Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོས་ཚོགས་ཨེ།

Posted on 2022-04-04 By ཁ་བརྡ No Comments on གྲོས་ཚོགས་ཨེ།

སུམ་པ་དཔལ་ལྡན་གྱིས།

ལས་རིམ་རྣམ་གཞག

གྲོས་ཚོགས་ཚོགས་བཞིན་པར་ཉན། ཚོགས་མི་ཚོའི་ལུས་ངག་ཡིད་གསུམ་གྱི་ཁྲོམ་འདུས་དེར་ཡང་མྱུལ། ལས་རིམ་རྣམ་གཞག་གཅིག་འཕྲོར་གཅིག་བྱས་ནས་བཞུར་ཡོང་གི་འདུག ཆུ་ལོག་བཞིན་རེད། དེ་ནི་ཚོགས་གཙོ་ལ་ཚོགས་གཙོའི་འཇོན་ཐང་མེད་སོང་བས་རེད།

དབྱིན་ཚིག་བེད་སྤྱོད་གཏོང་མཁན་ལྡབ་གྱིས་མང་འཕར་བྱུང་སོང་། ཧྥ་སྐད་ཤེས་མཁན་གྱིས་དབྱིན་སྐད་ཀྱི་ཚབ་ལ་ཧྥ་སྐད་བརྒྱབ་ཆོག་པའི་བཀའ་འཁྲོལ་ཞུས་ནས་རང་ཉིད་ཀྱིས་ཧྥ་སྐད་ཤེས་པ་དེ་ཡང་བརྒྱབ། བྱེད་སྟངས་འདི་ཚོ་ནི་ཕལ་ཆེར་ཚོགས་གཙོ་ལ་ཚོད་རྩིས་ཤིག་ཡིན་ས་རེད། ཚོགས་གཙོར་མཚོན་ན་ཀླད་པའི་ནང་ལ་མུན་པ་འཐིབས་བྱེད་དེ་རེད། གང་ལ་ཟེར་ན། ཚོགས་གཙོ་ལ་སྐད་སྒྱུར་བ་མེད་ན་རང་ཀི་ཀླད་པའི་ནང་ན་སྐད་ཡིག་ཕར་སྒྱུར་ཚུར་སྒྱུར་གྱི་རིག་གནས་མ་ལག་ཡོད་པ་མ་རེད། འདིའི་ཐད་ན། ཚོགས་གཙོ་ནི་གཤོག་པ་ཡ་གཅིག་ལས་མེད་པའི་བྱ་རྒོད་ནད་པ་ཞིག་ཡིན། བྱ་རྒོད་གཤོག་ཆད་ཅིག་གིས་བྱ་ཁྱུ་ཞིག་གི་མདུན་བསུས་ནས་འཕུར་སྟངས་ཤིག་མེད།

དེར་བརྟེན། ཚང་མས་ཚོགས་གཙོ་ལ་གུ་ཡང་འགའ་ཞིག་གཏོང་མདུན་ལྗོངས་ཤིག་མཐོང་དགོས་ནའང་། དེར་བལྟ་མཁན་སུ་གང་མེད། བལྟ་མཁན་རེ་སུང་ཡོད་པའི་དབང་དུ་བཏང་ན། ལས་རིམ་རྣམ་གཞག་ཇེ་ཉུང་དུ་སོང་ནས་ཁྲིམས་ཀྱིས་སྲུང་བའི་ར་བའི་ནང་གོམ་པ་སྤོ་ཐུབ་པ་ཡོང་གི་རེད། དེ་ནས་ཚོགས་གཙོ་ལ་སྡིག་པ་དང་། ལས་རིམ་རྣམ་གཞག་ཏུ་བསྙད་པའི་གཏོར་བཤིག་དེ་ཚོ་ཉུང་དུ་འགྲོ་གི་རེད།

ཆོས་བརྒྱུད་སྤྱི་འཐུས།

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཆོས་རྒྱུད་ཁག་ཏུ་གྲྭ་རྒྱུན་སྤེལ་དགོས་ཟེར། སློབ་གྲྭ་ཁག་ཏུ་སློབ་རྒྱུན་སྤེལ་དགོས་ཟེར། དངོས་ཡོད་གནས་སྟསང་ལ། ཁོང་ཚོས་དེ་འདྲ་ཞིག་བསམ། དེ་འདྲའི་ཐབས་ལམ་ལ་བསམ་གཞིགས་རེ་བྱེད་ཀྱི་ཡོད་པའི་དབང་དུ་བཏང་ན། ཆོས་བརྒྱུད་སྤྱི་འཐུས་ཚོས་སྐྱེས་དམན་རེ་བླངས་ནས་བུ་གུ་མང་པོ་སྐྱེས་བཅུག དེ་ནས་འགའ་རེ་གྲྭ་རྒྱུན་དུ་མངགས། འགའ་རེ་སློབ་རྒྱུན་དུ་མངགས་ན་རེ་བ་ཞིག་བྱ་ས་ཡོད། སྤྱི་ཚོགས་ནང་ལ་མིག་དཔེ་ཞིག་ཀྱང་སྟོན་ཐུབ་ཀི་རེད། དེ་མིན་ཡོང་རྒྱུ་གང་ཡང་མེད།

དེང་སང་གི་དུས་འདིར་སློབ་སྦྱོང་ཟེར་བ་ནི་མི་ཚང་མར་ཡོད་པའི་ཅ་ལག་འདྲ་པོ་ཆགས་ཡོད་པ་རེད། དེར་བརྟེན། དགེ་བཤེས་ཡིན་ལབ་ན་འདྲ། མཁན་པོ་ཡིན་ལབ་ན་འདྲ། མིང་ཙམ་གྱི་ཁྱད་པར་རེད་མ་གཏོགས། དེ་ཚོས་ཤེས་པ་དེ་ཧ་ཅང་གི་དམིགས་བསལ་དེ་འདྲ་གང་ཡང་མ་རེད། ཆོས་བརྒྱུད་སྤྱི་འཐུས་ཚོའི་རིག་གནས་ཡོན་ཏན་ཕྱོགས་གཅིག་ཏུ་བསྡོམས་པ་ཡིན་ནའང་། ཐ་ན་དཔེ་མཛོད་ཁང་གི་རྒན་ན་ག་སངས་རྒྱས་བསྟན་དར་ལའང་དོ་གི་མ་རེད། འདི་ང་ཚོས་ཐག་བཅད་ནས་བཤད་ཆོག་པ་འདྲ་པོ་རེད། ཡིད་མི་ཆེས་ན། ཁྱེད་རང་ཚོས་རྒན་ན་ག་སངས་རྒྱས་བསྟན་དར་དང་ལྷན་འཆད་པ་དང་རྩོད་པ་དང་རྩོམ་པའི་འགྲན་བསྡུར་ཞིག་བྱོས་དང་དེ་ནས་ཧ་གོ་གི་རེད། ནམ་ལངས་ཀི་རེད།
མི་མང་པོ་ཞིག་གིས། ཆོས་བརྒྱུད་སྤྱི་འཐུས་ཚོས་འགྲིག་གི་མི་འདུག་མདོག་བཤད་ཀི་ཡོད་པ་རེད། དེ་ནི་ཁོང་ཚོ་ནོར་བ་རེད། གདན་ས་གྲྭ་ཚང་ཁག་གིས་གཅེས་གཅེས་བྱ་ཡུལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་དག་དང་བསྡུར་བས་ཨ་ཐང་ཆད་ཀྱི་ཡོད་པ་ཙམ་རེད། ཁྱེད་ཚོས་དེ་ལྟར་མ་བསྡུར། ཆོས་བརྒྱུད་སྤྱི་འཐུས་རེ་རེ་ཕྱིའི་གོས་མདོག་ཙམ་པོ་བ་བཤུས་ཏེ་མི་ནག་སྐྱ་བོ་ཞིག་གི་ཚད་དུ་བཞག་ནས་ལྟོས་དང་། དེ་ནས་ཁྱེད་རང་ཚོ་ཡིད་ཐང་ཆད་མི་དགོས་པའི་འགག་མདོ་ཞིག་མཐོང་ཡོང་བ་ཡིན།

སྒྲིག་འཛུགས་གཏོར་བཤིག

ཏག་ཏག་ང་ཚོས་ཕྱོགས་ཁག་གཉིས་མཐོང་ཐུབ། དེ་ནི་ཁྱེད་རང་གིས་ཕར་ལ་ནན་གྱིས་བཙལ་མི་དགོས་པར་ཁྱེད་རང་ཚུར་བཙལ་ནས་ངོ་འཕྲོད་པར་འགྱུར་བ་ཡིན། ང་ཚོའི་གྲོས་ཚོགས་ནང་ན། གཞུང་སྐྱོབ་ཕྱོགས་ཁག་ཅིག་དང་། གཞུང་གཏོར་ཕྱོགས་ཁག་ཅིག་ཡོད། གཞུང་གཏོར་ཕྱོགས་ཁག་གིས་གཞུང་འདི་གཏོར་ཨེ་ཐུབ་ལ་འབད་ཀི་ཡོད། གཞུང་སྐྱོབ་ཕྱོགས་ཁག་གིས་གཞུང་འདི་མུ་མཐུད་གནས་ཐབས་ལ་འབད་ཀི་ཡོད། གྲོས་ཚོགས་ནང་གི་འགལ་ཟླ་ཚང་མ་དམིགས་ཡུལ་འདི་ལྟར་ཐ་དད་དུ་གྱུར་པ་ལས་ཡོང་གི་ཡོད།

ད་ལྟའི་ཆར་རྩ་དོན་འཐབ་རྩོད་ལ་གནོད་རྐྱེན་ཆེ་ཤོས་དང་། ང་ཚོས་རྒྱ་གུང་ཁྲན་ལས་ཀྱང་གཟབ་ནས་གདོང་ལེན་བྱེད་དགོས་པ་དེ་གཞུང་གཏོར་གྱི་དམིགས་ཡུལ་ངན་པ་འདི་ཚོ་ཕམ་པར་རྒྱག་ཐུབ་དགོས་པ་དེ་རེད། དེར་གདོང་ལེན་བྱེད་པ་ལས་ལྷག་པའི་གནས་སྐབས་ཀྱི་ཛ་དྲག་ལས་དོན་གཞན་ཞིག་མེད།

ངོ་དེབ་ཤོག་ལྷེ།

ད་ལྟ་ང་ཚོའི་གྲོས་ཚོགས་ནི་འགན་ཁུར་མི་དགོས་པའི་མི་ཡན་ཚོ་འཛོམས་སའི་ངོ་དེབ་ཀྱི་ཤོག་ལྷེ་ལྟ་བུ་ཞིག་ཏུ་གྱུར། གནས་ལུགས་ལ་མི་བལྟ། སྒྲིག་ལ་མི་བརྩི། ཁྲིམས་དང་མི་བསྟུན། རང་སྣང་གང་ཤར་གྱི་ཕྱག་རྒྱ་དང་ལབ་བརྡོལ་ལ་གཙིགས་སུ་བྱེད། དགོས་མེད་ཀྱི་དཔའ་ཉམས་བྱེད། ཡིན་པ་ལ་མིན་པར་སྨྲ། ཡོད་པ་ལ་མེད་པར་བརྗོད། གབ་ཕྱི་ཏག་ཏག་ལོག་པ་རེར་འབད་པར་བྱེད། འཇིགས་སྐུལ་བྱེད་པ་ཁོ་ནས་མདུན་གཤགས་རྩིས་བྱེད། ད་གཟོད། གྲོས་ཚོགས་ར་བ་ནི་མི་ཡན་ཚོས་གཉེར་བའི་ངོ་དེབ་ཀྱི་ཤོག་ལྷེ་ལྟ་བུ་ཞིག་ཏུ་གྱུར། ཁྱི་རྒྱག་སྐར་མར་ཟུག་ས་ཞིག་ཏུ་གྱུར།

མདོར་ན། ད་ནི་ང་ཚོའི་གྲོས་ཚོགས་འདི་ནད་པ་ཞིག་ཏུ་གྱུར། སྤྱི་ཚོགས་དྲ་ལམ་གྱི་སྐད་ཆ་ཡན་པོ། མི་འཁྱམ་བདག་མེད་དག་གི་འཛེར་སྐད་ཡན་པོ། སྲང་ལམ་གྱི་སྐད་ཆ་ལྡོམ་པོ། འགན་ཁུར་མེད་པའི་ཡམས་བཤད། འདི་ཚོ་སྒྲོག་སའི་སྡིངས་ཆ་ཞིག་ཏུ་གྱུར། ཚོགས་གཙོ་ཟུར་པ་པདྨ་འབྱུང་གནས་ཀྱིས་བཤད་པ་བདེན་ཏེ། ད་ལྟ་གྲོས་ཚོགས་ཀྱིས་སྤྱི་ཚོགས་ཀྱི་སྣེ་ཁྲིད་ཀྱི་མེད་པར། སྤྱི་ཚོགས་ཀྱིས་གྲོས་ཚོགས་ཀྱི་སྣེ་ཁྲིད་ཀྱི་ཡོད། ཉེན་ཁ་ཟེར་བ་དེ་འདི་འདྲ་ལ་ཟེར་བ་རེད། ཉམས་ཆག་ཟེར་བ་དེ་འདི་འདྲ་ལ་ཟེར་བ་རེད།

གཞུང་གཏོར་ཕྱོགས་ཁག་གིས་སྲང་ལམ་གྱི་སྐད་ཆ་དེ་ཚོ་སྡིངས་ཆའི་སྒང་ལ་འཁྱེར་ཡོང་ནས་སྐད་གསང་མཐོ་ཙམ་དང་། འཇིགས་སྐུལ་གྱི་ལག་པ་མཐོ་ཙམ་བསྒྲེངས་ཀྱིན་ཡོད་ཀྱང་། བདེན་པ་དང་གནས་ལུགས་ཀྱི་མདུན་ས་ན། སྐད་ཅིག་མ་རེ་རེ་བཞིན་དུ་རང་ཚུགས་ཤོར་གྱིན་ཡོད། བོད་རྒྱལ་ལོ།།

བསམ་ཚུལ།

Post navigation

Previous Post: བཀྲ་ཕུན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་འདུག
Next Post: གཟའ་མཇུག་སློབ་གྲྭར་ཡིག་ཚད་ཀྱི་ཡུལ་དངོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme