Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོགས་པོ་ཞིག་ལ་དྲན་གསོ་ཞུ་བ།

Posted on 2015-02-17 By ཁ་བརྡ 14 Comments on གྲོགས་པོ་ཞིག་ལ་དྲན་གསོ་ཞུ་བ།

རས་པ།

 

མི་ཚེ་ནི་གཞུང་ལམ་ཐོག་གཏོང་བཞིན་པའི་རླངས་འཁོར་དང་འདྲ། དེ་ཡི་རྐྱེན་གྱིས་འཁོར་དགག་གི་གནད་དོན་ལ་གཡོལ་ཐབས་མེད་པའི་དུས་ཧ་ཅང་མང་། དལ་ལྷོད་དང་ཞི་འཇམ། གཟབ་ནན་ངང་གཏོང་མཁས་ཀྱི་རླངས་འཁོར་ཁ་ལོ་བ་ཞིག་ལ་མཚོན་ནའང་། བརྒྱ་ཆའི་བརྒྱ་རང་ཉིད་ཀྱི་སྲུང་སྐྱོབ་ལ་འགན་སྲུང་ཐུབ་པར་སུ་ཡིས་བཤད་ནུས། བཤད་མི་ཐུབ་པ་རེད།

 

ཡར་རྒྱས་ཀྱི་རྩེ་མོར་སོན་པའི་རྒྱལ་ཁབ་ག་གེ་མོའི་འགྲུལ་བཞུད་གཞུང་ལམ་ཞིག་གི་སྟེང་དུ། ལོ་ངོ་བཞི་བཅུ་ལྷག་ལ་རླངས་འཁོར་བཏང་ནས་འཁོར་དགག་ཅི་ཡང་བྱུང་མ་མྱོང་བའི་བཟའ་ཚོ་གཉིས་ཀྱིས་སྒེར་གྱི་རླངས་འཁོར་བཏང་ནས་འཆམ་འཆམ་ལ་འགྲོ་བཞིན་ཡོད། ཁྱོ་ག་ནི་རླངས་འཁོར་གཏོང་བ་ལ་བྱང་ཆ་ཆེ་ཞིང་། ལམ་གྱི་སྒྲིག་གཞི་ལའང་ཧ་ཅང་བརྩི། འོན་ཀྱང་། ལམ་བར་དུ་ཟོག་འདྲེན་རླངས་འཁོར་ཆེ་བ་ཞིག་གིས་ཚུར་གདོང་ཁ་རྒྱབ་ཏེ་བཟའ་ཚོ་གཉིས་འཇིག་རྟེན་དང་ཁ་བྲལ་བར་བྱས། དེ་ལ་རྒྱུ་རྐྱེན་ཞིག་ཀྱང་ཡོད་ཆོག་སྟེ། ཉིན་དེར་གཞུང་ལམ་དུ་འཐིབས་པའི་སྨུག་པ་ཡིས་འཁོར་དགག་གི་དོན་རྐྱེན་བྱུང་བར་རོགས་དན་བྱས་ཡོད། འདི་ནི་མི་ཚེ་ཞེས་པ་དེ་རེད། མཇུག་ག་དུས་བསྡུ་མིན་ལ་ཐག་གཅོད་མེད་པ་རེད། དེ་སྔོན་དཔེ་ཀློག་ཅིག་ཏུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གིས། “མ་འོངས་པ་ལ་གོ་རིམ་མེད”་ཅེས་གསུངས་ཡོད་པ་ཞིག་དྲན་གྱི་འདུག་ལ། ལྷག་པར་ཁ་རྒྱུན་དུ་”ཆག་སྒོ་ནམ་ཡོང་ཆ་མེད་རེད་”ཅེས་ཟེར།

 

ང་རང་གི་ངོ་ཤེས་གྲོགས་པོ་ཞིག་གི་ཕུགས་མདུན་གྱི་གཙང་བོ་བཞུར་མཚམས་བཞག་པར་སྐྱོ་སྣང་ལོས་སྐྱེས། ཉིན་འདི་དག་ལ་ངའི་སེམས་སུ་འཆི་བ་མི་རྟག་པར་སྟོན་པའི་ཆོས་ཀྱི་ཚིགས་སུ་བཅད་པ་རེ་ཡང་ནས་ཡང་དུ་འཁོར་འོངས་ཀྱིན་འདུག ཚེ་འདི་འཇིགས་སླ་ནམ་མཁའི་གློག་དང་འདྲ།། ཇི་འདྲའི་བདེན་གཏམ་ཞིག ཡིན་ཡང་། མི་ཚེ་ཕུགས་བསམ་གྱིས་སྐྱོང་དགོས་པ་དུས་ཚོད་འཁྱོལ་ཐབས་ཙམ་གྱི་གདམས་ངག་མིན་པའང་ཡིད་ཆེས་བྱེད་དགོས།

 

གཤམ་དུ་ངས་བོད་ཀྱི་ན་གཞོན་རྩོམ་པ་པོ་དང་ཤེས་ཡོན་ཅན་གཉིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འཁོར་དུ་ཚེ་ཡི་འདུ་བྱེད་རྫོགས་པར་ཕངས་སེམས་དང་བློ་འགྱོད། རང་རེའི་སྤྱི་ཚོགས་ཀྱི་གནོངས་དང་། བྱེད་སྟངས་ཀྱི་སྐྱོན། རྒྱུ་རྐྱེན། ཁ་ནང་དུ་ཕྱོགས་དགོས་པའི་རང་རྟོག་གི་བསམ་བློ་གང་ཡོད་སོགས་བརྗོད་འདོད་མེད་པར། ང་དང་འདས་པོ་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱི་དབར་བྱུང་བའི་བཀའ་མོལ་ཁག་ཅིག་ལ་དྲན་གསོ་ཞུ་འདོད། དེ་ཡིས་ཁོང་གི་མི་ཚེའི་ནང་ཅི་ཞིག་ཇི་ལྟར་སྙེག་ཟིན་པའི་གོ་རིམ་གྱི་ཟུར་ཕྲ་མོ་ཞིག་སྟོན་ཡང་སྲིད།

 

ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༣ ཉིན་ངོ་དེབ་བརྒྱུད་”རྩོམ་གྲོགས་རས་པ་ལགས། ཡེ་རྡོར་གྱི་རྩོམ་གྱི་མ་ཡིག་རྒྱ་ཡིག་ཁག་ཕྲན་གྱིས་རག་སོང་། འོན་ཀྱང་བོད་ཡིག་ཁག་དྲ་རྒྱའི་ནང་ཆ་ཚང་མེད་པ་དང། ཕབ་ལེན་བྱེད་དཀའ་བས་ལམ་སྟོན་ཞིག་གནང་རོགས། སྐུ་ཉིད་ལ་དུས་ཚོད་བར་སྟོང་ཡོད་དུས་ཤིག་ལ་བྱས་ན་འགྲིག། ཐུགས་རྗེ་ཆེ།”ཞེས་འཕྲིན་ཡིག་ཅིག་འབྱོར་ཞིང་། གུས་པས་ཚེས་ ༡༢ ཉིན་”དགོངས་པ་ཁྱོན་ནས་མ་ཚོམས། དེ་རིང་བར་དུ་སྐུ་ཉིད་ལ་བརྡ་ལན་ཞིག་ཕུལ་ཐུབ་མ་སོང་། ཡེ་རྡོར་གྱི་རྩོམ་ཡིག་ཁག་དྲ་རྒྱའི་ནང་རིམ་པར་སྤེལ་བ་དག་ལ་བལྟས་པ་ལས། དཀྱུས་གཅིག་ཏུ་ཕལ་ཆེར་དྲ་ལམ་དུ་མེད་པ་འདྲ། འདས་ལོར་གུས་པོར་འབྲེལ་ཡོད་ཅིག་གིས་ཡེ་རྡོར་གྱི་རྩོམ་མང་དག་ཅིག་དཔར་བཤུས་རྒྱབ་ནས་སྤྲད་སོང་མོད། ད་ལྟ་ཉར་ཚགས་ཡོད་མེད་བལྟས་ནས་བསྡད་ཡོད་ཚེ། སྐུ་ཉིད་ལ་ཕུལ་ཆོག་ལགས།”ཞེས་འཕྲིན་ལན་ཕུལ་བ་ཡིན། ངས་ཡིད་ལ་ཡང་ཡང་དྲན་པ་ཞིག་ནི་ཁོང་གི་འཕྲིན་གྱི་ནང་དུ་ལམ་སྟོན་ཞིག་གནང་རོགས་ཞེས་བཀོད་པ་ནི་བཤད་སྟངས་ཤིག་ལས། ཁོང་ནི་ང་ལས་རྦད་དེ་སློབ་སྦྱོང་དང་འཇོན་ཐང་སོགས་རྩེ་མོར་སོན་ཡོད་པ་ཞིག་ཡིན། དགུན་ཐོག་འདིའི་ཉིན་ཤས་རྗེས་ནས་ཁོང་དངོས་སུ་ངེད་ཀྱི་ལས་ཁུངས་སུ་ཕེབས་ནས་ཡེ་རྡོར་གྱི་མིང་ཐོག་ནས་སྤེལ་བའི་རྩོམ་ཡིག་ཅིག་ལ་ལོ་རྒྱུས་ཀྱི་དོན་དངོས་དང་། དངོས་ཡོད་གནས་ཚུལ་ཇི་བཞིན་ཡིན་པའི་རྩོམ་ཞིག་འབྲི་དགོས་ཞེས་མ་རྩོམ་དེ་གུས་པོར་གནང་སྟེ་ཕྱིར་ཕེབས་སོང་།

 

ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༥ ཉིན་སྨྲ་བརྗོད་རང་དབང་དང་བཙོན་འོག་གི་རྩོམ་པ་པོ་ཞེས་པའི་བགྲོ་གླེང་སྟེང་གུས་པའི་དེབ་གསར་བ་ཞིག་སྒོ་འབྱེད་བྱས་པ་ཡིན། ཚེས་ ༡༤ ཉིན་ཁོང་གིས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ངོས་ནས་གུས་པའི་དཔེ་དེབ་སྒོ་འབྱེད་བྱེད་རྒྱུར་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་མ་ཟད། ཉིན་ཤས་རྗེས་དཔེ་དེབ་བཀླགས་པའི་གདེངས་འཇོག་གི་འཕྲིན་ཡིག་ཀྱང་འབྱོར་སོང་། འཕྲིན་ཡིག་ནང་དུ་”ངས་ཁྱེད་ཀྱི་དཔེ་དེབ་བཀླགས་ཡིན། རྩོམ་ཡིག་རྣམས་ངོ་མ་བཟང་གི། མུ་མཐུད་རྩོམ་ཡིག་ཕྲིས་དང་དེ་ངོ་མ་དགོས་མཁོ་རེད། ཆབ་སྲིད་དཔྱད་བརྗོད་ཐད་གང་ཞིག་འབྲི་དགོས་པ་དང། ཇི་ལྟར་འབྲི་དགོས་པའི་སྐོར་ཤེས་མཁན་དཀོན་པོ་རེད།”ཅེས་བཀོད་འདུག འདི་དང་མཉམ་དུ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ངོས་ནས་ཡེ་རྡོར་གྱི་རྩོམ་ཡིག་ལ་དགག་ལན་དཔེ་དེབ་རྩོམ་སྒྲིག་བྱ་རྒྱུའི་སྐོར་ཡང་གསུངས་འདུག

 

ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༤ ནས་ ༡༧ བར་དུ་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་བཙོན་འོག་རྩོམ་པ་པོའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༠ པ་དེ་པོ་ལན་ཌིའི་གྲོང་ཁྱེར་ཁིར་ཁོ་(Krakow)རུ་འཚོགས། ཚོགས་འདུ་འདི་ལ་འདས་པོ་ཁོང་ཡང་ཕེབས་པ་རེད། འདིར་མ་ཕེབས་པའི་ཟླ་ཤས་སྔོན་ངེད་གཉིས་ཀྱིས་བཙོན་ནང་དུ་ཡོད་པའི་བོད་ཀྱི་རྩོམ་པ་པོའི་སྐོར་ལ་གླེང་མོལ་ཙམ་བྱས་ཤིང་། ཁོང་ཚོའི་རྩོམ་ཡིག་གི་དམིགས་ས་གཙོ་བོའམ་ཅི་ཞིག་སྟོན་གྱིན་པའི་སྐོར་ལའང་བསམ་ཚུལ་བརྗེ་རེས་བྱུང་། སྐབས་དེའི་སྔོན་ཙམ་ནས་ཐེའུ་རིང་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་༩ ཚེས་༢༦ ཉིན་རྒྱ་ནག་མཱེན་དབྱང་བཙོན་ཁང་ནས་གྲོགས་པོ་ཁམས་བདེ་ཞེས་སོགས་བཀོད་པའི་འཕྲིན་ཡིག་ཅིག་(སུ་ལ་བཏང་བ་མི་གསལ།)ཡོད་པའང་ཁོང་ལ་ཕུལ་ཞིང་། སྐབས་དེར་ཁོས་བཙོན་འོག་གི་བོད་ཀྱི་རྩོམ་པ་པོའི་སྐོར་ལ་སྙན་ཐོ་ཞིག་གྲ་སྒྲིག་བྱེད་ཀྱིན་འདུག།

 

ཁོང་ནི་ཞི་འཇམ་དང་ལས་དོན་ལ་ཧུར་བརྩོན་ཆེ་བ། རྣམ་དཔྱོད་ཅན་གྱི་ཤེས་ལྡན་པ་ཞིག་ཡིན་པས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་འགན་འཁུར་བ་ནས་ལས་དོན་ཧ་ཅང་མང་པོ་གནང་ཡོད་པ་མ་ཟད། སྐབས་ཤིག་བརྟན་འཇགས་མེད་པའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡིག་ཚང་བརྗེ་སྤོར་གྱི་སྐོར་ཡང་བཀའ་མོལ་གནང་གི་འདུག་ལ། སྔོན་མར་འགྲོ་སོང་སོགས་ཀྱིས་འུར་མ་བརྟེན་པའི་གནས་ཚུལ་ཐག་གཅོད་ཐུབ་སོང་བས་ཁང་པ་གངས་སྐྱིད་ཁུལ་དུ་སྤོར་འདོད་ཡོད་ཚུལ་ཡང་གསུངས་སོང་། ངེད་གཉིས་ཀྱིས་ངོ་དེབ་ཆ་འཕྲིན་སྟེང་བཙོན་དུ་ཚུད་པའི་བོད་ཀྱི་རྩོམ་པ་པོའི་སྐོར་ལ་ལབ་གླེང་ཐེངས་གཉིས་པ་བྱས་རྗེས་རྒྱུན་རིང་ཙམ་ལ་ཁ་བརྡ་མ་བྱས། ཡིན་ཡང་། འཚིག་ཇ་འཐུང་ས་དང་ལམ་ཁ་གཡས་གཡོན་ནས་རྟག་པར་ཐུག་གི་ཡོད།

 

ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༧ ཉིན་ངས་བོད་ཀྱི་ཉེ་རབས་གཞུང་ཡིག་ཡིག་ཚགས་ཉམས་ཞིབ་དང་། ཡིག་མཛོད་ཡིག་ཚགས་གསོག་ཉར་གྱི་རྒྱུ་ཆར་དཀར་ཆག་བཟོ་བའི་ལས་ཀ་དེ་ལས་དགོངས་པ་ཞུས་ཏེ་ཟླ་གཅིག་ལྷག་རིང་ངལ་གསོ་ལྟ་བུར་ལས་མེད་དུ་བསྡད། ཉིན་ཞིག་སྤྲོ་ཚིགས་ལགས་དང་མེག་ལོར་གྷན་ཇི་ཞེས་པའི་ཁྲོམ་སྲང་ནས་མཇལ་ཞིང་། ཁོང་གིས་གུས་པོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་ལས་ཀ་བྱེད་འདོད་ཡོད་མེད་སྐོར་ལ་སྐད་ཆ་དྲིས་ཤིང་། དེའི་ནང་ལས་ཀ་བ་ཞིག་དགོས་པ་ཁོང་ལ་མངགས་བཅོལ་བྱས་ཡོད་པ་འདྲ།

 

ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡ ནས་ངས་རང་གི་ད་ལྟའི་ལས་གནས་ལ་ལས་ཀ་བྱེད་མགོ་བརྩམས་ཤིང་། ཁོང་གིས་ཕྱག་ལས་གནང་སའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དུའང་ཐེངས་ཤས་ལ་སོང་མྱོང་། ཕོ་ཉམས་དོད་པའི་སྤྲོ་ཚིགས་ཆོས་གྲགས་ལགས་ལས་ཁུངས་དེ་རུ་ཡང་ཡང་མཇལ་ཐུབ་པ་མ་ཟད། ལས་ཀ་གྲོལ་ཚུགས་ཀྱི་སྔ་རྗེས་སུ་འཚིག་ཇ་ཁང་རེ་ཟུང་ནས་ཀྱང་ཡང་ཡང་མཇལ་གྱི་ཡོད། ལྷག་པར་དུ་རྡ་སར་མི་མང་འདུ་འཛོམས་ཀྱི་དུས་སུ་ཁོས་རྩོམ་སྒྲིག་གནང་བཞིན་པའི་<<བོད་རིག་པ་ཞིབ་འཇུག་>>གི་དེབ་དེ་གཙུག་ལག་ཁང་གི་སྒོ་མདུན་ནས་བཙོང་གནང་གི་ཡོད། ཧ་ཅང་ཕུན་སུམ་ཚོགས་པའི་<<བོད་རིག་པ་ཞིབ་འཇུག་>>དཔར་ཐེངས་གཉིས་ཀ་རེ་རེ་བཞིན་རྩོམ་སྒྲིག་བྱེད་འཆར་གྱི་གྲ་སྒྲིག་སྔོན་ལ་གུས་པོར་བོད་ཀྱི་རྩོམ་རིག་སྐོར་ལ་ཞིབ་འཇུག་དཔྱད་རྩོམ་ཡོད་མེད་དྲིས་མྱོང་ཞིང་། འདོན་ཐེངས་རྗེས་མར་རྩོམ་རིག་སྐོར་གྱི་ཞིབ་འཇུག་དཔྱད་རྩོམ་ཞིག་གྲ་སྒྲིག་བྱེད་པར་རེ་སྐུལ་ཡང་བྱས་མྱོང་།

 

ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༣༠ ཉིན་ངེད་གཉིས་ཆེས་མཐའ་མའི་ཡི་གེ་བཏང་བ་ཡིན།
▪ ང་། ཆོས་གྲགས་ལགས་བཀྲ་ཤིས་བདེ་ལེགས། ཡིག་ཚང་ནས་རྩོམ་པ་པོའི་མཐུན་ཚོགས་ལ་ཡི་གེ་ཞིག་འདུག
ཁྱེད་རང་ཉིན་གུང་དང་ཡང་ན་དགོང་དྲོ་གཙུག་ལག་ཁང་གི་ཉེ་འཁོར་ཇ་ཁང་དུ་ཕེབས་ཀྱི་ཡིན་ནམ།

▪ ཁོང་། ཁྱོའི་ཁ་པར་སྤྲོད་དང་། ང་ཡིག་ཚང་ལ་ཞིག་ཡོང་དགོས། དེ་དུས་ལེན་ཆོག ཁ་དྲོ།

ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༧ ཉིན།

 

 

དྲན་ཐོ།

Post navigation

Previous Post: ལོ་སར་སྐབས་ཀྱི་རྒྱུན་སྲོལ་བསྡུས་པ།
Next Post: ང་ཡི་གབ་ཚིག ཁྱོད་ཀྱི་ལོ་གསར་ལེགས་སྐྱེས།

Comments (14) on “གྲོགས་པོ་ཞིག་ལ་དྲན་གསོ་ཞུ་བ།”

  1. ཇུས་ཏོག says:
    2015-02-17 at 8:19 am

    2015 ཕྱི་ཟླ་ 2 པའི་ ཚེས་30 ཉིན ་ངེད་གཉིས་ཆེས་མཐའ་མའི་ཡིག་་གེ་བཏང་བ་ཡིན་་ཟེར་།
    ཕྱི་ཟླ་གཉིས་པ་ལ་ཏ་རིག་ཉི་ཤུ་རྩ་བརྒྱད་ལས་ཡོད་པ་མ་རེད་དེ་ག་འདྲ་ཡིན་ནམ་

  2. ས་མཐའི་མིག་ཆུ། says:
    2015-02-17 at 8:42 am

    ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༢ ཚེས་ ༣༠ ཉིན་ངེད་གཉིས་ཆེས་མཐའ་མའི་ཡི་གེ་བཏང་བ་ཡིན་ཟེར། དེ་རིང་ཕྱི་ ༢ ཚེས་ ༡༧ རེད་ཡི་གེ་དེ་ད་ལྟ་འབྲི་རྒྱུ་ཡིན་གྱི་རེད། མ་ཟད་ཡི་གེ་དེ་བར་དོར་གཏང་རྒྱུ་ཡིན་ནམ་ཡང་ན་སྐྱེས་གནས་དྲུག་ནས་གང་དུ་གཏང་རྒྱུ་ཡིན། གང་ལགས་ཞེས་ན་གྲོགས་པོ་ཁོང་གཉིས་ཕྱི་ཟླ་ ༢ ཟླ་མགོར་རལ་གྲིའི་སོ་ཁ་ནས་འཇིག་རྟེན་གཞན་ལ་ཕེབས་ཟིན་པས་སོ།

  3. ཁྱུང་སེ། says:
    2015-02-17 at 9:04 am

    གོང་གི་མཆན་བུ་བ་གཉིས་ཀས་རྩོམ་ལེགས་པར་བཀླགས་པར་མ་ཟད་རྩོམ་གྱི་སྐོར་ལ་བསམ་ཚུལ་གསུངས་པ་དངོས་གནས་ཡ་མཚན་རེད་གཏམ་མགོ་རྔ་མི་མཐུན་པའི་སྐད་ཆ་མ་རེད་དམ། གཞན་ཡང་གྲོགས་པོ་བཟང་པོ་ཡིན་རབས་དང་གྲོགས་པོ་རྙིང་པ་ཡིན་རབས་བཤད་སོང། ཡིན་ནའང་མཐའ་མའི་སྐད་ཆ་ཤོད་དུས་གྲོགས་པོའི་རྙིང་པའི་ལག་འདོགས་ཁ་པར་གྱི་ཨང་གྲངས་ཙམ་ཅིག་མེད་པར་ཁྱེད་ཀྱི་ཁ་པར་ཨང་གྲངས་བསྐུར་རོགས་ཟེར་འདུག ད་གང་ཤེས་མི་ཚོས་མི་བུ་གང་ཞིག་འཆི་ཟིན་དུས་བསྟོད་རས་གནམ་ས་བཀང་ཡོང་གི་འདུག ཡོད་དུས་ནི་གོ་ཚོར་གང་ཡང་མི་འདུག

  4. རས་པ་ says:
    2015-02-17 at 10:33 am

    གོང་དུ་མཆན་བུ་དང་པོ་དང་གཉིས་པ་འདེབས་མཁན་རྣམ་པ་གཉིས་ཀྱིས་ནོར་བ་ལ་ནོར་རྟགས་སྐྱོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ༼ ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༣༠ ཉིན་ངེད་གཉིས་ཆེས་མཐའ་མའི་ཡི་གེ་བཏང་བ་ཡིན། ༽ ཞེས་པ་ནི་༼ ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༣༠ ཉིན་ངེད་གཉིས་ཆེས་མཐའ་མའི་ཡི་གེ་བཏང་བ་ཡིན། ༽ ཞེས་ནོར་བཅོས་ཀྱིས་མོས་པ་ཡོད་མཁན་ཚོས་ལྗགས་ཀློགས་གནང་རོགས་ཞུ་རྒྱུ་ཡིན།

    གཞན་དྲ་མཆན་པ་ཁྱུང་སེ་ལགས་ཀྱིས་དོགས་པ་ཇི་ལྟར་ཟ་མིན་ནི་ཁོང་གི་རང་དབང་ཡིན་པས་གུས་པོར་གསལ་བཤད་གང་ཡང་ཞུ་རྒྱུ་མེད།

  5. ས་མཐའི་མིག་ཆུ། says:
    2015-02-17 at 12:46 pm

    རལ་པ་ལགས་གུས་པས་ཚེས་གྲངས་སྐོར་ལ་སེམས་དོགས་བྱུང་ཙམ་དེ་ལྟར་བྲིས་པ་ཙམ་ཡིན། གྲོགས་པོ་ཡག་ཤོས་ཡིན་ན་ཁྱེད་ཀྱིས་ཁོང་ཚོའི་ཁ་པར་ཨང་གྲངས་ཚང་མ་དཔེ་ཆ་སྐྱོར་བ་བཞིན་ཁྱོར་བའི་ངེས་པ་མེད།

  6. ཇུས་ཏོག says:
    2015-02-17 at 9:54 pm

    ནར་བ་ནོར་བ་རྒྱལ་པོའི་བུ་ལའང་ཡོད་རེད་།
    རྫར་བ་རྫེར་བ་རྩན་དན་ཤིང་་ལའང་འདུག་།

  7. དྲི་མེད་ལྷག་བསམ། says:
    2015-02-17 at 10:37 pm

    ༄༅། རེ་འབོད།
    དང་པོ་གསར་འགྱུར་གྱི་བརྒྱུད་ལམ་ལས་བྱུང་བ་ལ་ཅུང་ཟད་ཡིད་ཆེས་སྐྱེས། ད་ནི་དོགས་པ་ཇེ་མང་རེད། མི་བུ་རེ་བ་ཅན་གཉིས་ཀྱིས་གསོད་རེས་བྱས་པའི་གནས་ཚུལ་འདི་བདེན་པ་མིན་པར་ཤོག ཁོང་གཉིས་ཀྱིས་གསོད་རེས་བྱས་པའི་གཏམ་འཆལ་དེས་ཁོང་གཉིས་མཁས་པའི་རིན་ཐང་བརླག་འགྲོ། །གསོན་པོ་འདུག་བདེ་བ་དང་། གཤིན་པོ་བླ་བདེ་བ་ཡོང་བའི་ཐབས་ལ་བརྩོན། དཔའ་བོའི་རྫོང་ཞེས་གྲགས་པའི་ཨ་མདོ་རྔ་བ་ཚོ། ལ་རྒྱ་འཆོར་མི་ཉན། ཕན་ཚུན་དོགས་པ་མ་ཟ། བློ་ཐག་ཆོད་པ་ཀྱིས། ཐལ་རྙིང་མ་རྔོགས། ནང་ཁུལ་དུ་མཐུན་ཐབས་ཀྱིས། དཔའ་བོ་རྣམས་ཀྱིས་ཕྱག་རྗེས་རྐང་བསུབ་མ་གཏོང་། བསམ་ཤེས་ཚོས་སློབ་གསོ་ཐོངས། དཔའ་བོའི་རྫོང་གིས་ནང་ཁུལ་གསོད་རེས་མི་བྱེད་པའི་དམ་བཅའ་ཀྱིས། དེ་བཞིན་ལག་དམར་བོད་ནང་ཁུལ་དུ་བཙལ་རྒྱུ་མེད། །ལས་རྒྱུ་འབྲས་ལ་བསམ་བློ་ཐོངས། ཤུལ་ལུས་རྣམས་ཀྱིས་སེམས་གུ་ཡངས་པོ་ཀྱིས། སྡུག་བསྔལ་སྡེ་སྟེང་དུ་བཀྲམ་དགོས། གཤིན་པོར་མཁོ་བ་ཆོས་རེད། དེ་ཅི་ཐུབ་བྱེད་དགོས།
    ལྟས་ངན་ཐམས་ཅད་དགྲ་བོའི་སྟེང་དུ་སྒྱུར། །གནོད་པ་ཐམས་ཅད་བགེགས་ཀྱི་སྟེང་དུ་བཟློག །
    ལོ་ཟད་ཟླ་ཟད་ཉི་ཤུ་དགུ་ཡི་ཉིན། །བསམ་ངན་སྦྱོར་རྩུབས་སྟོང་པའི་དབྱིངས་སུ་བཟློག །
    རེ་བ་ཅན་གྱི་བོད་མིས་མཐུན་སྒྲིལ་གྱིས། །དཔའ་བོའི་ཞིང་ཁམས་རྔ་བས་མཐུན་སྒྲིལ་གྱིས། །
    ཆོས་གྲགས་གཉིས་ཀྱི་ནང་མིས་མཐུན་སྒྲིལ་གྱིས། །ཀིརྟི་དགོན་དང་སྒོ་མང་མཐུན་སྒྲིལ་གྱིས། །ལྷ་རྒྱལ་ལོ། །

  8. དྲི་མེད་ལྷག་བསམ། says:
    2015-02-17 at 10:46 pm

    མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གནང་བའི་ཞི་བདེའི་དཔུང་རྟགས་ཀྱི་དམ་བཅའ། ༡༽སྤྱིར་མི་གསོད་རེས་མི་བྱེད་པ། ༢༽ཆོལ་གསུམ་བོད་མི་གསོད་པ། ༣༽ས་ཁུལ་དུ་ནང་འཁྲུགས་གསོད་རེས་མི་བྱེད་པ། དམ་བཅའ་གསུམ་གང་རུང་དགོས། བོད་མི་ས་ཡ་གཅིག་ཙམ་གྱིས་ཞི་བདེའི་དཔང་རྟགས་བླང་ཟིན། བོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ད་ལྟ་ལས་འགུལ་དེ་སྲིད་གཞུང་གིས་བཀག་འདུག བོད་སྤྱི་ལ་ཐུགས་བསམ་བཞེས། ཕྱག་ལས་གནང་བའི་མཛད་པ་རླབས་པོ་ཆེ་འདྲ་འགྲུབ་ཐུབ་མཁན་ཁོང་ཙམ་མོ། བཙན་བྱོལ་ཕྱི་ཚོགས་སུ་དེ་འདྲ་སྤེལ་ཐུབ་པའི་ཐབས་ལ་བརྩོན་ན་ཅི་མ་རུང་།

  9. རྨུ་ཐག་གི་བུ་རྒྱུད། says:
    2015-02-17 at 11:50 pm

    དྲི་མེད་ལྷག་བསམ། “ཆོལ་གསུམ་བོད་མི་གསོད་པ།” འདི་ལ་བཟོ་བཅོས་ཤིག་མ་བཏང་ན་ཀློག་སྟངས་ཤིག་གིས་བྲེད་ཤ་ལང་དགོས་པའང་ཡོང་གི་འདུག ཧ་ཧ་ཧ ཚུལ་བློས་བོད་ཟོག་གསོད་མི་ཉན་པའི་བཙན་ཁྲིམས་ཤིག་བསྡམས་ཡོད་པ་གོ་ནའང་ཆོལ་གསུམ་བོད་མི་གསོད་དགོས་པའི་ཁྲིམས་ཤིག་བཞག་ཡོད་པ་དེ་རིང་གསར་དུ་གོ་བ་ཡིན། མི་སྲིད་པ་ཞིག་ཀྱང་མིན་ཏེ་ཁོང་གིས་དུད་འགྲོའི་ཕྱོགས་བཟུང་ནས་ཤ་ཚོད་མེད་བཟའ་བའི་བོད་མི་ལ་སྙིང་ནད་རྩོད་ཀྱི་ཡོད་ནའང་ཐང་། ཧ་ཧ་ཧ

  10. དྲི་མེད་ལྷག་བསམ། says:
    2015-02-18 at 12:01 am

    རྨུ་ཐག་གི་བུ་རྒྱུད། དྲིས་པ་ལེགས་སོ། ་ཕྲན་གྱིས་བཤད་པ་དེ་ཁོང་ཚོའི་ཡི་གེ་ངོས་བཤུས་མིན་པས་ཚིག་སྐྱོན་ཐམས་ཅད་བདག་གི་ནོར་འཁྲུལ་ལོ། །དོན་གསུམ་པོ་དེ། སྤྱིར་མིའི་རིགས་སུ་གྱུར་པ། སྒོས་བོད་མི་རིགས། ཁྱད་པར་རང་གི་འཁོར་ཡུག་གསུངས་པ་ཡིན་པས་གོ་བ་ལེན་ཕྱོགས་མི་ནོར་བར་མཁྱེན།

  11. ཁྱུང་སེ། says:
    2015-02-18 at 1:38 am

    དྲི་མེད་ལགས་སྔོན་མ་རྒྱ་གར་ཧིན་དྷུ་བ་ཚོས་ཁ་ཆེ་བ་ཚོས་རྒྱ་གར་གྱི་ཡུལ་དུ་བ་ཕྱུགས་གསོད་མི་ཆོག་པའི་གནོན་ཤུགས་ཞིག་སྐབས་དེའི་སྐབས་ཀྱི་སྲིད་བློན་ཨིན་དྷར་ར་གྷན་དྷི་ལ་སྤྲོད་དུས་་་་ཨིན་དྷར་གྷན་དྷི་ཡིས། ང་ཚོས་དེ་ལྟར་ཕྱོགས་ཡོངས་ནས་བཀག་ན་འོ་ན་ང་ཚོའི་དམག་མིི་ཚོས་རྐང་པར་ག་རེ་གོན་དགོས་རེད་དམ་་་ཅེས་བཤད་ནས་ཉན་འཇོག་མ་བྱས་པ་རེད་ཟེར། རེད་རེད་དེང་སང་དགེ་འདུན་པ་གྲྭ་བ་དགེ་བཤེས་བླ་སྤྲུལ་རྫིག་རི་རྫིག་ཚད་ཚོས་རྐང་ལ་ཀོ་ལྷམ་གྱོན་ལག་ཏུ་ཀོ་ཕད་ཀྱི་དངུལ་ཁུག་བཟུང། འཕྲག་ལ་ཀོ་བའི
    འཇོ་ལའམ་རྒྱབ་ཁུག་བཀལ་ནས་རྫིག་ཉམས་དང་བཅས་ནས་ཤ་ཟ་མི་ཆོག་སེམས་གསོད་མི་ཆོག་ཅེས་བསྒྲགས་བཞིན་འདུག་པས་དེ་ཚོར་དགོངས་པ་གང་བཞེས་ཀྱི་ཡོད་དམ། ཚུལ་བློས་ཤ་དང་ཆང་རག་འཁྲུགས་འཛིངས་སོགས་འགོག་པའི་བྱ་བ་དེ་དག་ལ་ཡི་རངས་དང་བསྔགས་བརྗོད་ཡོད། འོན་ཀྱང་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་མི་དམངས་ཡོང་ལ་བཙན་གྱིས་བསྒྲགས་ཤིང་བཀལ་བ་ཡིན་ན་གནམ་གྱི་བཀའ་ཡིན་པའི་བཟོ་འདྲ་བོ་ཞིག་མཐོང་གི་འདུག་སྤྱིར་སྟངས་དགེ་བསྐུལ་ག་རེ་གནང་ནའང་ལོས་འགྲིག་ཐོག་མར་རང་ཉིད་ཀྱི་ངོས་ནས་ལག་ལེན་བྱེད་དགོས། ང་ཚོས་མི་གཞན་ལ་ཉོན་མོངས་དུག་ལྔ་སྐྱེ་མི་ཆོག་སྐྱེས་ན་སྐྱིད་སྡུག་ནས་འཕུད་ཀྱི་ཡིན་ཅེས་ལབ་པ་དང་འདྲ་བོ་རེད་མི་འདུག་གམ

  12. དྲི་མེད་ལྷག་བསམ། says:
    2015-02-18 at 2:08 am

    ཁྱུང་སེ་ལེགས། གསུང་པ་ལ་མངོན་པར་བསྟོད། །མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་རང་གིས་ཤ་མ་ཟོས། རྒྱབ་ལ་པགས་མ་གྱོན་པར་གསུང་འདུག ཞབས་ལྷམ་ཅི་འདྲ་ཡིན་མ་ཤེས། མཁན་ཆེན་མཆོག་གིས། སྲོག་མི་གཅོད་པ་སོགས་བསྐུལ་སློང་ལས་ཁྲིམས་བྱས་པ་མེད་དེ། ཁྲིམས་འཇོག་ཡང་མི་ཐུབ། ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་ཡིན་གསུངས་པ་ཕྲན་རང་གིས་རྣ་བས་གོ །ལག་ལེན་དུ་འདེབས་མཁན་ཁྲོད་ས་ཁུལ་ཁ་ཤས་སུ་ཁྲིམས་བཤད་ནས་འགྲོ་མཁན་ཡོད་པའང་མཐོང་ཆོས་རེད། བདེན་པ་རེད། དེ་ལ་ཕྲན་ཡང་མོས་མཐུན་མེད། ཁོང་གིས་བཙན་ཁྲིམས་བཞག་ན་ཕྲན་རང་གིས་ཀྱང་ཁུར་མི་ཐུབ་པས་རྒྱབ་སྐྱོར་བྱེད་མི་སྲིད་དོ། །སྐུ་ཚེ་རིང་། །

  13. ཁྱུང་སེ། says:
    2015-02-18 at 2:15 am

    རྣམ་དཔྱོད་རིག་པའི་གཤོག་རླབས་ཀྱིས་བསྐྱོད་མཁན་ཁ་བརྡ་དྲ་རྒྱའི་རྒྱན་གཅིག་པོ་དྲི་མེད་ལགས་ལ་བཀའ་དྲིན་ཆེ་རེད་རེད་ས་ཁུལ་འགའ་ཞིག་ཏུ་ཁོང་གི་རྗེས་འཛིན་པ་འགའ་ཞིག་གིས་ཁོང་གིས་བཅས་པའི་ཁྲིམས་རེད་ཟེར་ནས་བཙན་བཀའ་བཏང་བ་ཁ་ཤས་གོ་རྒྱུ་འདུག་དེ་ས་གནས་དེ་ག་རང་གི་མི་ནས་གོ་བ་ཡིན་པས་དེ་ལུགས་ཡིན་ན་སོ་སོ་རེད།

  14. མི་འགྱུར་རྡོ་རྗེ། says:
    2015-02-18 at 5:00 am

    ཡིག་ནོར་དོན་ནོར་མང་བའི་རྩོམ་ཆལ་འདིར། །ད་དུང་དེ་ལས་ལྷག་གི་དོན་ལོག་ཡོད་པའི་དོགས་པ་ཡོད། །གྲོགས་པོར་བརྩེ་བ་ཡོད་ཁུལ་བཤད་བཤད་མཐར། །གོ་སྐབས་གཞན་ཞིག་འཛིན་གྱི་ཡོད་པའི་སྣང་བ་བསྟེར། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme