Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོས་ཚོགས་ར་བར་སྐད་མགོ་མཐོ་ན་བཟང་།

Posted on 2016-09-232016-09-23 By ཁ་བརྡ་ 17 Comments on གྲོས་ཚོགས་ར་བར་སྐད་མགོ་མཐོ་ན་བཟང་།

རྫ་ཚེ་རིང་བཀྲ་ཤིས།

 
ཁར་རྩང་ཁར་ཉིན་གྲོས་ཚོགས་ཀྱི་ལས་རིམ་ཐད་གཏོང་ཁག་འགའ་ཞིག་ལ་བལྟས་པ་ཡིན། འདི་ལོའི་ལོ་འགོའི་ཚོགས་དུས་དང་པོའི་སྐབས་ཀྱི་ཐད་གཏོང་དག་ལའང་དུས་ཚོད་ཡོད་སྐབས་བལྟས་པ་ཡིན། ཇོ་ནང་ཆོས་བརྒྱུད་ཀྱི་ཐོབ་ཐང་དགོས་མིན་ཐད་སྤྱི་འཐུས་དག་གིས་དམིགས་ཡུལ་ཡོད་པའི་ཐོག་ནས་འོས་ཤོག་འཕེན་སྟངས་དེར་སེམས་ཁ་གང་མ་སོང་། དེའི་སྐོར་སྔ་མོ་རྩོམ་ཞིག་ཀྱང་བྲིས་ཡོད། དེ་ནི་ངའི་ངོ་ནས་ཇོ་ནང་ལ་རྒྱབ་སྐྱོར་བྱས་པ་ཞིག་མིན་པར་སྤྱིར་གྲོས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པ་དང་། ཁྱད་པར་དགེ་འདུན་པ་དང་ཆོས་བརྒྱུད་སྤྱི་འཐུས་ཡིན་པའི་ཆ་ནས་ལས་དོན་དང་བསམ་བློའི་འཁྱེར་སོ་མང་པོ་ཞིག་ལུང་ཚན་དང་འབྲེལ་བ་ཆེ་དྲགས་འདུག་སྙམ་པའི་བློ་ཕམ་བྱུང་མྱོང་། ལྟ་ཚུལ་དེ་ད་ལྟའང་ཡལ་མེད། འདི་ལོའི་སྤྱི་འཐུས་གསར་པ་མང་པོ་ཞིག་གིས་བཀའ་མོལ་ཡག་པོ་གནང་གིན་འདུག་སྙམ་པ་བྱུང་།

སྔར་ཡིན་ན་བསྟན་པ་ཡར་འཕེལ་དང་སྨོན་ལམ་མཐར་ཕྱིན་གཉིས་ངར་ཤུགས་ཆེ་དྲགས་པ་ལྟར་ཚོར་ནས་སེམས་ལ་ཅུང་མ་བདེ་བ་ཡོད། མི་སྒེར་གྱི་ལྟ་བ་མཐུན་མིན་སོགས་གཏན་ནས་མེད། འོན་ཀྱང་འདི་ལོའི་གྲོས་ཚོགས་ཚོགས་དུས་གཉིས་བརྒྱུད་ངའི་ལྟ་སྟངས་ལ་འགྱུར་བ་གང་འཚམས་འགྲོ་སོང་། གྲྭ་པ་དེ་ཚོས་ཚོར་བ་ཤུགས་ཆེན་པོ་ཡོད་ན་ཡང་། བསམ་བློ་གང་འཚམས་གཙང་མ་ཞིག་གིས་འགན་ཁུར་ནས་འཛེམས་ཟོན་མེད་པའི་སྐད་ཆ་བཤད་ཀྱི་འདུག་སྙམ། དེ་ཧ་ཅང་གལ་ཆེན་རེད།
ན་ཉིན་ཨ་ཕྲུག་ཚེ་བརྟན་ལགས་ཀྱིས་ཆོས་རའི་ནང་གི་གྲྭ་པས་རྩོད་པ་རྒྱག་པར་སྐུ་ཕྱག་ན་རྡོ་རྗེ་ལྟ་བུ་ཁྲོ་བོ། གསུང་འཇམ་དཔལ་དབྱངས་ལྟ་བུ་ཆགས་ཐོགས་མེད་པ། ཐུགས་སྤྱན་རས་གཟིགས་ལྟ་བུ་བྱམས་བརྩེའི་ཀུན་སློང་ངམ་ཀུན་སློང་སྐྱོན་མེད་ཅིག་དགོས་པ་པ་མན་ངག་ཡིན་པས་རྣམ་འགྱུར་ཁ་རུ་ཁ་ཐུག་ཡོད་པ་དེར་གོ་བ་ལེན་སྟངས་ཤེས་དགོས་ཟེར་བའི་འགྲེལ་བཤད་དེར་ངེས་པར་གནད་འགག་ཞིག་འདུག་སྙམ།

སྐབས་མང་པོ་ཞིག་ལ་མི་རིགས་དང་མི་རིགས་བར། མི་སྐྱ་དང་གྲྭ་པའི་བར། སློབ་སྦྱོང་གི་ཁོར་ཡུག་མི་འདྲ་བ་ཕན་ཚུན་གྱི་བར་བཅས་ལ་སློབ་གསོ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བས་བསྐྱེད་པའི་གཤིས་ཁ་སོགས་མི་འདྲ་བ་ཡོང་གི་རེད། དེ་ཚོར་ཡང་གོ་བ་ལེན་སྟངས་ཤིག་ཏན་ཏན་དགོས་ཀྱི་རེད། དེའི་ཕྱིར་དེ་ཡང་ཧ་ཅང་འདྲ་ལ་ཁད་ཅིག་མཐོང་བྱུང་།
སྤྱི་འཐུས་ཀྱི་རྐུབ་སྟེགས་ཡུན་རིང་ཟིན་ན་ཡང་ཁ་གཅིག་ཀྱང་མི་གྲགས་མཁན་ཁག་ཅིག་དངོས་གནས་མ་རབས་འདྲ་མཐོང་སོང་། དེ་ལ་ལྟོས་ན་ཁོང་ཚོ་ཁག་ཅིག་གིས་ཧ་ཅང་མགོ་ཚོད་པོ་དང་སེམས་ཤུགས་དང་ཚོར་བ་ཡོད་པའི་ཐོག་ནས་གནད་དོན་ཆེ་ཕྲ་མང་པོའི་ཐོག་ཏུ་གླེང་སློང་བྱེད་པ་འདི་གྲོས་ཚོགས་ཀྱི་རྒྱན་ལྟ་བུ་ཞིག་ཏུ་མཐོང་། ཆབ་སྲིད་ཀྱི་སྡིངས་ཆ་ན་ཆབ་སྲིད་ཀྱི་འགྲན་རྩོད་དང་ལངས་ཕྱོགས་མི་འདྲ་བའི་ངར་ཤུགས་དང་རྩེད་མོ་རྩེད་སྟངས་གཏན་ནས་མེད་པར་འདོད་ན་དེ་ནི་འཁོར་བ་མྱང་འདས་སུ་འཁྲུལ་བ་ཡིན། ཆབ་སྲིད་ཆབ་སྲིད་དང་འདྲ་བ་འདི་སེམས་གཏིང་ནས་གུ་ཡང་ངེས་ཅན་རེ་སྤྲོད་ཤེས་དགོས།

ཞར་ལ། བསྟན་པ་ཡར་འཕེལ་གྱིས་གནས་ཆུང་གི་སྐོར་ལ་སྐད་ཆ་བཤད་པ་ལས་འཕྲོས་ཏེ་མི་གཞན་གྱིས་གནས་ཆུང་གི་བཀའ་ལུང་རྫུན་མ་བཀྲམ་ནས་འུར་རྒྱག་པ་དང་། ཤར་ཕྱོགས་ཁུག་རྟའི་གནས་ཆུང་གི་སྐོར་གྱི་སྐད་ཆ་དེ་ཚོ་དུམ་ཆོད་བྱས་ནས་སྤྱི་ཚོགས་ཐོག་ནག་པོ་བཟོ་ཐབས་བྱས་པ་འདི་རིགས་ཀྱང་གཞན་གྱ་ིབྱ་སྤྱོད་ང་ཚོས་བཀག་འགོག་ཐུབ་པ་ཞིག་མིན་ན་ཡང་། གལ་ཏེ་རྒྱུ་མཚན་དང་བཟང་སྤྱོད་གཉིས་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ན། གནས་ལུགས་དཔང་དུ་བཞག་ནས་སྐད་ཆ་བཤད་མཁན་ཞིག་ཡིན་ན་མ་མཐའ་ཡང་གནས་ཚུལ་དེ་བདེན་པ་ཡིན་མིན་ཙམ་ཞིག་བརྟགས་ནས་དེ་རྗེས་ཁྱབ་སྤེལ་བྱས་ན་བཟང་། དེ་ཚོ་ཚང་མ་གང་དྲན་ཐད་ཀར་བྲིས་པ་རང་ཡིན་པས་མགོ་མཇུག་དང་གོ་རིམ་དམིགས་བསལ་བ་དེ་འདྲ་གང་ཡང་མེད།

བསམ་ཚུལ།

Post navigation

Previous Post: སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཉིན་གསུམ་པ།
Next Post: གདོང་འབག་ཅན་ལ་སྙིང་གཏམ་མིན།

Comments (17) on “གྲོས་ཚོགས་ར་བར་སྐད་མགོ་མཐོ་ན་བཟང་།”

  1. ཀརྡོ་རབ་འབྱམས་པ་ says:
    2016-09-23 at 1:32 pm

    ་་་་་་ ཁར་རྩང་ཁར་ཉིན་་་་་་་ དག་ཆ་འདི་ཁུངས་ལུང་ག་ཚོད་ཙམ་ཡོད་དམ། ལགས།

  2. ཨ། says:
    2016-09-23 at 2:02 pm

    ཕྲན་ལ་མཚོན་ན། སྤྱི་འཐུས་ཚོགས་ཆེན་གཙོས་པའི་དབུས་སྒྲིག་འཛུགས་ཀྱི་གལ་ཆེའི་ཚོགས་འདུའི་ཐད་གཏོང་དག་ལ་འཕྲལ་མར་ཉན་རྒྱུའི་ཆ་རྐྱེན་མེད་ཙང་། སྐབས་ཐོག་དེར་ཅི་ཞིག་གསུང་གིན་ཡོད་མེད་མི་ཤེས་ནི་ཞིག་རེད། ཡིན་ནའང་། ཕྱིས་སུ་གསུང་བཤད་དེ་ཚོའི་འོད་སྡེར་འགའ་རེར་བལྟ་རྒྱུའི་སྐལ་བ་འོང་གི་འདུག གང་ལྟར། ཉེ་འཁོར་གྱི་བོད་མི་མང་པོ་ཞིག་གི་སྐད་ཆ་ལ། ང་ཚོའི་གྲོས་ཚོགས་དེ་ནས་རྒྱ་གར་གཙོས་པའི་ཡུལ་གྱར་ལུང་པ་དག་ན། ལོ་ཡུན་མང་པོའི་རིང་བོད་མི་བོད་དོན་འཐབ་རྩོད་བྱེད་མཁན། སྒེར་བ་དང་མི་ཚང་གང་ཙམ་ཞིག་ཡོད་པ་མ་ཟད། ཐ་ན་མི་སྒེར་རེ་ནི་བོད་དོན་འཐབ་རྩོད་ཆེད་གར་སོང་ཆ་མེད་དུ་གྱུར་སོང་བའང་ཡོད་པ་རེད་དེ། དེ་ཚོ་ལ་འདི་འདྲའི་ཚོགས་ཆེན་སྐབས་གང་དུའང་གྲོས་གཞི་གྲོས་ཆོད་ཅིག་འཇོག་གནང་རྒྱུ་མི་འདུག་ཅེས་པ་གོ་རྒྱུ་འདུག་ལ། དེ་ནི་དངོས་གནས་བདེན་པ་ཞིག་ཀྱང་ལོས་ཡིན་འདོད་དེ། ཕྱིས་སུ་རང་ཉིད་ཀྱིས་འོད་སྡེར་འགའ་རེར་མཐོང་བ་དག་ནའང་དེ་ཚོའི་སྐོར་རྩ་ནས་མེད་པ་ལྟར་ན། དེས་བས། འདི་འདྲའི་ཚོགས་ཆེན་གྱི་སྐབས་ཀུན་ཏུའང་ཚོགས་ཞུགས་པ་ཚོས་བརྗེད་མི་ཉན་པ་ཞིག་ནི། བྱེས་ཡུལ་འདི་ཡི་བོད་མི་བོད་དོན་འཐབ་རྩོད་པ་དག་ལ་ཆེད་དམིགས་ཀྱི་གྲོས་ཆོད་ཅིག་འཇོག་ཨེ་ཐུབ་བལྟ་དགོས་པ་དེ་རེད། གལ་སྲིད་ང་ཚོའི་ཚོགས་ཞུགས་ཆབ་སྲིད་མི་སྣ་དེ་ཚོས་ལྡོག་སྟེ། བྱེས་ཡུལ་བོད་མི་བོད་དོན་འཐབ་རྩོད་པ་ཚོ་བརྗེད་རྒྱུ་མང་དྲགས་ན། ནམ་ཞིག་དོན་དག་འདི་བོད་སྤྱི་བར་གནོད་ཚབས་ཅན་ཞིག་ཏུ་འགྱུར་དུ་གཏན་ཁེལ་བ་རེད་འདོད།

  3. ཨ། says:
    2016-09-23 at 2:18 pm

    འོ། གོང་དུ་ཡི་གེ་འགའ་རེ་འབྲི་ཉེས་བྱས་ཡོད་སྲིད་ཀྱང་། ནང་དོན་གཙོ་བོ་ང་ཚོའི་སྤྱི་འཐུས་ཚོགས་ཆེན་གྱིས་མཚོན། དབུས་སྒྲིག་འཛུགས་ཀྱི་ཚོགས་ཆེན་དེ་ཚོའི་སྐབས་ལ་ངེས་པར་དུ། བྱེས་ཡུལ་འདི་ནས་བོད་མི་བོད་དོན་འཐབ་རྩོད་པ་ཚོར་ཆེད་དམིགས་ཀྱི་གྲོས་ཆོད་ཅིག་གཞག་དགོས་ཀྱི་འདུག་ཟེར་བ་དེ་ཡིན། དེ་འདྲ་ཞིག་མ་རེད་དམ།

  4. བསམ་ཤེས། says:
    2016-09-23 at 5:26 pm

    རྫ་ཚེ་རིང་བཀྲ་ཤིས་ལགས།

    སྤྱི་ཐུས་བསྟན་པ་ཡར་འཕེལ་གྱི་གནས་ཆུང་གི་སྐོར་དེ་རྒྱུ་མཚན་འདུག དགའ་ལྡན་ཕོ་བྲང་མཇུག་བསྒྲིལ་ཟིན་པས། གནས་ཆུང་ཡང་སྐུ་སྒེར་གྱིས་བདག་པོ་བརྒྱབ་ན་བཟང་དེ་འགྲིགས། འོན་ཀྱང་གནས་ཆུང་གིས་བོད་མི་ཚོར་ཞབས་ཞུ་གཅིག་སྒྲུབ་ཀྱི་འདུག་སྙམ།

    འོན་ཀྱང་བོད་ཀྱི་བླ་མ་རྣམས་ཀྱི་ནང་ནས། སྐུ་སྒེར་ཡིག་ཚང་ཕུད་པའི་བླ་མ་གཞན་པས་བུ་གསོ་ཁང་དང་། བོད་གཞུང་གི་ལྷན་ཁང་དེ་ཚོའི་འགྲོ་སོང་ལ་རོགས་པ་གནང་མཁན་མིན་འདུག བཀའ་རྙིང་ས་སྐྱའི་ཆོས་སྐྱོང་ཚོས་ངས་བོད་མིའི་སྙིང་ལྟ་བུའི་བླ་མ་རྒྱལ་བ་རིན་པོ་ཆེའི་དགོངས་དོན་གྲུབ་པའི་འཕྲིན་ལས་སྒྲུབ་ཀྱི་ཡིན་ཞེས་ད་བར་ཤོད་མཁན་གྱི་ཆོས་སྐྱོང་གཅིག་བསླེབས་མ་སོང་། འདི་ཆོས་ཕྱོགས་ཀྱི་འཕྲིན་ལས་རེད།

    འཇིག་རྟེན་གྱི་ཐོག་ནས་ཞུས་ནས། ཁྱེད་ཀྱི་བླ་མ་རྫོང་གསར་མཁྱེན་བརྩེས་ལོ་རེར་ཨ་རི་དང་ཡུ་རོབ་ཀྱི་ཕྱི་རྒྱལ་ནང་ཆོས་སློབ་གཉེར་བ་ཚོར་སློབ་ཡོན་དང་རོགས་དངུལ་ཨ་སྒོར་ཁྲི་མང་པོ་གཏོང་བཞིན་པ་དེས། རྒྱ་གར་དང་བལ་ཡུལ་སོགས་ནང་གི་ཉམས་ཐག་སྐྱབས་བཅོལ་བོད་ཕྲུག་རྐང་རྡོག་གཅིག་ལ་སྒོར་རྡོག་གཅིག་མི་སྤྲོད་པ་དེ་ལ་ལན་ཞིག་གནང་རོགས། དེ་ཚོ་ཡང་སྤྱི་འཐུས་ནང་ལ་བཙིར་དགོས་ཀྱི་འདུག

    ཁྱེད་ཀྱིས་དེ་ཚོ་མཁྱེན་བཞིན་དུ་ད་བར་སྐད་ཆ་ཚིག་གཅིག་གསུང་མ་སོང་།

    རྫོང་གསར་མཁྱེན་བརྩེས་སྟོབས་འབྱོར་རྒྱས་པའི་ཨ་རི་དང་ཡོ་རོབ་ཀྱི་སློབ་གཉེར་བ་ཚོར་རོགས་དངུལ་ག་ཚོད་གནང་གི་ཡོད་པ་དེ་ཨ་རིའི་བཅའ་ཁྲལ་ལས་ཁུངས་ཀྱི་དྲ་རྒྱ་ནས་གསལ་པོ་བལྟ་ཐུབ་ཀྱི་འདུག འགྲོ་སོང་ཡོང་ས་འདི་རེད། http://khyentsefoundation.org/

  5. སྲོང་བཙན། says:
    2016-09-23 at 11:06 pm

    བསམ་ཤེས་ལགས། གནས་ཚུལ་ད་དུང་ཁ་གསལ་ཙམ་གསུང་དང

  6. ཅང་ཤེས་རྟ་མཆོག says:
    2016-09-24 at 12:01 am

    རྫ་ཆུ་ཁ་བ་ཨམ་མིན་ཁམས་མིན་འདིས་བསྟན་པ་ཡར་འཕེལ་ལ་དཔའ་དར་འཐཻན་སྟངས་ལ་ལྟོས་དང་། ལས་རྒྱུ་འབྲས་མེད་པའི་མི་བྱབ་ཆུང་།

  7. ཅོ་རི་ཉི་མ། says:
    2016-09-24 at 8:50 am

    གཞུང་འབྲེལ་དང་གཞུང་འབྲེལ་ཟེར་བའི་གོ་རྒྱུ་མེད་པའི་གྲོས་ཚོགས་ནང་གི་སྐད་ཆ་དེ་དག་ནི་བློ་ཟུར་བོ་གནས་མི་རྣམས་ཀྱིས་ངོས་ནས་བྱས་ན་དགོད་མོ་ཤོར་ཡ་རེད་པ། བཙན་བྱོལ་བོད་གཞུང་ནི་སྒྲིག་འཛུགས་ཁྱིའི་ཕོར་ལྟ་བུ་ཞིག་ལ་བསྒྱུར་ཟིན། ད་་གཞུང་འབྲེལ་ཟེར་ས་ཡི་་གཞུང་ཞིག་ག་ན་ཡོད་དམ། ཧམ་བཤད་དང་ལོག་བཤད་མགོ་ཚོ།

    ༡་་་གཞུང་འབྲེལ་གྱི་བོད་ཀྱི་ཆོས་གཉིས་ཀྱི་དབུ་ཁྲིད་གོང་ས་ཏྭ་ལའི་བླ་མ།
    ༢་་་གཞུང་འབྲེལ་གྱི་སྲུང་མ་གནས་ཆུང་དངགནས་ཆུང་གི་སྐུ་བརྟེན།
    ༣་་་གཞུང་འབྲེལ་གྱི་ཨ་མ་རྗེ་བཙུན་པདྨ།
    ༤་་་གཞུང་འབྲེལ་གྱི་ཨ་ཁུ་རྒྱ་ལོ་དོན་འགྲུབ།
    ༥་་་་གཞུང་འབྲེལ་གྱི་གཡོག་པོ་ཟམ་གདོང་བླ་མ།
    ༦་་་གཞུང་འབྲེལ་གྱི་ཕོ་ཉ་ཤར་ཕྱོགས་ཁུག་རྟ།
    ༧་་་གཞུང་འབྲེལ་རྐ་མ་ཡོངས་གླིང་ཟླ་བ།
    ༨་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གཞུང་འབྲེལ་གྱི་ཅིག་ཅིག་མ་མ་ཡིན་ཟེར་བའི་གཞུང་དེ་རྒྱ་དམར་གྱི་གཞུང་ལ་གོ་དགོས་པ་མིན་ནམ། རྒྱ་གར་གཞུང་ནི་ཡིན་གྱི་མ་རེད་པ་་་་ཧཧཧཧ

  8. ཏི་སི། says:
    2016-09-24 at 10:10 am

    ཡ་ཡ་རྫ་ཚེ་རིང་ལགས་ཡག་པོ་གསུངས་ཤག ་མ་འོངས་པ་ཁྱེད་རང་ཡང་ཨོ་སི་ཊེར་ལ་ཡའི་བོད་པའི་སྤྱི་འཐུས་བཞེང་གནང་རོག སེ་པན་ནས་རྣམ་གྲ་དགེ་དབང་ཆེན་བཞིན་། ཁྱེད་ཆབ་སྲིད་པ་ཕྱག་ལས་གནང་ཐུབ་པའི་རེ་བ་ཞུ་ཡོད། མ་གཞི་ཁྱེད་བོད་ཆབ་སྲིད་པ་ཕྱག་ལས་བཟང་པོ་གནང་བས་དགའ་བསུ་ཡོད

  9. ཏི་སི། says:
    2016-09-24 at 10:17 am

    བསྟན་པ་ཡར་འཕེལ་ནི་སྤྱི་འཐུས་འདས་པོ་ཀརྨ་ཡེ་ཤེས་སྐུ་གསུང་ཐུགས་གྱི་རྗེས་འཛིན་རེང། ཤར་ཁུག་ནི་ཤུག་ལྡན་འགོང་པོས་བྱིན་རླབས་ཡོད་མཁན་ཞིག་་ཡིན་དུས། ད་ལན་གོ་སྐབས་བཟུང་ནས་གནས་ཆུང་ལ་མི་འདོད་པ་ཡིན་པ་བཤད་མ་དགོས་པ་རེད།

  10. ཏི་སི། says:
    2016-09-24 at 10:18 am

    སྤྱི་འཐུས་སྨོན་ལམ་མཐར་ཕྱིན་བཀའ་མོལ་གནད་ཕིག་པོ་གསུང་མཁན་ཡིན་པ་རྒྱབ་སྐྱོར་ཡོད།

  11. ཀློང་ཆུང་ says:
    2016-09-24 at 12:50 pm

    ཆོས་ལུགས་ཐེན་ཁྱེར་གྱི་དྲི་ཆེན་འདམ་ལས་ཐོན་པའི་སྤྱི་ཐུས་ཤིག་གི་ཁ་ནས་ལྷག་བསམ་ལྡན་པའི་སྐད་ཆ་ཞིག་ཡོང་མདོག་མེད། བསྟན་པ་གཡང་འཕེན་གྱི་ན་ཚ་གཙོ་བོ་དེ་རྒྱལ་བ་རིན་པོ་ཆེར་འདོད་ཀྱི་མེད། བཀའ་བརྒྱུད་པའི་ལ་རྒྱ་ལྐུགས་པ་དེས་རེད། གཡང་འཕེན་ཞྭ་དམར་གྱི་འཁོར་རེད། ང་ཚོ་བཀའ་བརྒྱུད་པ་མང་ཆེ་བས་ད་རེས་ཀྱི་རྒྱལ་བ་རིན་པོ་ཆེ་འདི་དང་སྐུ་འཕྲེང་བཅུ་གསུམ་པ་བཀའ་དྲིན་ཅན་ལ་བརྩིས། ཁོས་ཞྭ་དམར་གྱི་ནད་འཁྱེར་ནས་སྤྱི་འཐུས་ལ་རྙོག་ཁྲ་བཙོང་བཞིན་ཡོད།

    རྫ་བཀྲ་ཤིས་ཐམས་ཅད་མཁྱེན་པས་འདི་མ་ཤེས་པར་སྨྱོན་ལབ་རྒྱག་བཞིན་དོན་མེད་བཀའ་བརྒྱུད་པའི་ཤོག་ཁག་ནང་ལྷུང་བ་རེད། རྙིང་མ་རྗེ།

  12. ཀརྡོ་རབ་འབྱམས་པ་ says:
    2016-09-24 at 1:20 pm

    ཡང་། ཅོ་རིས་ཆིག་ལབ་རྒྱག་བགྱིད།

  13. བཀྲ་ཡེ་ཚང་། says:
    2016-09-24 at 1:44 pm

    ད་ལེན་སྤྱི་མཐུས་བསྟན་པ་ཡར་འཕེལ་ལ་རྒྱབ་སྐྱོར་ཡོད་་་་་གནས་སྐྱོང་གི་ལུང་འདྲེན་དེ་ཚོ་ངོས་ལེན་རྩ་བ་ནས་མེད། བོད་སྤྱིའི་ལྷ་སྲུང་མ་ཡིན་པས་ཡིན། ད་དུང་དུས་རྒྱུན་བཀའ་ཤག་གིས་དགེ་བཤེས་མའི་གྲུབ་འབྲས་ཟེར་ནས་་ཡང་ཡང་གླེང་པ་ལྟེ་ཡང་དགེ་ལུག་གཅིག་པོ་ཡིན་པས་ཆོས་རྒྱུད་ཚང་མ་མིན་པར་ངོས་ལེན་རྩ་བ་ནས་མེད།

  14. ཨ་འབར་འཇིགས་དབང། says:
    2016-09-24 at 7:40 pm

    ༅༅།་གསན་ཨང།
    མི་ལ་སྐྱོན་བརྗོད་བྱེད་པར་དང་པོ་རང་ལ་འཛོམས་གསུམ་འཛོམས་དགོས།
    རང་ལ་ཤེས་ཡོན་དང་བཟང་སྤྱོད། ་སྤྱི་འགན་སོགས་ཅི་ཡང་མེད་པར་བརྟེན་
    གཞན་ལ་སྐྱོན་བརྗོད་བྱེད་ན་ཤེས་ལྡན་ཚོ་རྒད་མོ་ཤོར། ཤེས་མེད་ཚོ་ངོ་བ་ཅང་མི་ཤེས།
    དེ་རྩིས་ཁ་སྟོང་བཤད་མ་བཤད་ཡོད་པ་མ་རེད།
    དེ་ལས་མིཎི་བགྲང་ན་ཕན་ངེས་ཆེ།

  15. ནུབ་ཕྱོགས་གངས་ཕྲུག says:
    2016-09-26 at 12:35 am

    ཀློང་ཆུང་ལགས། བཀའ་བརྒྱུད་ སྤྱི་འཐུས་བསྟན་པ་ཡར་འཕེལ་གྱི་ཆོས་བརྒྱུད་དེ་འབྲུག་པ་བཀའ་བརྒྱུད་པ་རེད། ཀརྨ་པ་ཨོ་རྒྱན་འཕྲིན་ལས་ཀྱི་ཕ་ཡུལ་གཅིག་པ་རེད། ཁོ་ལ་རྒྱབ་བསྐྱོར་བ་བླ་ཆེན་དང་བོད་རྒྱལ་ཡོངས་རང་བཙན་ཚོགས་པ། གཞོན་ནུ་ཚོགས་པ་སོགས་མང་པོ་ཡོད་རེད། ཞྭ་དམར་པ་དང་འབྲེལ་བ་ཡོད་ས་མ་རེད།

  16. རི་བོ། says:
    2016-09-26 at 6:36 am

    དོན་དམ་གྱི་ཆོས་ཤིག་སྒྲུབ་ཐུབ་ཀྱི་མེད་ན། ཆོས་བའི་ཚུལ་བཟུང་ནས་ཆབ་སྲིད་ཀྱི་ཟློས་གར་རབ་རིབ་རེ་འཁྲབ་ཤོག ཆོལ་ཁའི་ཕྱོགས་རེས་བཟུང་སྟེ་ཆབ་སྲིད་འཁྲབ་ཤོག ཆོས་བརྒྱུད་ཀྱི་ཕྱོགས་རེས་བཟུང་སྟེ་ཆབ་སྲིད་འཁྲབ་ཤོག ༧རྒྱལ་བ་དོན་གྱི་བདག་པོར་མི་དགའ་མདོག་གིས་ཆབ་སྲིད་འཁྲབ་ཤོག དོལ་འདྲེ་དང་མཉམ་འབྲེལ་གྱིས་ཆབ་སྲིད་འཁྲབ་ཤོག རྒྱ་དམར་དང་མཉམ་འབྲེལ་གྱིས་ཆབ་སྲིད་འཁྲབ་ཤོག བོད་མི་རིགས་ཁ་འཐོར་དགུ་འཐོར་བཟོ་བའི་ཆབ་སྲིད་འཁྲབ་ཤོག དངུལ་ཏོག་ཙམ་རེ་དང་མིང་ཏོག་ཙམ་རེའི་ཆེད་བོད་དང་བོད་མི་རྩ་མེད་བཟོ་བའི་ཆབ་སྲིད་འཁྲབ་ཤོག

  17. མེ་ཏོག་བཀྲ། says:
    2016-09-26 at 9:25 am

    རི་བོ་ལགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད།

    དོལ་རྒྱལ་གྱིས་བརླམས་ཤིང་རྒྱ་མིའི་རྒྱུག་ཁྱི་ཚོས་འདྲ་འབག་འདྲ་མིན་གྱོན་ཏེ་འཁྲབ་སྟོན་འདི་དག་ལ་ལྟོས་དང་། གད་མོ་ཤོར། རང་མགོ་མི་ཐོན་པ་ལ་འཆད་རྒྱུ་མང་པོ་གདའ། ཡ་རེ་མཚན།

    གདོན་གྱིས་བརླམས་པའི་གང་ཟག་དེ་དག་གིས། བོད་མིའི་བླ་ན་མ་མཆིས་པའི་སྐྱེ་བོ་རྣམས་རང་གི་བླ་མ་དང་དབུ་ཁྲིད་དུ་རྩིས་སམ་མ་རྩིས་རུང་། མི་ཡ་རབས་ཤིག་ཡིན་ཕྱིན་གུས་ཞབས་ཙམ་ནི་ལྡན་དགོས་པ་སྨོས་མི་དགོས། འོན་ཀྱང་གླེན་པ་དེ་དག་བོད་མིའི་རུས་སུ་སྐྱེས་པའི་གང་ཟག་ཅིག་མིན་པ་ངེས།

    ཁྱེད་རྒྱ་དམར་གྱི་རྒྱུག་ཁྱི་རྣམས་ལ་ལས་རྒྱུ་འབྲས་ཀྱིས་འཕྱུག་མི་ཡོང་ངོ་། རྒྱ་དམར་རམ་དོལ་རྒྱལ་གྱི་དངུལ་དངོས་ཀྱིས་བསླུས་པ་རྣམས་སམ། ཆོལ་ཁ་དང་ཆོས་ལུགས་ཀྱི་དུག་གིས་ཟིན་པའི་བོད་མི་རྣམས་བསམ་བློ་གཏོང་ཤེས་ན་ཐོངས། དེ་མིན་ཁྱེད་རྣམས་ཀྱང་ཉིན་གཅིག་མི་རྟག་པས་གཟུང་རྒྱུ་ཡིན་པ་གདོན་མི་ཟའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme