Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲྭ་པ་ལོག་ན་རྒྱ་སྒོར་ཉིས་ཁྲིའི་རྔན་པ་སྤྲོད་རྒྱུ་ཡིན་ཟེར།

Posted on 2011-09-18 By དབང་ཕྱུག་ 7 Comments on གྲྭ་པ་ལོག་ན་རྒྱ་སྒོར་ཉིས་ཁྲིའི་རྔན་པ་སྤྲོད་རྒྱུ་ཡིན་ཟེར།

ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༦ ཉིན་གནས་ཚུལ་གོ་གསལ་ལ། ཉིན་ཤས་གོང་རྔ་པ་རྫོང་སྤྲོ་ཚིགས་ཞང་བསེ་སྐོར་སྡེ་བའི་བསེ་སྲིབ་ཚང་གི་ཀིརྟི་དགོན་པའི་གྲྭ་ཚེ་ཁོ། རང་ལོ་ ༣༠ ཕ་མིང་ལ་འཇང་ཁོ་ཡིན་པ་ཁོང་དང༌། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་ཀིརྟི་དགོན་པའི་གྲྭ་བློ་བཟང་དར་རྒྱས། རང་ལོ་ ༢༢ ཕ་མིང་ལ་ཚེ་རིང་བཀྲ་ཤིས་ཡིན་ཞིང༌། རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་སྤུན་ཆེ་བ་ཡིན་པ་ཁོང་གཉིས་ལ་རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ངལ་རྩོལ་སློབ་གཅུན་ཟེར་བའི་མིང་ཐོག་ནས་ལོ་ ༢ དང་ཟླ་ ༦ རེའི་དུས་བཀག་བཙོན་འཇུག་གི་ཐག་གཅོད་བྱས་ཡོད་པ་དང༌།
དེ་བཞིན་རྔ་པ་རྫོང་བློན་ཚང་སྡེ་བའི་རབ་རྒྱས་ཚང་གི་ཀིརྟི་དགོན་པའི་གྲྭ་རྡོ་རྗེ། རང་ལོ་ ༡༦ ཕ་མིང་ལ་རབ་རྒྱས་ཡིན་པ་ཁོང་ལ་ངལ་རྩོལ་སློབ་གཅུན་ཟེར་བའི་མིང་ཐོག་ནས་ལོ་ ༣ གྱི་དུས་བཀག་བཙོན་འཇུག་གི་ཐག་གཅོད་བྱས་ཡོད་འདུག ཁོང་གསུམ་ཀ་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་དང་འབྲེལ་བ་ཡོད་པའི་ཉེས་མིང་གཡོགས་ནས་དེ་ལྟར་བཙོན་འཇུག་གི་ཐག་གཅོད་བྱས་པ་ཞིག་ཡིན་འདུག རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་ཕ་མ་གཅིག་པའི་སྤུན་བློ་བཟང་དར་རྒྱས་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༢ཉིན་བསྐྱར་དུ་འཛིན་བཟུང་གིས་བཀག་ཉར་བྱས་པ་ཡིན་ཞིང༌། གཞན་གཉིས་ཀྱང་དུས་ཚེས་དེ་ཤར་ཡས་མས་ཤིག་ལ་འཛིན་བཟུང་བཀག་ཉར་བྱས་པ་ཡིན་འདུག
དེ་སྔོན་ཕྱི་ཟླ་ ༩ ཚེས་འགོ་ནས་ཉིན་བཅོ་ལྔའི་རིང་གྲྭ་པ་རྣམས་ལ་དགོན་པའི་ངོས་ནས་གུང་སེང་སྤྲད་ཡོད་ཅིང་དེང་སྐབས་གུང་སེང་གི་དུས་ཚོད་རྫོགས་ཡོད་ནའང༌། རྒྱ་གཞུང་གི་ལས་བྱེད་འབོར་ཆེན་ཞིག་ཡང་བསྐྱར་དགོན་པའི་ནང་ལ་འབྱོར་ནས་གྲྭ་པའི་ལག་ཁྱེར་ཟེར་བ་ཞིག་བཟོ་དགོས་ཚུལ་བརྗོད་ཀྱིན་ཡོད་སྟབས། དགོན་པའི་གྲྭ་པ་ཧ་ཅང་ཉུང་ཉུང་ཞིག་ལས་དགོན་ནང་དུ་ཡོང་མེད་པར་ས་ཕྱོགས་གང་སར་འཐོར་ནས་ཡོད་འདུག་པས། དགོན་པའི་ལས་སྣེ་རྣམས་ལ་རྒྱ་གཞུང་གིས་ཉིན་རྟག་པར་བསུན་གཙེར་བཟོ་བཞིན་ཡོད་འདུག
རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་སྤེལ་སྐབས་དགོན་པའི་གྲྭ་པ་མང་པོ་ཞིག་གནས་དབྱུངས་བཏང་བའི་གསལ་བསྒྲགས་བྱས་ཡོད་ལ། གྲྭ་པ་དེ་དག་ལ་བརྗོད་དོན་ད་ནས་བཟུང་ཀིརྟི་དགོན་པའི་ནང་ལ་མ་ཡོང་བར་གྲྭ་པ་ལོགས་པ་ཡིན་ན་རྒྱ་སྒོར་ཁྲི་གཉིས་སྤྲོད་རྒྱུ་དང༌། རྒྱ་སྒོར་ཁྲི་ལྔ་ལོ་གསུམ་གྱི་རིང་གཡར་རྒྱུ་ཡིན་ཚུལ་བཤད་ཡོད་པ་དང༌། དེ་མིན་ད་ལོའི་ཕྱི་ཟླ་གསུམ་པའི་རྗེས་སུ་གྲྭ་ལོགས་བྱས་པ་ཞིག་ཡིན་ཕྱིན་རྒྱ་སྒོར་ཁྲི་གཅིག་སྤྲོད་རྒྱུ་དང༌། ཁྲི་ལྔ་ལོ་གསུམ་གྱི་རིང་གཡར་རྒྱུ་ཡིན་ཞེས་བཤད་ཡོད་པར་མ་ཟད། རྐྱེན་གཞན་གྱིས་གྲྭ་ལོགས་བྱས་པ་རེ་ཟུང་ཡོང་གི་ཡོད་པ་རྣམས་ལ་ཡང་རྔན་པ་ཡིན་ཟེར་བའི་སྒོར་མོ་སྤྲོད་དུ་འགྲོ་གི་ཡོད་ཀྱང་ལེན་མཁན་བྱུང་མེད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༩ཚེས་ ༡༧ ལ།

གསར་འགྱུར།

Post navigation

Previous Post: རྣམ་ཤེས་ཤིག་ལ་སྐྱེལ་མ་ཞུ་བ།
Next Post: བུ་མོ་འཆི་མེད་ཀྱི་སྙིང་ནད་རྩོད་སྟངས།

Comments (7) on “གྲྭ་པ་ལོག་ན་རྒྱ་སྒོར་ཉིས་ཁྲིའི་རྔན་པ་སྤྲོད་རྒྱུ་ཡིན་ཟེར།”

  1. སྒྲོལ་མ་དཀར་མོ། says:
    2011-09-18 at 4:18 pm

    སྤྲིར་

  2. ནམ་མཁའ་འོད་ཟེར། says:
    2011-09-18 at 5:11 pm

    དེ་ཡང་ཡག་པོ་རེད་གྲྡ་ལོགས་ན་སྟོང་ལོགས་མ་ཆགས་བ་སྒོར་མོ་མང་པོ་ཐོབ། གྲ་ལོགས་པའི་རྗེས་ལ་སྤྲོང་པོ་ཆགས་ཡ་རེད།

  3. ནམ་མཁའ་འོད་ཟེར། says:
    2011-09-18 at 5:22 pm

    ཀིརྟི་རིན་པོ་ཆེ་བའི་ཐུགས་རྗེས་སྨོན་ལམ་གྱི་གྲ་ལོགས་རྣམས་ལ་རྒྱ་སྒོར་མང་པོ་ཐོབས།

  4. སྒྲོལ་མ་དཀར་མོ། says:
    2011-09-18 at 5:38 pm

    སྤྱིར་བཏང་ང་ཚོ་བོད་པའི་གྲྭ་བཙུན་ཉུང་བའི་སྒང་དུ་རྒྱ་དམར་གྱི་དེ་འདྲའི་ལས་འགུལ་དེ་དཔེ་ངན་པ་རེད། དེང་གི་འཆར་ལ་གདན་ས་ཁག་དང་དེ་མིན་གྲྭ་ཚང་ཁག་ལ་བོད་པ་གྲྭ་བ་ཉུང་ཉུང་མ་གཏོགས་མེད་ལ་བོད་པའི་གྲྭ་རྒྱུན་ཆད་པའི་ཉེན་ཁ་འདུག གྲྭ་བཙུན་མང་པོ་ཞིག་སྐྱ་བབ་ཀྱི་འདུག་

  5. ལྡོང་གསེར་མིག says:
    2011-09-18 at 5:43 pm

    སྤྱིར་བོད་ནང་གི་གནས་ཚུལ་རིགས་སྤེལ་བ་ཡག་པོ་འདུག ཡིན་ན་ཡང་། རང་དབང་ལུང་པའི་ནང་དུ་རང་དབང་ཡོད་པ་ལོངས་སུ་སྤྱོད་དེ་ཚིག་མགོ་མཐོ་དམན་ཅི་རིགས་སྤེལ་ཏེ། རྔ་བའི་གཞིས་སྡོད་ནང་མི་རྣམས་ལ་སྙོག་གྲ་མི་ཡོང་བ་ཞིག་བྱེད་རྒྱུ་གལ་ཆེ།

  6. སྐྱུ་རྩི་ནས། says:
    2011-09-19 at 12:35 am

    རང་དབང་ལུང་པའི་ནང་བཞུགས་པའི་དགེ་འདུན་པ་ཁ་ཤས་ནི་རིན་མེད་ལ་སྐྱ་སར་བབས་ཀྱི་འདུག་ཀྱང་། བོད་ནང་གི་དགེ་འདུན་པ་རྣམས་ནི་རྒྱ་སྒོར་ཁྲི་ཕྲག་མང་པོ་ཕུལ་ཀྱང་ཁས་བླངས་ཀྱི་དམ་སྡོམ་བློས་གཏོང་གི་མི་འདུག་༧སྐྱབས་སུ་མཆི།

  7. ཚེ་རིང། says:
    2011-09-19 at 7:28 am

    ལྡོང་གསེར་མིག་ནས་གསུང་དེ་བདེན་པ་རང་རེད་ག་རེ་ཟེར་ན་འདི་ལོ་ཀིརྟི་དགོན་པའི་གནས་ཚུར་ཆ་ཚང་རྒྱལ་གར་རང་དབང་དུང་པ་ལ་ཡོད་པའི་ཀིརྟི་རིན་པོ་ཆེ་འགན་ཡོད་རེད་དེ་དངོས་གསར་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme