Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོས་ཚོགས་ར་བ་ནི་གད་སྙིགས་ར་བ་ཞིག་རེད།

Posted on 2021-03-26 By ཁ་བརྡ 5 Comments on གྲོས་ཚོགས་ར་བ་ནི་གད་སྙིགས་ར་བ་ཞིག་རེད།

ནམ་མཁའ།

གོང་གི་ཁ་བྱང་འདི་མཐོང་མ་ཐག་བཙན་བྱོལ་གཞུང་ལ་མཐོང་ཆུང་བྱས་སོང་སྙམ་སྟེ། ཁ་རྡུང་གི་ཚིག་མཚོན་སྒྱོགས་རྡོའི་ཆར་བ་གཏོང་སྲིད། ཡིན་ན་ཡང་། འོག་གི་འགྲེལ་བཤད་ལ་ཞིབ་ཀློག་བྱས་ཚེ། སྒྱོགས་རྡོ་བཞིན་གྱི་ཚིག་མཚོན་རྣམས་མེ་ཏོག་བཞིན་དུ་འགྱུར་མི་སྲིད་ཀྱང་། ཚིག་མཚོན་རྣམས་བཏང་སྙོམས་སུ་འགྱུར་ཐུབ་པའི་རེ་བ་ཡོད།

གང་ལྟར་ཡང་། གྲོས་ཚོགས་ར་བ་གད་སྙིགས་ར་བ་རུ་ཅི་ལྟར་གྱུར་ཡོད་མེད་སྐོར་ནས་གླེང་གི་ཡིན། གྲོས་འཐུས་རྣམས་ནི་ཆོལ་ཁ་དང་ཆོས་བརྒྱུད་ཡུལ་གྲུ་འདྲ་མིན་གྱི་སྐུ་ཚབ་ཏུ་སླེབས་པ་ཡིན་མོད།

འོན་ཀྱང་འོས་འཕེན་མཁན་གྱི་བོད་མི་ཚོས། གྲོས་ཚོགས་ར་བའི་ནང་དུ་དོན་མེད་རྙོག་དྲ་བཟོ་ཆེད། ཆོལ་ཁ་དང་ཆོས་བརྒྱུད་ཡུལ་གྲུ་སོ་སོ་ནས་འོས་བླུགས་པ་མ་ཡིན་པར། ཁྱེད་རང་ཚོ་སོང་ནས་བོད་མི་ས་ཡ་དྲུག་གི་བདེ་སྡུག་གླེང་སྟེ། གཞི་བྱེས་མཉམ་འཛོམས་ཀྱི་ཐབས་ལམ་བཙལ་བར་རེ་བཅོལ་བྱས་པ་རེད།

དེ་ལྟ་ན་ཡང་། སྲིད་སྐྱོང་གིས་སྣེ་ཁྲིད་པའི་བཀའ་ཤག་ལ་གྲོས་འཐུས་ཚོས་དྲི་བ་བཏང་ཚེ། གྲོས་འཐུས་གཞན་ཚོས་བཀའ་ཤག་གི་ཕྱག་ལས་གནང་སྟངས་ལ་དྲི་བ་བཏང་བར་མི་ཚོར་བར། ཆོལ་ཁ་ཞིག་ལ་ཞེན་འཁོན་བཟུང་ནས་དྲི་བ་གཏོང་བར་ཚོར་ཏེ། གྲོས་ཚོགས་ར་བའི་ནང་དོན་མེད་ཀྱི་རྙོག་དྲ་སློང་གི་ཡོད་སྟབས། དེ་ནི་ཅི་འདྲ་ཞིག་རེད་ཟེར་ན།   གྲོས་འཐུས་ཆ་ཚང་གིས་ཆོལ་ཞེན་དུག་གི་ལོ་ཆང་འཐུང་སྟེ། ཆོལ་ཞེན་དུག་གི་ལོ་ཆང་གིས་ར་བཟི་ནས། རང་ཉིད་རྐུབ་སྟེགས་གང་ཞིག་སྟེང་ན་ཅི་ཞིག་བགྲོ་གླེང་བྱེད་ཀྱི་ཡོད་པ་ཡང་ཤེས་ཀྱི་མེད་ལ། ང་ཚོས་རྩོད་བཞིན་པ་ནི་ཅི་ཞིག་ཡིན་པ་ཡང་ཤེས་ཀྱི་མེད། ཁོ་རང་ཚོས་ཤེས་པ་ནི། ཆོལ་ཁའི་འཐེན་འཁྱེར་དང་ཞེན་འཁོན་གྱིས་དཀྲོགས་གཏམ་བཟོ་ཐུབ་ཚེ། དེ་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ལྟ་གྲུབ་ཞིག་ཏུ་ཁས་འཆེ་ཞིང་། ཁོ་རང་ཚོ་ནི་བཙན་བྱོལ་སྤྱི་ཚོགས་ནང་གི་ཆབ་སྲིད་ཀྱི་མཁས་བར་རློམ་གྱི་ཡོད། རྒྱུ་མཚནའདི་འདྲའི་དབང་གིས་གྲོས་ཚོགས་ར་བ་ནི་གད་སྙིགས་ཀྱི་ར་བ་ཞིག་རེད་ཟེར་གྱི་ཡོད་ལ། གྲོས་ཚོགས་ར་བ་ནི་བཙན་བྱོལ་སྤྱི་ཚོགས་དཀྲུགས་མཁན་ཞིག་ཀྱང་རེད་ཟེར་གྱི་ཡོད་ལ། རྒྱ་ནག་ནི་འཛམ་གླིང་གི་ནད་འབུའི་བཟོ་གྲྭ་ཞིག་ཡིན་པ་བཞིན་དུ།  གྲོས་ཚོགས་ར་བ་ནི་ཆོལ་ཞེན་དུག་གི་ལོ་ཆང་འཐུང་མཁན་གྱི་ཆང་ཁང་ཞིག་ཀྱང་རེད་ཟེར་གྱི་ཡོད།

འདི་ལྟར་བྱུང་དགོས་བའི་རྒྱུ་མཚན་ཅི་ཡིན་ནམ། འདི་ལ་རྒྱུ་མཚན་འགའ་ཡོད་ཆོག་མོད། འོན་ཀྱང་ཕྲན་གྱིས་རྒྱུན་ཏུ་བཤད་བཞིན་པའི་བསམ་ཚུལ་མདོར་བསྡུས་ཞིག་འགོད་རྒྱུ་ཡིན། དེ་ནི་ཆོལ་ཁ་དང་ཆོས་བརྒྱུད་ཁག་སོགས་ཡུལ་གྲུ་འདྲ་མིན་གྱི་སྐུ་ཚབ་ཏུ་བཞེངས་དུས། ཁོ་རང་ཚོར་སྤྱི་འཐུས་སུ་བཞེངས་དགོས་བའི་དམིགས་ཡུལ་ཡང་བྲིས་མེད་ལ། ཤེས་ཚད་དང་ལས་ཀའི་ཉམས་མྱོང་སོགས་ཅི་ཡང་འབྲི་མི་དགོས་བར། མིང་དང་སྡོད་གནས་ལྟ་བུ་ཞིག་བྲིས་ཏེ་ཁྱབ་བསྒྲགས་བྱེད་ཀྱི་ཡོད། བྱེད་སྟངས་འདིའི་གང་ཞིག་མཚོན་གྱི་ཡོད་པ་རེད་ཟེར་ན། བཙན་བྱོལ་སྤྱི་ཚོགས་ཀྱི་འོས་བླུགས་མཁན་ཚོས་དམིགས་ཡུལ་ཅི་འདྲ་ཞིག་བཟུང་ཡོད་མེད་དང་། ཤེས་ཚད་ཉམས་མྱོང་སོགས་གང་ལ་ཡང་མི་བལྟ་བར། སོ་སོའི་ལུང་ཚན་དང་ངོ་ཤེས་གྲོགས་པོ་ཡིན་མིན། ཐ་ན་ངོ་མི་ཤེས་ཀྱང་གདོང་གི་སྐྱི་པགས་ལ་བལྟས་ཏེ་འོས་བླུགས་ཀྱི་ཡོད་སྟབས། གྲོས་འཐུས་སུ་བཞེངས་མཁན་ཚོས་ཀྱང་དེ་ལྟར་རང་ཉིད་ཁྱབ་བསྒྲགས་མིང་དང་སྡོད་གནས་ཙམ་ལས་འབྲི་གི་མེད།

འཛམ་གླིང་གི་དམངས་གཙོ་རྒྱལ་ཁབ་ཀྱི་གྲོས་འཐུས་སུ་བཞེངས་མཁན་ཞིག་ཡིན་ཚེ། ཐོག་མར་ནི་དམིགས་ཡུལ་ཅི་ཞིག་ཡིན་མིན་ནས་མགོ་འཛུགས་བྱས་ཏེ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་ལས། མིང་དང་སྡོད་གནས་ཙམ་བྲིས་ཏེ་ཁྱབ་བསྒྲགས་བྱེད་མཁན་ཞིག་མེད། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་སྤྱི་འཐུས་ཚོ་དམིགས་ཡུལ་དང་ཤེས་ཚད་སོགས་གང་ཡང་འབྲི་མི་དགོས་བར། མིང་དང་སྡོད་གནས་གདོང་པར་རེ་ཡོད་ན་འགྲིག་གི་ཡོད་པས། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་གྲོས་ཚོགས་ར་བའི་ནང་གདན་ས་ཁག་གི་གད་སྙིགས་སུ་གྱུར་བའི་སེར་མོ་བ་དང་། ཆོལ་ཁ་དང་ཡུལ་གྲུ་ཁག་གི་ནང་དུ་ཡང་། ཤེས་ཚད་དང་ཆབ་སྲིད་ནི་ཅི་ཞིག་ཡིན་མིན་མི་ཤེས་བའི་གད་སྙིགས་ཅན་མང་པོ་ཡར་སླེབས་ཏེ། གྲོས་ཚོགས་ར་བའི་ནང་རྙོག་གཏམ་ལུང་པ་གང་བཤད་དེ། བཙན་བྱོལ་སྤྱི་ཚོགས་འདམ་འབག་བཞིན་དུ་དཀྲུགས་ཀྱི་ཡོད་པ་མ་ཟད། ད་རུང་༧གོང་ས༧མཆོག་གི་བཀའ་སློབ་ལོག་འགྲེལ་རྒྱབ་སྟེ། མི་དམངས་ནང་བརྡབ་སིག་ཆེན་པོ་བཟོ་མཁན་རྐྱང་སླེབས་ནས་རྐུབ་སྟེགས་བཟུང་ཡོད་པས། གྲོས་ཚོགས་ར་བ་ནི་གད་སྙིགས་ར་བ་ཞིག་རེད་ཟེར་གྱི་ཡོད།

གང་ལྟར་ཡང་། གྲོས་ཚོགས་ར་བ་ནས་ཆོལ་ཞེན་དུག་གི་ལོ་ཆང་འཐུང་མཁན་ཚོས་དཀྲོགས་གཏམ་བཟོས་རྗེས། དེའི་བར་མཚམས་སུ་དམ་ཉམས་དོལ་རྒྱལ་ཚོགས་པ་ཚོས་གོ་སྐབས་བཟུང་སྟེ། ཆོལ་ཞེན་དུག་གི་ཤིང་སྐམ་ལ་སྣུམ་བླུགས་ཤིང་། རྒྱ་ནག་གི་སྒོ་ཟུར་ལྔ་༼五毛༽ཅན་ཚོས་མེ་སྒྲོན་དུས། ཆོལ་ཞེན་གླེན་པ་ལྕགས་ཀྱི་གདོང་ཅན་མང་པོ་མེ་འབར་ཏེ། བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་དེ་ག་དུས་ཡིན་ཡང་། ཆོལ་ཞེན་དུག་གི་ཤིང་སྐམ་འབར་བའི་མེ་ལྕེ་ཀློང་ན་འབར་བཞིན་ཡོད།  གྲོས་ཚོགས་ར་བའི་ནང་གི་འཐུས་མི་ཚོས་དབུ་མའི་ལམ་གྱི་སྒྲོམ་གཞི་ཡང་ཤེས་ཀྱི་མེད་ལ། རྒྱ་ནག་གི་སྲིད་བྱུས་འགྱུར་ལྡོག་དེ་བས་ཀྱང་ཤེས་ཀྱི་མེད་པ་མ་ཟད། དོ་སྣང་བྱེད་དགོས་ས་གཙོ་བོ་རྒྱ་ནག་གི་སྲིད་བྱུས་ལ་དེ་བས་ཀྱང་དོ་སྣང་སྤྲོད་ཀྱི་མེད། འདི་འདྲའི་མི་བླུན་པོ་དག་གིས་བོད་དོན་ཞིག་ཅི་ལྟར་གླེང་ཤེས་སམ།

གྲོས་ཚོགས་ར་བའི་ནང་མགོ་བཀའ་ཤག་ནས་བཟུང་གྲོས་འཐུས་བར་གྱི་མི་ཚང་མས། ཁ་ནས་༧གོང་ས༧མཆོག་གི་བཀའ་དགོངས་ཤར་བསྐྱོད་བྱེད་ཀྱི་ཡིན་ཅེས་མ་ཎི་བཞིན་བགྲངས་ན་ཡང་། དོན་ངོ་མར་ཆོལ་ཁའི་འཐེན་ཁྱེར་གྱི་དུག་ཆང་གིས་བཟི་བའི་ར་བ་ནས་ནམ་ཡང་བརྒལ་ཐུབ་ཀྱི་མེད་ལ། དེ་ནས་བརྒལ་འདོད་ཀྱང་མེད། དེང་སང་འཛམ་གླིང་སྟེང་རྒྱ་ནག་གི་ནད་ཡམས་ཁྱབ་བརྡལ་དུ་ཕྱིན་པ་ལྟར། བཙན་བྱོལ་སྤྱི་ཚོགས་ནང་ཆོལ་ཁའི་འཐེན་ཁྱེར་གྱི་ནད་ཡམས་ཁྱབ་བརྡལ་གཏོང་བའི་འབྱུང་ཁུངས་ཡང་། གྲོས་ཚོགས་ར་བའི་ནང་ནས་བྱུང་སྟེ་བཙན་བྱོལ་བོད་མིའི་ནང་འགོས་ཡོད།  དེས་རྐྱེན་གྲོས་ཚོགས་ཀྱི་འཐུས་མི་རྙིང་པ་ཚང་མ་གཙང་ཕྱག་བྱེད་རན་འདུག

མཐའ་དོན་བཙན་བྱོལ་བོད་མི་ཡོངས་སུ་ཞུ་འདོད་པ་ཞིག་ལ། དཔེར་ན།  དགུང་ལོ་བརྒྱད་བཅུར་བརྒལ་བའི་ཕ་རྒན་ཞིག་ལ། བུ་གསུམ་ཡོད་པའི་དབང་དུ་བཏང་ན། བུ་གསུམ་པོ་ག་དུས་ཡིན་ཡང་ནང་འཛིངས་བྱས་ཏེ་བསྡད་ན། ཕ་རྒན་ལ་བདེ་སྐྱིད་ཞིག་ཡོད་དམ། དེ་བཞིན་དུ་༧གོང་ས༧མཆོག་དགུང་ལོ་བརྒྱད་བཅུར་བརྒལ་ནས་དགུ་བཅུ་སོན་ལ་ཉེ་བའི་དུས་འདིར། བཙན་བྱོལ་སྤྱི་ཚོགས་ནང་ག་དུས་ཡིན་ཡང་། ཆོལ་ཁའི་འཐེན་ཁྱེར་བྱས་ཏེ་བསྡད་ན་༧གོང་ས༧མཆོག་གི་ཐུགས་བདེ་བར་བཞུགས་ཐུབ་བམ། ༧གོང་ས༧མཆོག་གི་བཀའ་དགོངས་སྒྲུབ་སྟངས་འདི་འདྲ་ཞིག་ཡིན་ནམ། བླ་མའི་དྲིན་ལན་མཇལ་སྟངས་འདི་འདྲ་ཞིག་ཡིན་ནམ། དྲི་བ་འདི་དག་ཚང་མ་མགོ་བཀའ་སྤྱི་ནས་བཟུང་མཇུག་བླུན་པོ་ཕྲན་ལྟ་བུ་ཡོངས་ཀྱིས་ཤེས་དགོས་པ་ཞིག་རེད་སྙམ།

ཆོལ་ཞེན་དུག་གི་ལོ་ཆང་འཐུང་མཁན་གྱི།

ར་བཟི་གླེན་པ་ལྕགས་ཀྱི་གདོང་ཅན་ཚོར།།

འཚོ་བྱེད་སྟོང་གིས་བཅོས་བར་མི་ནུས་ཡང་།།

བླ་མའི་དྲིན་ལ་ཐུགས་སེམས་བཞེས་གལ་ཆེ།།

20/3/2021ཡོ་རུབ་ནས་ནམ་མཁས་བྲིས།

བསམ་ཚུལ།

Post navigation

Previous Post: སྨན་ལུམས་སྐོར་ཀྱི་བརྗེད་ཐོ་ཉུང་བསྡུས།
Next Post: མེ་ལོང་།

Comments (5) on “གྲོས་ཚོགས་ར་བ་ནི་གད་སྙིགས་ར་བ་ཞིག་རེད།”

  1. ཨ་འབར་འཇིགས་དབང། says:
    2021-03-27 at 4:02 pm

    ༄༅། གངས་དཀར་ཏེ་སེ་དབུས་གཙང་ཡུལ་དུ་བརྗིད།
    རྨ་རྒྱལ་སྡོམས་ར་མདོ་སྨད་ཡུལ་དུ་བརྟན།
    འགྱུར་མེད་དཔལ་གྱི་རྔམ་ཟིལ་ཆེ་བ་འདི།
    གངས་ཅན་བོད་མིའི་བློ་སྤོབས་མཐོ་བའི་རྟགས།

  2. རིན་ཆེན says:
    2021-03-28 at 4:35 am

    བདེན་པ་རེད།ད་ཐེངས་གྲོས་ཚོགས་ནང་ནས་ཚོགས་གཙོས་དབང་ཆ་བེད་སྤྱོད་བྱས་ཏེ། དབང་ཆའི་དབང་བསྒྱུར་ལམ་དུ་སོང་སྟེ། དམངས་གཙོའི་ཁྲིམས་ལུགས་དབང་བསྒྱུར་གྱི་ལམ་ཆེན་གཏོར་སོང་།

  3. lobsang says:
    2021-03-29 at 12:33 am

    བཙན་བྱོལ་བོད་མིའི་མི་ལོ་དྲུང་བཅུའི་རིང་གི་ལོ་རྒྱུས་ཁྲོད་སྐྱུག་བྲོ་བའི་མིན་ནག་གི་ལོ་རྒྱུས་ཞིག་བསྩམས་པ་དང་དེ་ཡང་སྤྱི་འཐུས་རྒྱུན་ལས་རྣམས་ནས་དབང་ཆ་ལོག་སྦྱོད་དང་སྒྲིག་ཁྲིམས་ལ་འགྲེལ་ལོག་དང་། སྒེར་གྱི་དགྲ་ཤ་ཚང་མས་སེམས་ལ་གཉེར་ནས་ལོ་རྒྱུས་ནག་པ་ཞིག་བཟོས་སོངྲ
    དེང་སང་བོད་མི་ཚང་མས་འགོ་འཚོས་ཀྱི་ཡོད་པ་དང་། ཁྲིམས་ཞིབ་པ་རྣམས་ནས་ཁྲིམས་ལག་བསྟེར་གནང་སྟངས་ལ་འདོད་པ་ཁེངས་མིན་ལ་བརྟེན་ནས་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་གཏོང་བ་ནི་ལྐུག་རྟགས་དང་བླན་རྟགས་ཙམ་ལས་ཆོས་འཇིག་རྟེན་གང་ནས་བལྟས་ཀྱང་ཁྲིམས་མེད་ལུགས་མེད་ཁོ་ན་རེད་།།།།་ རྒྱུན་ལས་བ་ཚང་མ་ཉེས་ཅན་པ་ཤ་རྟག་རེད
    སྤྱི་བཏིང་ཁྲིམས་ཞིབ་འཕོ་འགྱུང་གཏོང་དགོས་བྱུང་ན་ཁྲིམས་ལུགས་ཀྱི་འགྲོ་སྟངས་སམ་བྱ་རིམ་ཆ་ཚང་འགྲོ་དགོས་པ་ལས་ལྐོག་ལྐོག་སེལ་སེལ་ཡོང་ཐབས་མེད་པ་ཞིག་རེད་
    ཁྲིམས་ཁང་ནི་གོང་ན་མེད་པའི་ཞུ་གཏུགས་བྱ་ཡུལ་དེ་རེད་ Apex Body of democratic institution .. སུ་གང་ཡང་ཁྲིམས་ཀྱི་གོང་ན་མེད།་ One is above Law.. ཁྲིམས་ལུགས་ལ་བྱ་རིམ་མེད་ན་ཁྲིམས་མེད་ལུགས་མེད་ཟེར་་་ Law without due process is Anarchy … གོང་གསལ་གནད་དོན་རྣམས་འཛམ་གླིང་གཅིག་འགྱུར་ལ་ཁྱབ་པའི་ཡོངས་གྲགས་རྩོད་མེད་ཀྱི་ལྟ་གྲུབ་ཡིན་ན་ད་ཐེངས་གྲོས་ཚོགས་ལུགས་འདྲ་བ་འདི་འཚོས་གནས་ལུགས་འདི་ཙམ་ཡང་ཤེས་ཀྱི་མི་འདུག་

  4. namgyal says:
    2021-03-29 at 4:02 am

    བཙན་བྱོལ་བོད་མིའི་མི་ལོ་དྲུང་བཅུའི་རིང་གི་ལོ་རྒྱུས་ཁྲོད་སྐྱུག་བྲོ་བའི་མིན་ནག་གི་ལོ་རྒྱུས་ཞིག་བསྩམས་པ་དང་དེ་ཡང་སྤྱི་འཐུས་རྒྱུན་ལས་རྣམས་ནས་དབང་ཆ་ལོག་སྦྱོད་དང་སྒྲིག་ཁྲིམས་ལ་འགྲེལ་ལོག་དང་། སྒེར་གྱི་དགྲ་ཤ་ཚང་མས་སེམས་ལ་གཉེར་ནས་ལོ་རྒྱུས་ནག་པ་ཞིག་བཟོས་སོངྲ
    དེང་སང་བོད་མི་ཚང་མས་འགོ་འཚོས་ཀྱི་ཡོད་པ་དང་། ཁྲིམས་ཞིབ་པ་རྣམས་ནས་ཁྲིམས་ལག་བསྟེར་གནང་སྟངས་ལ་འདོད་པ་ཁེངས་མིན་ལ་བརྟེན་ནས་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་གཏོང་བ་ནི་ལྐུག་རྟགས་དང་བླན་རྟགས་ཙམ་ལས་ཆོས་འཇིག་རྟེན་གང་ནས་བལྟས་ཀྱང་ཁྲིམས་མེད་ལུགས་མེད་ཁོ་ན་རེད་།།།།་ རྒྱུན་ལས་བ་ཚང་མ་ཉེས་ཅན་པ་ཤ་རྟག་རེད
    སྤྱི་བཏིང་ཁྲིམས་ཞིབ་འཕོ་འགྱུང་གཏོང་དགོས་བྱུང་ན་ཁྲིམས་ལུགས་ཀྱི་འགྲོ་སྟངས་སམ་བྱ་རིམ་ཆ་ཚང་འགྲོ་དགོས་པ་ལས་ལྐོག་ལྐོག་སེལ་སེལ་ཡོང་ཐབས་མེད་པ་ཞིག་རེད་
    ཁྲིམས་ཁང་ནི་གོང་ན་མེད་པའི་ཞུ་གཏུགས་བྱ་ཡུལ་དེ་རེད་ Apex Body of democratic institution .. སུ་གང་ཡང་ཁྲིམས་ཀྱི་གོང་ན་མེད།་ No one is above Law.. ཁྲིམས་ལུགས་ལ་བྱ་རིམ་མེད་ན་ཁྲིམས་མེད་ལུགས་མེད་ཟེར་་་ Law without due process is Anarchy … གོང་གསལ་གནད་དོན་རྣམས་འཛམ་གླིང་གཅིག་འགྱུར་ལ་ཁྱབ་པའི་ཡོངས་གྲགས་རྩོད་མེད་ཀྱི་ལྟ་གྲུབ་ཡིན་ན་ད་ཐེངས་གྲོས་ཚོགས་ལུགས་འདྲ་བ་འདི་འཚོས་གནས་ལུགས་འདི་ཙམ་ཡང་ཤེས་ཀྱི་མི་འདུག་

  5. Kalsang says:
    2021-03-30 at 3:27 pm

    ལས་ཐོག་སྤྱི་འཐུས་རྒྱུན་ལས་བཅུ་གཅིག་ནི། ཁྲིམས་འགལ་བ་དང་སྤྱི་འཐུས་གྲོས་ཚོགས་དང་མི་མང་བཅས་མགོ་འཁོར་གཏོང་མཁན་དང་། བཅའ་ཁྲིམས་ལ་ལོག་འགྲེལ་རྒྱག་མཁན་གྱི་ནག་ཉེས་འོག་ནས་ཕྱིར་འབུད་གཏོང་དགོས། ཁྲིམས་འགལ་བ་ཚོས་མང་གཙོའི་ཁྲིམས་ཀྱི་ཀ་བ་ཞིག་རྨིང་ནས་བཤིག་པ་མི་མང་རང་གིས་སྐྱར་གསོ་བྱེད་ཀྱི་དུས་ལ་བབས་འདུག ད་རེས་ རང་རེའི་དབུས་གཙང་མི་མང་གིས་་མ་ནོར་བའི་སྤྱི་འཐུས་འདེམས་སྟངས་ལ་རེག་ལས་ཡོད་པའི་ཚང་མའི་དོ་སྣང་དང་ཐུག་གཟབ་མང་ཙམ་གནང་རོགས་གནང་ཞུ། 🙏🙏🙏

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme