Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོས་ཚོགས་སྐོར་ལ་ཡོངས་ཁྱབ་དྲི་བ་གསུམ་བཏོན་པ།

Posted on 2015-09-262015-09-26 By ཁ་བརྡ No Comments on གྲོས་ཚོགས་སྐོར་ལ་ཡོངས་ཁྱབ་དྲི་བ་གསུམ་བཏོན་པ།

ཡོང་ཁུངས། ཤམ་བྷ་ལ་ཕོ་ཉ་དྲ་ཚིགས།

 
ཆོལ་ཁའི་འཐུས་མི་རེར་གྲོས་ཚོགས་སྐབས་གྲོས་ཆོད་གལ་ཆེན་གང་ཡིན་པ་དང་བློ་ཕམ་ག་རེ་ཡོད་པ། ཇོ་ནང་བའི་ཞུ་འབོལ་ལ་ལྟ་ཚུལ་ག་རེ་ཡོད་སྐོར་ཀྱི་ཡོངས་ཁྱབ་བཅར་འདྲི་ཞུས་ཡོད།

དེ་རིང་ཉིན་རྒྱབ་ཆུ་ཚོད་༢།༠༠པའི་ཐོག རྒྱ་གར་བྱང་ཕྱོགས་ངྷ་སར་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ལོ་༢༠༡༥ ཟླ་༩ ཚེས་༡༥ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༢༥ ཉིན་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་སོང་།

གོང་ཚེས་ཉིན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གནང་བ་མདོར་བསྡུས་ན།

ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་ཞུས་པའི་སྐབས་སུ་བསླབ་པ་རྒན་གཞོན་ཐོག་ནས་སྒྲིག་དགོས་རྒྱུ་གལ་ཆེན་པོ་རེད། འདི་ལ་དགོངས་སེལ་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༠༨ ནས་ད་བར་གྲོས་ཚོགས་ག་དུས་འགོ་བཙུགས་པ་ཡིན་ན་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་བཏོན་ཡོད།

དེང་སྐབས་གྲོས་ཚོགས་ལ་དོ་སྣང་གནང་མཁན་མང་དུ་ཕྱིན་ཡོད། རྒྱ་ནག་གཞུང་གི་ངོས་ནས་ཀྱང་ང་ཚོའི་གྲོས་ཚོགས་ལས་རིམ་ལ་དོ་སྣང་ཏན་ཏན་བྱེད་ཀྱི་ཡོད་པ་ཞིག་ལ་ངོ་འཛིན་བྱེད་བཞིན་ཡོད།
རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་གནས་བབས་ག་འདྲ་རེད། དེ་བཞིན་རྒྱབ་ཤ་དཀར་པོའི་ཐོག་ལ་ལྟ་སྟངས་ག་འདྲ་རེད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བ་ཟེར་བའི་དུས་དྲན་སྲུང་བརྩི་ཞུ་ཕྱོགས་སྐོར་ཐོག་ང་ཚོས་ལྟ་སྟངས་ག་འདྲ་རེད། དེ་དག་ཆ་ཚང་གི་ཐོག་ནས་ངོ་འཕྲོད་པ་ཞིག་དང་། བརྡ་འཕྲོད་པ་ཞིག་བྱུང་ཡོད་པར་ངོས་འཛིན་ཞུས་ཀྱི་ཡོད།

ད་ལམ་གྲོས་ཚོགས་ནང་ཟུར་དུ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་མ་ཐུབ་པ་དེ་ནི་རིན་པོ་ཆེར་ཆེ་མཐོང་མ་ཕུལ་བའི་གནས་སྟངས་དེ་འདྲ་གང་ཡང་མིན་པ་བཅས་གསུངས་སོང་།

གཞན་ཡང་འདི་ག་གསར་འགོད་པས་མདོ་དབུས་ཁམས་གསུམ་སྤྱི་འཐུས་གསུམ་ལ་ཁྱབ་མཉམ་གྱི་དྲི་བ་གསུམ་བཏང་དོན།

དབུས་གཙང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་ལན་གནང་དོན།

༡ ཁྱེད་རང་གིས་ཐུགས་སྣང་བྱས་པ་ལྟར་ན་ད་རེས་ཀྱི་གྲོས་ཚོགས་སྐབས་ཀྱི་གལ་ཆེ་བའི་གྲོས་ཆོད་གྲོས་བཞག་གང་ཡིན་ནམ།

ཉིན་དང་པོར་བོད་ནང་གི་ཛ་དྲག་གནས་ཚུལ་སྐོར་ལ་བགྲོ་གླེང་བྱས་ཏེ། སྤྱི་འཐུས་སྤྱི་མོས་ཀྱིས་བོད་ནང་གི་སྐུ་ལུས་མེར་སྲེག་གནང་མཁན་རྒྱ་ཆེའི་དཔའ་བོ་དཔའ་མོ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གཙོས་ཆབ་སྲིད་བཙོན་པ་འདས་གྲོངས་སུ་སོང་བ་ཚང་མར་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་བཞག་ཡོད་པ་རེད། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུག་ཁག་ལ། བོད་ཀྱི་བདེན་མཐའ་མྱུར་དུ་སེལ་དགོས་པའི་ཞུ་གཏུགས་བྱས་པ་དང་།
དེ་བཞིན་རྒྱ་གཞུང་གིས་འཁྱོགས་བཤད་བྱས་པའི་ཐོག་ཡིག་ཆ་བཏོན་པ་དང་བོད་སྐོར་ལ་ཚོགས་འདུ་འཚོགས་པ་དེ་དག་ཚང་མ། ང་ཚོས་ངེས་ལེན་མེད་པར་ཐ་གཅིག་ཏུ་ངོ་རྒོལ་ཡོད་པ་སོགས་ཀྱི་རྣམ་འགྱུར་འདི་ནི་གལ་ཆེན་པོར་མཐོང་གི་ཡོད།

༢ ཁྱེད་རང་གིས་ཐུགས་སྣང་བྱས་པ་ལྟར་ན་ད་རེས་ཀྱི་གྲོས་ཚོགས་སྐབས་སུ་བློ་ཕམ་བྱུང་བའི་གནས་ཚུལ་འདྲ་ཡོད་དམ།

ངའི་བློ་ཕམ་དེ་ནི་ཉིན་དང་པོ་ནས་ཞུས་ཡོད། ང་ཚོ་སྤྱི་འཐུས་གསུམ་ཞིག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ལོག་ག་ཞིག་དགོས་འདུག་པ་དེ་མ་བྱུང་བ་དེ་ཡིན། སྤྱི་འཐུས་ཚོགས་གཙོ་མཆོག་གི་མཇུག་སྡོམ་ནང་དུ། གྲོས་བསྡུར་མ་བྱས་པ་མ་རེད་མོད། འོན་ཀྱང་རྒྱལ་སྤྱིའི་དཔའ་བོ་དཔའ་མོ་དང་མཉམ་དུ་ཚུད་པ་ཞིག་ཡིན་པར་གསུངས་སོང་། ང་རང་ངོས་ནས་བློ་ཕམ་ཡོད།
རྒྱུ་མཚན་བོད་ཀྱི་འཐབ་རྩོད་རང་དབང་གི་ཆེད་དུ་བཙོན་ཁང་ནས་བཀྲོངས་པའི་གནས་ཚུལ་ཞིག་ཆགས་ཡོང་དུས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལྟ་བུ་ཞིག་ལོ་བརྒྱ་ནས་ཚར་གཅིག་མ་གཏོགས་ཡོང་ཐུབ་ཀྱི་མ་རེད། དེ་བས་ཁོང་གི་སྐོར་ལ་གྲོས་ཆོད་འཇོག་མ་ཐུབ་པར་བློ་ཕམ་ཡོད།

༣ ཁྱེད་རང་གིས་ཐུགས་སྣང་བྱས་པ་ལྟར་ན་ད་རེས་ཀྱི་གྲོས་ཚོགས་སྐབས་སུ་ཇོ་ནང་བའི་ཞུ་འབོལ་ལ་ལྟ་ཚུལ་ག་རེ་ཡོད་དམ།

ལས་དོན་ག་རེ་ཡིན་ཡང་། ལོ་རྒྱུས་ཐོག་འགྱུར་བ་ཞིག་གཏོང་དགོས་འཁེལ་ཡོང་དུས། དེ་ནི་འཐབ་རྩོད་རིང་པོ་ཞིག་རེད། ཟླ་གསུམ་བཞི་ཞིག་ལ་གློ་བུར་དུ་འགྱུར་བ་གཏོང་བར་དཀའ་ལས་ཁག་པོ་རེད།
ཁོ་རང་ཚོས་འཚེ་མེད་ཞི་བའི་ཐོག་ཞུ་གཏུགས་རྒྱབ་སྟེ། གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་འཚོལ་བའི་འབད་བརྩོན་གནང་པ་ཡིན་ན། ང་ཚོ་ཚང་མ་མི་ཡིན་པས་ན་བསམ་ཤེས་ཡོད་རེད་ལ། འགྱུར་བ་དེ་ཡང་དགོས་ཀྱི་ཡོད་རེད། དེ་བས་ཁོང་རང་ཚོའི་ཞུ་གཏུགས་རྒྱག་སྟངས་སུ་རག་ལས་ཀྱི་བསམ་གྱི་འདུག

མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ལན་གནང་དོན།

༡ ཁྱེད་རང་གིས་ཐུགས་སྣང་བྱས་པ་ལྟར་ན་ད་རེས་ཀྱི་གྲོས་ཚོགས་སྐབས་ཀྱི་གལ་ཆེ་བའི་གྲོས་ཆོད་གྲོས་བཞག་གང་ཞིག་ཡིན་ནམ།

དང་པོ། བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་ནག་གིས་བོད་དོན་ཐོག་འཛིན་པའི་སྲིད་ཇུས་དང་འབྲེལ་བའི་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་དང་། གཉིས་པ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་ལ་གསལ་བཤད་བྱས་པའི་ནང་དུ། དུས་འཐུང་གི་ལོ་ལྔའི་འཆར་འགོད་དང་མ་འོངས་དུས་ཡུན་རིང་པོའི་ལོ་ལྔ་བཅུའི་འཆར་འགོད་བཞག་པ་ལས། ༧གོང་ས་མཆོག་གིས་རེ་བ་བཟང་ས་ནས་རྒྱབ། གྲ་སྒྲིག་སྡུག་ས་ནས་ཞེས་གསུངས་པ་ལྟར། ལོ་ལྔ་རེའི་ནང་དུ་བོད་རྒྱ་ཞི་མོལ་འབྲེལ་མཐུད་བྱེད་པར་འབད་བརྩོན་བྱེད་པ་གཞིར་བཞག་དང་། གལ་སྲིད་དེ་མ་བྱུང་བ་ཡིན་ནའང་། མ་འོངས་ཕུགས་རྒྱང་རིང་མོའི་ངང་དབུས་བཙན་བྱོལ་བོད་གཞུང་དང་། གཞིས་ཆགས་སྲ་བརྟན། ཤེས་ཡོན་ཡར་རྒྱས་གཏོང་བ། མི་མང་གི་སྙིང་སྟོབས་རྒྱ་ཆེར་གཏོང་བ། གཞིས་བྱེས་ཀྱི་རྒྱབ་སྐྱོར་ཤུགས་ཆེར་གཏོང་བ། དེ་དང་མཉམ་དུ་བོད་ཀྱི་གསོ་བ་རིག་པའི་ཐོག ཆེད་དུ་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ། ཁྲིམས་སྒྲིག་གསར་བ་བཟོས་ཡོད་པ་རེད། དེ་མིན་གཞན་ཤེས་ཡོན་སྲིད་ཇུས་དང་འབྲེལ་བའི་ཐོག་གྲོས་ཆོད་བཞག་ཡོད་པ་དེས་མ་འོངས་བོད་མི་སོ་སོས་རང་རྐང་ཐུབ་པ་དང་། ཕ་སྐད་ཀྱི་རྨང་གཞི་བསྟན་པོའི་ཐོག་འདབ་གཤོག་གཉིས་ལྡན་གྱི་མི་ཞིག་བཟོ་བ་སོགས་གལ་ཆེ་ཤོས་སུ་མཐོང་གི་ཡོད།

༢ ཁྱེད་རང་གིས་ཐུགས་སྣང་བྱས་པ་ལྟར་ན་ད་རེས་ཀྱི་གྲོས་ཚོགས་སྐབས་སུ་བློ་ཕམ་བྱུང་བའི་གནས་ཚུལ་འདྲ་ཡོད་དམ།

དེ་ངས་གྲོས་ཚོགས་ར་བ་ནས་བཤད་ཡོད། ང་ཚོའི་ཁ་གཏད་གཙོ་བོ་སྟེ་རྒྱ་ནག་གི་འགོ་འཁྲིད་དང་མི་དམངས་སུ་ཡིན་ཡང་། ༧གོང་ས་མཆོག་ལ་མཚན་སྨད་བྱེད་པ། བོད་ནང་དུ་སྡིག་རྩུབ་བྱེད་སྟངས་དང་རྒྱབ་ཤ་དཀར་པོའི་དེབ་བཅས་སུ་ཁ་ཕར་འཁོར་ནས་ལན་འདེབས་རྒྱག་མཁན་ཉུང་ཉུང་རེད། ང་རང་ཚོའི་ནང་ཁུལ་ལ་ཁ་ཚུར་འཁོར་ནས་ཤུགས་ཆེན་སྐྱོན་བརྗོད་ཡོང་པ་དེ་ལ་བློ་ཕམ་བྱུང་སྟེ་གྲོས་ཚོགས་ནང་དུ་སྐད་ཆ་ཞིག་བཤད་དགོས་ཐུག་པ་རེད། དེ་མ་གཏོགས་གྲོས་ཚོགས་ཀྱི་ལས་ཀ་བྱེད་སྟངས་དང་འགན་འཁུར་སྟངས་སོགས་ཚད་ལྡན་རེད།

༣ ཁྱེད་རང་གིས་ཐུགས་སྣང་བྱས་པ་ལྟར་ན་ད་རེས་ཀྱི་གྲོས་ཚོགས་སྐབས་སུ་ཇོ་ནང་བའི་ཞུ་འབོལ་ལ་ལྟ་ཚུལ་ག་རེ་ཡོད་དམ།

ཁོ་རང་ཚོས་དོན་ཚན་མང་པོ་ཞིག་བཏོན་དེ་གྲོས་ཚོགས་ཀྱི་སྒོ་ཁ་ནས་ཉི་མ་མང་པོར་ཞུ་འབོལ་བྱས་ཏེ་བསྡད་པ་འདིས་མང་གཙོ་ཚད་ལྡན་ཡིན་པ་མཚོན་གྱི་ཡོད་རེད། གལ་སྲིད་རྒྱ་ནག་གཞུང་ཡིན་ན། ཉི་མ་མང་པོ་ཕར་ཞོག ཉིན་གཅིག་གཉིས་ཤིག་ལ་ཡང་བསྡད་མ་ཐུབ་པར་དཀའ་ངལ་འཕྲད་པ་ནི་ང་ཚོར་གསལ་བོ་ཆགས་ཡོད་རེད།

དེ་མིན་ཁོ་རང་ཚོའི་དགོས་འདུན་བཏོན་པ་ཆ་ཚང་ལ་གྲོས་ཚོགས་དང་འཛིན་སྐྱོང་གི་ངོས་ནས་མཁས་ལེན་བྱས་ཐུབ་ཡོད་པ་མ་རེད། ཡིན་ཡང་གང་འཚམས་ཤིག་འཛིན་སྐྱོང་ངོས་ནས་དགོངས་གཞི་གནང་དགོས་པ་དེ་ཚོར་གནང་བཞིན་པ་དང་། མ་འོངས་པར་གང་ལ་གང་འཚམས་གནང་བའི་བྱུས་གཞིའི་ཐོག གནས་ཚུལ་ངན་པ་གང་ཡང་མ་བྱུང་བར་མཚམས་འཇོག་བྱས་པ་ནི་བཀྲ་ཤིས་པའི་བྱ་བཞག་རེད་བསམ་གྱི་འདུག

མདོ་སྨད་སྤྱི་འཐུས་རྒྱ་རིག་ཐར་ལེགས་ཀྱིས་ལན་གནང་དོན།

༡ ཁྱེད་རང་གིས་ཐུགས་སྣང་བྱས་པ་ལྟར་ན་ད་རེས་ཀྱི་གྲོས་ཚོགས་སྐབས་ཀྱི་གལ་ཆེ་བའི་གྲོས་ཆོད་གྲོས་བཞག་གང་ཞིག་ཡིན་ནམ།

ཚོགས་ཐེངས་འདིའི་སྐབས་སུ། ཚོགས་ཆུང་ཁག་གི་མཐའ་མའི་མཇུག་སྡོམ་ཁག་ཅིག་ཡོད་པ་ལས། ཤེས་ཡོན་ཚོགས་ཆུང་ཞིག་བཙུགས་ཏེ་ཤེས་ཡོན་སྒང་ལ་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་དེ་གལ་ཆེན་དུ་མཐོང་སོང་།
རྒྱུ་མཚན་ནི་མི་རིགས་ཤིག་འཚོ་གནས་བྱེད་དགོས་ན། མི་རིགས་དེའི་རིག་གཞུང་བརྟན་པོ་བྱེད་དགོས་པ་ལ་ཐུག་ཡོད་དུས། བོད་མི་རིགས་ཀྱི་འཐབ་རྩོད་གཙོ་བོ་དེ་ནི་བོད་མི་རིགས་ཀྱི་ཐུན་མོང་མིན་པའི་རིག་གཞུང་དང་། ཡུལ་སྲོལ་གོམ་གཤིས་སོགས་རྒྱུན་གནས་ཐུབ་རྒྱུ་དེ་རེད།

༢ ཁྱེད་རང་གིས་ཐུགས་སྣང་བྱས་པ་ལྟར་ན་ད་རེས་ཀྱི་གྲོས་ཚོགས་སྐབས་སུ་བློ་ཕམ་བྱུང་བའི་གནས་ཚུལ་འདྲ་ཡོད་དམ།

རྩ་བའི་ཆ་ནས་དམིགས་གསལ་གྱི་བློ་ཕམ་མེད། ཡིན་ཡང་གྲོས་ཚོགས་ཕྱི་ལོག་ཏུ་ནང་ཁུལ་གྱི་རྙོག་དྲ་ཇོ་ནང་གི་གནས་སྟངས་ལྟ་བུ་ཡིན་ན། ཅུང་ཙམ་སེམས་ཕམ་པ་བྱུང་སོང་།
ལོ་ངོ་ལྔ་བཅུ་དྲུག་བཅུ་ལྷག་གི་རིང་བཙན་བྱོལ་གཞུང་ཟེར་བའི་ཚག་ཚུད་པའི་སྒྲིག་གཞིག་ཆགས་བསྡད་ཡོད་རེད། འདིའི་ནང་དུ་མང་གཙོའི་རང་བཞིན་གྱི་ངོས་ནས་རྩོད་པ་རྩོད་རྙོག་མང་པོ་ཞིག་ཡོང་གི་རེད་མོད། འོན་ཀྱང་ད་རེ་ཇོ་ནང་བས་ཞུ་འབོད་དང་བསྟུན་ནས་ཟས་བཅད་ངོ་རྒོལ་བྱས་པས་ན། སེམས་ནང་ལ་མ་སྐྱིད་པ་ཡོང་གི་འདུག

ཕྱོགས་གཅིག་ནས་ཁོ་ཚོའི་ངོས་ཀྱི་རྩོད་ལུགས་རྩོད་སྟངས་དེ་འདྲའི་འཐུས་ཚང་པ་ཞིག་མ་ཡིན་པ་མཐོང་གི་འདུག ཕྱོགས་གཉིས་ནས་གྲོས་ཚོགས་ར་བ་ལས་ཀྱང་ཕར་ཕྱོགས་ཀྱི་དཀའ་ངལ་དེ་ཏག་ཏག་ཅིག་ངོས་འཛིན་མ་ཐུབ་པ་འདྲ་བའི་སྒོ་ནས་སྐད་ཆ་བཤད་སྟངས་མང་པོ་ཞིག་ཡོང་བསྡད་པ་བཅས་ཀྱིས་བློ་འཚབ་ཞིག་བྱུང་སོང་།

མ་འོངས་པར་ང་ཚོའི་སྤྱི་ཚོགས་ནང་གི་དཀའ་ངལ་དང་གནད་དོན་གང་ཞིག་ཡིན་དུས། གནད་དོན་དེ་སེལ་བར་ཕྱོགས་ཉིས་ཆ་ནས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོང་གི་འདུག ཇོ་ནང་བའི་ངོས་ནས་ཡང་གཞུང་གི་སྒྲིག་འཛུགས་མ་ལག་ཆ་ཚང་ཞིག་ཡོད་པར་སྲུང་སྐྱོབ་ཡོད་པའི་ཐོག་བསམ་བློ་བཏང་ནས། དགོས་འདུན་ག་རེ་དགོས་པ་དེར་འཐབ་རྩོད་བྱེད་པ་དེ་གལ་ཆེན་པོར་མཐོང་སོང་།

༣ ཁྱེད་རང་གིས་ཐུགས་སྣང་བྱས་པ་ལྟར་ན་ད་རེས་ཀྱི་གྲོས་ཚོགས་སྐབས་སུ་ཇོ་ནང་བའི་ཞུ་འབོལ་ལ་ལྟ་ཚུལ་ག་རེ་ཡོད་དམ།

གོམ་པ་དང་པོ་དེ་ནི། ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་དང་ཁ་ཕྱོགས། དམིགས་ཡུལ་དང་རེ་བ་ག་རེ་ཡིན་པ་དེ་གཙོ་བོར་བཞག དེ་ནས་རྩོད་རྙོག་གང་ཡིན་པ་དེ་ནི་ག་འདྲ་བྱས་ནས་སེལ་ན་ཡག་པོ་འདུག དེ་ཡང་སྒེར་གྱི་ལྟ་གྲུབ་ཁོ་ན་མིན་པར་བཙན་བྱོལ་གཞུང་སྤྱི་ཡོངས་ཀྱི་ཁེ་ཕན་ལ་བལྟས་ནས་ཐག་གཅོད་བྱེད་དགོས་པ་དེ་གལ་ཆེན་པོར་མཐོང་གི་འདུག

གསར་འགོད་པ། ཆོས་ཉིད།

གསར་འགྱུར།

Post navigation

Previous Post: རང་གི་སྐད་ཆས་སྤྱི་ཚོགས་ལ་འགན་ཁུར་དགོས།
Next Post: གདན་ས་ཆེན་པོ་དགའ་ལྡན་དང་སེ་རའི་ཐག་གཅོད་དེ་དོན་ལ་གནས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme