མིགརེད་ཡ

  8. སྐྱབས་བཅོལ་བ། says:
    2011-08-04 at 9:50 am

    སོག་པོའི་བན་དེ་་་དེ་ཚོའི་སོག་པོ་རེད། དགེ་ལུགས་ཚང་གི་བན་དེ་རེད།

  9. ཀཱི༔ལུང་ཐུབ་བཟང་ says:
    2011-08-04 at 10:08 am

    གྲྭ་བས་བུད་མེད་ཉར་ཆོག་མིན་གྲྭ་བ་ཞེས་པའི་རྗོད་དོན་མ་འདྲེས་པར་ངོས་ཟིན་དགོས། སྤྱིར་སྡུས་གྲྭ་བ་དང་།
    ལས་གྲྭ་བ་དང་། བཟོ་གྲྭ་བ་སོགས་མང་པོ་ཡོད། འོན་ཅིང་སྐབས་འདིར་རབ་ཏུ་བྱུང་བ་དང་སྙེན་པར་རྫོགས་པ་ཁོ་ནར་གོ་བའི་དབང་དུ་བྱས་ན་ཕམ་པ་བྱུང་ཀྱང་མ་བཅོས་བའི་རབ་བྱུང་ཡིན་པ་ཞིག་ཡོད་མི་སྲིད།

  10. སྟག་ར་ says:
    2011-08-04 at 12:21 pm

    སྤྲིན་པ་ཁ་སེར་གཏིང་ནག སད་དང་སེར་བའི་གཞི་མ། བན་དྷེ་སྐྱ་མིན་སེར་མིན། སངས་རྒྱས་བསྟན་པའི་དགྲ་བོ། ཀྱེ་མ། ཀྱེ་མ། ཀྱེ་མ། ཀྱེ་མ།

  11. མིག་བརྒྱད་པ། says:
    2011-08-04 at 1:23 pm

    སྔ་མ་རྡོ་རྗེ་གདན་ནས་སྨོན་ལམ་སྐབས། རྙིང་མའི་མཁན་པོ་ཞིག་གིས་འདུས་མང་ལ་གསུང་བཤད་གནང་གསལ། ད་གཟབ་གཟབ་བྱེད་ན་མ་གཏོགས་དཀོན་མཆོག་གཉིས་མ་གཏོགས་ལྷག་མེད་གི །ང་ཚོའི་སྤྱི་ཚོགས་ནང་དགེ་འདུན་དཀོན་མཆོག་ཕལ་ཆེར་འཇིག་ཚར་བ་རེད་ཅེས་ཟེར།

  12. འབྲོང་བུ་སོག་ཚ། says:
    2011-08-04 at 2:04 pm

    དེང་སང་དུས་ངན་སྙིགས་མ་བདོལ་བའི་དུས་འདིར། གྲྭ་པ་ཚོ་ཕར་ཞོགས། སྤྲུལ་སྐུ་དང་རིན་པོ་ཆེ་ཟེར་བ་འདི་ཚོས་སངས་རྒྱས་ཀྱིས་གསུང་པའི་ཚིག་གཅིག་ལ་ཉམས་ལེན་ཚུལ་བཞིན་དུ་ལེན་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་ཀུན་སྤྱོད་འདྲ་མིན་དང་། མི་སྐྱ་ལས་ངན་པའི་རིགས་བསྟན་དང་བསྟེན་བཞིན་པ་འདི་ཡིས། མ་འོངས་པར་དད་ལྡན་རྣམས་དད་མེད་དུ་འགྲོ་ཉེན་ཆེ་བས་དེ་དོན་བླ་སྤྲུལ་ཚོའི་ཐུགས་ལ་བསྟི་བར་འཚལ། ཡང་ཁག་ཅིག་གིས་མི་དེ་ཚོ་བསོད་ནམས་མེད་པའི་རེད་ཟེར་བས། དེ་ལྟར་ཡིན་ན་འགྲོ་དོན་བསྐྱངས་སའི་སེམས་ཅན་མེད་ན་སངས་ག་འདྲ་བྱས་རྒྱས་ཀྱི་ཡོད་མེད་འབྲེལ་བཤད་ཞིག་བཀྱོན་རོགས་གནང་དང་། ཐམས་ཅད་གཅིག་ལ་གཅིག་བལྟོས་ཡིན་པས་ཉམས་ལེན་ཚུལ་བཞིན་གནང་བར་ཞུ།

  13. འབྲོང་བུ་སོག་ཚ། says:
    2011-08-04 at 2:04 pm

    དེང་སང་དུས་ངན་སྙིགས་མ་བདོལ་བའི་དུས་འདིར། གྲྭ་པ་ཚོ་ཕར་ཞོགས། སྤྲུལ་སྐུ་དང་རིན་པོ་ཆེ་ཟེར་བ་འདི་ཚོས་སངས་རྒྱས་ཀྱིས་གསུང་པའི་ཚིག་གཅིག་ལ་ཉམས་ལེན་ཚུལ་བཞིན་དུ་ལེན་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་ཀུན་སྤྱོད་འདྲ་མིན་དང་། མི་སྐྱ་ལས་ངན་པའི་རིགས་བསྟན་དང་བསྟེན་བཞིན་པ་འདི་ཡིས། མ་འོངས་པར་དད་ལྡན་རྣམས་དད་མེད་དུ་འགྲོ་ཉེན་ཆེ་བས་དེ་དོན་བླ་སྤྲུལ་ཚོའི་ཐུགས་ལ་བསྟི་བར་འཚལ། ཡང་ཁག་ཅིག་གིས་མི་དེ་ཚོ་བསོད་ནམས་མེད་པའི་རེད་ཟེར་བས། དེ་ལྟར་ཡིན་ན་འགྲོ་དོན་བསྐྱངས་སའི་སེམས་ཅན་མེད་ན་སངས་ག་འདྲ་བྱས་རྒྱས་ཀྱི་ཡོད་མེད་འབྲེལ་བཤད་ཞིག་བཀྱོན་རོགས་གནང་དང་། ཐམས་ཅད་གཅིག་ལ་གཅིག་བལྟོས་ཡིན་པས་ཉམས་ལེན་ཚུལ་བཞིན་གནང་བར་ཞུ།

  14. ཀརྡོ་རབ་འབྱམས་པ་ says:
    2011-08-04 at 2:45 pm

    བསླབ་པ་ཕུལ་བ་དང་ཤི་ནས་མ་གཏོགས། གྲྭ་པ་རབ་འབྱུང་ཡིན་པས། ཆུང་མ་བླང་ཆོག་བགྱིད་མ་རེད།

  15. ཨ་ནུ་ཐང་བསོད་ནམས says:
    2011-08-04 at 3:42 pm

    གྲྭ་པ་ཆུང་པ་བླངས་ན་དགེ་མཚན་ཆེན་པོ་གསུམ་ཡོད་ཅིང་གནས་ཚུལ་དེས་གྲྭ་འབོར་ཉུང་དུ་སེམས་ཁྲལ་དང་མི་རིགས་རྩ་སྟོང་འགྲོ་བའི་སྡུག་ངལ། ནང་ཆོས་ཉམས་ཆགས་འགྲོ་བའི་དཀའ་ངལ་བཅས་འགོག་ཐུབ་ཅིང་ཁ་ཆེ་ལྟར་མི་མང་ཀུན་ཆོས་ལུགས་ཁྲོད་མཉམ་ཞུགས་བྱེད་ཐུབ་པའི་དགེ་མཚན་ལྡན་པས་གནས་ཚུལ་དེ་དགའ་འོས་དོན་བཟང་ཞིག་ཏུ་འདོད།

  16. ཨ་ནུ་ཐང་བསོད་ནམས says:
    2011-08-04 at 3:51 pm

    དགེ་མཚན་་དང་ཕན་གནོད་ལ་ལྟ་དགོས་བ་ལས་ལྟ་བ་མཁྲེགས་རྒྱུ་མང་ན་མཐའ་མ་ཡོད་ཚད་བརླགས་པའི་སྔ་ལྟས་ཡིན་པས་བསྟན་པ་ལ་དག་ཐེར་བཏང་མི་ཆོག་པའི་སྒྲུབ་བྱེད་དཀོན་པ་འདོད། འདུལ་བ་ཡུལ་ཁྲིམས་དང་སྟུན་དགོས་ཟེར་བ་གོ་མྱོང་ཡོད།

  17. ལྡོང་གསེར་མིག says:
    2011-08-04 at 4:09 pm

    བོད་ཀྱི་གྲྭ་བས་ཆུང་མ་ལེན་མི་ཆོག་པ་དང་། བཙུན་མས་མག་པ་ལེན་མི་ཆོག་པ་བོད་རྒྱུད་འདུལ་བའི་གཞུང་ལ་གཟིགས་དང་མཁྱེན་གི་རེད། གཤམ་དུ་བོད་ཀྱི་སྤྲུལ་སྐུ་དང་རིན་པོ་ཆེའི་མཚན་སྒྲོགས་པ་འགའི་མཛད་འཕྲིན་མཇལ་དུས་མིག་ནས་མཆི་མ་འབྲུལ་ཞིང་ལུས་ནས་བ་སྤུ་གཡོ་བའི་དད་གུས་དབང་མེད་དུ་འཕེལ་བ་རེ་འདུག
    http://www.youtube.com/watch?v=8w3yBkalPt4&feature=related

  18. ལྡོང་གསེར་མིག says:
    2011-08-04 at 4:21 pm

    འདི་ནའང་སྐུ་གཤེགས་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་དབུར་བཞུགས་ཐོག་ས་གནས་ཉེན་རྟོག་དམག་མི་དང་བཅས་པས་སྤྱན་དྲངས་པའི་ཡུམ་ཆེན་མཁའ་འགྲོ་དབང་མོའི་མཛེས་ཉམས་དང་། ཡབ་ཆེན་ས་སྐྱོང་རྒྱལ་པོའི་བརྗིད་ཉམས་སོགས་གཉེན་སྟོན་གྱི་མཛད་སྒོ་རྒྱས་པ་ཞིག་འདུག འདི་དག་གིས་བོད་ཀྱི་ཆོས་རིག་ལ་དོན་དངོས་སུ་ཕན་གནོད་གང་ཞིག་བྱུང་དང་འབྱུང་བཞིན་པའི་སྐོར་ལ་བསམ་ཚུལ་རེ་གསུངས་རོགས།
    http://www.youtube.com/watch?v=PkTmytojq68&feature=related

  19. འཚུབ་དགའ says:
    2011-08-04 at 5:42 pm

    སྡོང་གསེར་མིག་གིས་འཁོ་སྤྲོད་གནང་བའི་བརྙན་ཕབ་ཆ་ཚང་བལྟས་པ་ཡིན་དེ་ནི་སྔགས་རྒན་
    གྱི་གཉེན་སྟོན་འདྲ་ཡིན་ན་མ་གཏོགས་གྲྭ་བས་གཉེན་སྟོན་འདྲ་པོ་རྩ་བ་ནས་མི་འདུག་དེའི་ཁོར་
    ཡུག་གི་མི་ཚོ་གྲྭ་ཆས་ཆ་ཚང་གྱོན་མཁན་གཅིག་ཀྱང་མི་འདུག་

  20. བཙན་བྱོལ་བ། says:
    2011-08-04 at 6:34 pm

    གྲ་བ་དང་བླ་མས་ཆུང་མ་བླངས་ཆོག་གི་མེད་པ་ནི་བདེན་པ་རེད། འོན་ཀྱང་། གལ་ཆེ་ཤོས་ནི་གྲ་བས་མནའ་མ་བླངས་པ་ཡིན་ན་ནོར་འཁྲུལ་ཞིག་ཏུ་བརྩི་གི་ཡོད་མེད་དེ་ཡིན། དེ་ནི་བཙན་བྱོལ་ནང་དུ་དྲག་ག་ཡོད། དཔེར་ན་གྲ་བ་ཞིག་ལོག་ནས་བུད་མེད་མཉམ་དུ་ཆང་ས་རྒྱག་པ་ཡིན་ན་སྐྱ་སར་བསྡད་པ་མ་གཏོགས་བླ་མ་ཡིན་ཟེར་ནས་ཐོབ་ཐང་གང་ཡང་མེད། བོད་ནང་དུ་གནས་སྟངས་དེ་སྡུག་ཅག་ཡོད། བོད་ནང་དུ་བླ་མ་མང་ཆེ་བ་ལ་བདག་མོ་༼མནའ་མ་༽ ཡོད་པ་མ་ཟད་ད་དུང་ཡང་དེ་ལ་དད་པ་བྱེད་མཁན་ཡང་མང་པོ་ཡོད། བླ་མ་ལོག་ན་མཛད་པ་རེད་ཟེར་སྲོལ་ནི་ཡོངས་གྲགས་ལྟ་བུ་ཆགས་ཡོད། བྱས་ཙང་། དེའི་ཤུགས་རྐེྱན་གྱིས་བླ་མ་ལོག་མཁན་ནི་ཇེ་མང་རེད།

  21. ཀརྡོ་རབ་འབྱམས་པ་ says:
    2011-08-04 at 8:50 pm

    འདིར་རེ་བསྐུལ་ཞུ་རྒྱུ་གཅིག་ནི། བོད་ཀྱི་སྔགས་འཆང་ཚོས་སྔགས་ཆས་ལས་གྲྭ་ཆས་མ་གྱོན་རོགས་གནོངས།

  22. ཚ་ཕྲུག་རྒྱལ། says:
    2011-08-05 at 12:04 am

    གྲ་པ་དང་ཇོ་མོས་མནའ་མ་དང་མག་པ་ལེན་ཆོག་དང་མི་ཆོག་གིས་གླེང་བརྗོད་འདིར་ལྟ་ཚུལ་གསུམ་ཡོད།
    ༡༽ མིའི་སྤྱོད་ལམ་གང་ཅི་ཆོག་དང་མི་ཆོག་སྐོར་བཤད་སྐབས་སྲིད་ཁྲིམས་དང་ཆོས་ཁྲིམས་ནང་གསལ་ཆོག་དང་མི་ཆོག་ལས་བཤད་ས་མེད། བླ་གྲ་སོགས་ཀྱིས་མནའ་མ་ལེན་པས་སྲིད་ཁྲིམས་འགལ་བའི་ལོ་རྒྱུས་མེད།
    ༢༽ ཆོས་ཁྲིམས་སུ་བླ་མ་དང་གྲ་པ་ཇོ་མོ་སོགས་སོ་ཐར་རིགས་བརྒྱད་གང་རུང་གི་སྡོམས་ལྡན་ཞིག་ཡིན་ཚེ་འདུ་བའི་བཅས་ཁྲིམས་ལྟར་རང་ལ་བབས་པའི་བཅས་མཚམས་ལས་འགལ་དང་མ་འགལ་ལས་གཞན་ཆོག་མི་ཆོག་བཤད་དོན་མེད།
    དེས་ན་དེའི་སྐོར་དམ་ཆོས་འདུལ་བའི་བཅས་མཚམས་དང་དགེ་འདུན་གྱི་ནང་ཁྲིམས་སོགས་ལ་སྦྱངས་པས་བློ་རིག་གསལ་བའི་སྐྱེ་བོ་དག་གིས་སྤྱོད་ཡུལ་ལམ་གླེང་དཔྱད་འོས་པ་ལས་འཇིག་རྟེན་རང་འགའ་བ་དག་གིས་ཁྲོམས་ཚོགས་ཀྱི་གླེང་བརྗོད་ཞིག་ག་ལ་ཡིན།
    ༣༽ བླ་མའམ་སྤྲུལ་སྐུས་མནའ་མ་ལེན་ཆོག་པ་དང་། ད་དུང་ཡང་སྔར་གྱི་མིང་དང་ལས་གནས་བཅས་སུ་རང་འཇགས་སུ་སྤྱོད་ཆོག་པ་དང་། གྲ་བཙུན་བཅོས་མ་རྣམས་ཀྱིས་མནའ་མ་དང་མག་པ་ལེན་ནས་སྔར་གྱི་མིང་གནས་སོགས་བཅོས་སྒྱུར་རམ་མི་ཆོག་པས་ལྟར་ཚུལ་དེ་རྨོང་དད་དང་ཆ་མ་སྙོམས་པའི་སྲོལ་ངན་གྱི་ལྟ་ཚུལ་ཞིག་ཡིན་པ་ལས་ནང་ཆོས་ལྟར་ཅི་སྤྱི་ཚོགས་འདྲ་མཉམ་གྱི་འདུ་ཤེས་འཛིན་མཁན་ཞིག་གིས་དགའ་བསུ་ཅི་ལ་ཞུ།
    དེ་གཉིས་ཆོག་ན་ཆོག་མཉམ་དང་མི་ཆོག་ན་མི་ཆོག་མཉམ་གཅིག་མཚུངས་རང་ལ་ལྟ་ཚུལ་མེད་དོ།

  23. ཨ་ར་དཀར་པོ says:
    2011-08-05 at 2:29 am

    བོད་ཀྱི་གྲ་བས་ཤ་ཟ་བ་དང་། འབྲུག་གི་གྲ་བས་ཆང་འཐུང་བ། སོག་པོའི་གྲ་བས་མནའ་མ་ལེན་པ་རྣམས་འདུལ་བ་དང་མཐུན་མིན་གང་ལྟར་ཡང་་མི་རིགས་ཀྱི་ལམ་དང་ལུགས་སྲོལ་ལྟ་བུ་ཞིག་ཆགས་ཚར་བ་རེད། ཡིན་ནའང་འདི་འགོས་ནད་ནང་བཞིན་ཕར་འགོས་ཚུར་འགོས་མ་བྱས་ན་ཡག་པོ་རེད། ཝི་ཐི་ནམ་དང་ཐེ་ལན་ཌི་ལྟ་བུའི་བོད་རྒྱུད་ནང་བསྟན་ལ་དོ་སྣང་སླེབས་བཞིན་པའི་ཐེག་དམན་པ་ཚོར་ཡང་ན་ཚ་འདི་རིགས་ཡུན་གྱིས་འགོ་སྲིད་ན་དམ་ཆོས་འདུལ་བའི་ལེའུར་བཞི་ཤད་འཇོག་རྒྱུར་ཡང་ཐག་མི་རིང་བ་འདྲའོ།

  24. སྐྱབས་བཅོལ་བ། says:
    2011-08-05 at 3:33 am

    འདི་ཚོ་ཛུན་མ་རེད། ལ་མ་ཛུན་མ། སྤྲུལ་སྐུ་ཛུན་མ་རེད། མི་ཕམ་ཛུན་མ། འདི་བན་དེ་མིན་ན་ཡང་བན་གོས་གོན་མ་རབ་རེད།
    http://www.youtube.com/watch?v=PkTmytojq68&feature=related

  25. སྐྱབས་བཅོལ་བ། says:
    2011-08-05 at 3:53 am

    དགེ་ལུགས་ཚང་གི་བན་དེ་ཚོས་མནའ་མ་ལེན་ཆོག་ཟིག གོང་གི་པར་དེ་ལ་གཟིགས་དང་་དེ་ཚོ་དགེ་ལུགས་རེད་འདུག སོག་པོ་རེད་འདུག སོག་པོའི་ནང་དགེ་ལུགས་ཚང་གི་བན་དེ་ཚང་མས་མནའ་མ་ལེན་གི་རེད་ཟེར་གི་འདུག

  26. མིག་བརྒྱད་པ། says:
    2011-08-05 at 7:53 am

    གྲྭ་བས་ཆུང་མ་ལེན་པ་ཆོས་ཁྲིམས་དང་འགལ་ཡང་སྲིད་ཁྲིམས་དང་འགལ་མེད་པས་སོག་པོའི་གྲྭ་བ་ཚོས་ཆུང་མ་ལེན་པའི་སྲོལ་དེ་ཡང་ཡུལ་སྲོལ་ནས་བྱུང་བ་རེད་ལ། བོད་ཀྱི་བླ་མས་རིག་མ་བཞེས་པ་དེ་ཡང་ཡུལ་སྲོལ་དང་འདྲེས་ནས་ཡོང་བ་ཞིག་རེད། བླ་མ་མེད་པའི་གོང་རོལ་ན།།སངས་རྒྱས་བྱ་བ་མིང་ཡང་མེད།།ཞེས་པ་ལྟར་སྔགས་ཀྱི་ཉམས་ལེན་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ནས་དེ་ལྟར་བྱུང་བ་ཞིག་ཡིན་སྲིད། ཐེ་ཝན་ཆོས་ཚོགས་ཀྱི་རྒྱ་མོ་ཞིག་གིས་བོད་ཀྱི་བླ་མ་ཞིག་ལ་ལུས་འབྲེལ་བྱས་ཏེ་ཁོ་མོར་ཚོར་བ་མ་འདྲ་བ་ཞིག་བསླེབས་སོང་ཞེས་ག་ས་ག་ལ་བསྒྲགས་པས། རྗེས་སུ་ཉེན་རྟོག་པས་བོད་ཀྱི་བླ་མ་འཇུ་བཟུང་བྱས་པའི་ངོ་ཚ་བའི་གཏམ་རྒྱུད་ཀྱང་མང་།

  27. ནམ་མཁའ། says:
    2011-08-05 at 4:27 pm

    སྟས་ངན། པར་འདི་འདྲ་ཞིག་གང་ནས་ཁྱེར་ཡོང་པ་ཡིན་ནམ།
    སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་དངོས་ཡིན་ན།
    གྲ་བས་ཆུང་མ་བླང་མི་ཆོག
    གྲ་བས་ཆུང་མ་བླང་ཆོག་གི་ཡོད་ན།
    བཅོམ་ལྡན་འདས་ཀྱང་སངས་རྒྱས་ཀྱི་གོ་འཕང་ཐོབ་རྗེས།
    ཉིད་ཀྱིས་ཀྱུང་ཆུང་མ་ལེན་གི་རེད།

  28. སྐྱབས་བཅོལ་བ། says:
    2011-08-06 at 2:59 am

    ཁོང་ཚོ་ལ་མིག་ཡོད་དམ་མེད་གང་ཤེས། པར་འདི་པན་དེས་པར་རེད་མི་འདུག འདི་ལ་བཙུན་པའི་ཆ་ལུགས་ཟེར་ནི་མ་རེད། ཆོས་གོས་གསུམ་གང་ཡང་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme