Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོགས་གངས་ཉི་ལ།

Posted on 2009-03-252009-03-25 By tenzin 9 Comments on གྲོགས་གངས་ཉི་ལ།

ན་གཞོན་དཔུང་སྡེའི་འོད་དཀར་ནས།

ཟླ་གཉིས་ཙམ་གྱི་སྔོན
ཁྱེད་ཀྱི་ཧི་གཟུགས་ནས་ངས་ཡོད་ཚད་རེ་གཞག་དང་དུང་ཞེན་ཞིག་གིས་ཁུར
དུས་དེར་ཁྱེད་ཀྱི་ང་མི་ཤེས་ལ་ངས་ཁྱེད་ཀྱང་མི་ཤེས
ཟླ་གཅིག་ཙམ་གྱི་སྔོན
ངས་ཁྱེད་ལ་དུང་ཞེན་ཀྱི་ཡི་གེ་སྤྲིངས
ངས་ཁྱེད་ལ་སེམས་གཏིང་ནས་སྐད་ཆ་བཤད་འདོད་བྱུང
དུས་དེར་ཁྱེད་ཀྱི་མི་རིགས་ལ་བཅངས་བའི་ཤ་ཞེན་གྱིས་ངའི་སེམས་པ་མེ་རུ་འབར་བཅུག་སོང
དུས་དེར་ཁྱེད་ཀྱི་ང་སུ་ཡིན་གྱི་སྐད་ཆ་འདྲི་བཞིན་ཁྱེད་ཀྱི་སེམས་པ་སྤྲོ་སེམས་ཀྱིས་ཁེངས་སོང
ངའི་སེམས་ཀྱི་རང་གཤིས་ལྷད་མེད་ཀྱི་གྲོགས་མཆོག
ཉིན་དེ་ནས་བཟུང་ཁྱེད་ཀྱི་མི་རིགས་འདིར་བཅངས་བའི་བརྩེ་སེམས་རེ་རེ་གསུངས་བྱུང་ལ
རྒྱབ་བརྟེན་རི་འདྲ་བོ་ཞིག་གི་ཚད་ལ་ཁྱེད་ཀྱི་ཡིད་ཆེས་བྱས
ཉིན་འདི་གའི་རིང་ངའི་སེམས་ཀྱི་རྨ་ཁ་ཁྲག་ཡིན་ལ
ཁྲག་ཐིགས་གི་འཕར་རྩ་རེ་ན་དངོས་གཏན་མེད་པའི་བཟོད་བྲལ་གྱི་སྡུག་བསྔལ་ཞིག
ངས་མཐོང་བཞིན་པའི་དྲང་བདེན་གྱི་འཕྲང་ལམ་འདི་ནས
སྔོན་ཡང་དཔའ་བོ་ཞིག་ཤོར་ཟིན་ལ
ད་ལྟ་ཡང་དཔའ་བོ་ཞིག་འདས་ཟིན
འདི་དག་བསམ་གཞིག་གི་རྨི་ལམ་ན་ང་ཁྱེད་ལ་དུང་ཞིངཁྱེད་ལ་སེམས་འཚབ་ཆེ
ཤེས་འཇོན་གཉིས་ཀྱིས་ཕྱུག་པའི་དཔའ་བོ་ཁྱེད
དངོས་གནས་བརྒྱ་ཕྲག་གི་ཚེ་སྲོག་དང་མཚུངས
འདི་ལྟར་བསམ་ན་ངུ་འབོད་ཀྱིས་ཀི་སྒྲ་སྒྲོགས་འདོད་ལ
འདི་ལྟར་བསམ་ན་དཔལ་དོན་འགྲུབ་རྒྱལ་གྱི་རྗེས་ཉེག་འདོད་ཀྱང་བྱུང
ཨ་ཨ་་་   སེམས་ཀྱི་མི་ལྕེ་དམར་པོ་ཇི་ལྟར་བརྗོད་དགོས་་་་
འདི་གཏན་མེད་པའི་ལ་ལུང་ནས
འདི་གཏན་མེད་པའི་སྐད་ཆ་འདི་སུ་ཞིག་གིས་ཉན
༢༠༠༩།༣༢༤

གསར་འགྱུར།, དཔྱད་རྩོམ།

Post navigation

Previous Post: གྲོགས་གངས་ཉི་ལས་འཕྲོས་པའི་གཏམ།
Next Post: དམར་གསོད་བྱས་པའི་དགེ་རྒན་ལ་མྱ་ངན་ཞུ།

Comments (9) on “གྲོགས་གངས་ཉི་ལ།”

  1. Nyiwod says:
    2009-03-25 at 10:08 pm

    tashidek all my friends

  2. ཉི་འོད། says:
    2009-03-25 at 11:17 pm

    ཨ་རོ་སེམས་འཚུབ་མ་གནང་ངས་ཉན་ཆོག་ཡ།

  3. དཔལ་དགྱེས་པ་རྡོ་རྗེ says:
    2009-03-26 at 3:48 am

    གངས་ཕྲུག་གྲོགས་པོ་ཚོ།

    ཀྱེ་མ་ཧོ། །

    ཁྲག་དམར་སྐར་དར་འོག་ནས། །
    དཔའ་བོ་བརྒྱ་ཤི་སྟོང་ཤི། །
    མཁས་གྲུབ་ཁྲི་བསད་འབུམ་བཟུང་། །
    རང་ཡུལ་དམྱལ་ཁམས་བཟོས་སོང་། །

    བླུན་དམག་བྱེ་བ་ས་ཡ། །
    དྲག་ནག་སེར་བ་འབབ་འབབ། །
    ཞིང་འབྲོག་གངས་ཕྲུག་སྙེ་མ། །
    འབྲུ་ཏོག་སེར་བས་བཅོམ་སོང་། །

    ཀྱེ་མ་སྙིང་ནས་སྐྱོ་བས། །
    སྐྱབས་གནས་བླ་མ་དཀོན་མཆོག །
    བྱིན་རླབས་ཐུགས་རྗེ་ནུས་པས། །
    བདག་སོགས་བོད་འབངས་སྐྱོབས་ཤིག །

    བླ་མ་པདྨ་འབྱུང་གནས། །
    ཡི་དམ་དུས་ཀྱི་འཁོར་ལོ། །
    ཆོས་སྐྱོང་གེ་སར་རྒྱལ་པོ། །
    རྗེ་བཙུན་སྒྲོལ་མས་སྐྱོབས་ཤིག །

    གངས་སེང་དར་དཀར་ལིང་ལིངས། །
    ཀི་བསྭོ་ལྷ་རྒྱལ་སང་སངས། །
    དགའ་སྤྲོ་ཁེངས་པའི་གཞི་བྱེས། །
    མཉམ་འཛོམ་ཡོང་བར་སྨོན་ནོ། །

    གང་ཤར་དུ་ཤྲྰི་སྨྱོན་པས

  4. Nyiwod says:
    2009-03-26 at 9:20 am

    =$-=J/-lR=-12-!R%-5K,
    #-2>.-(-y:A-;%-~A%,
    *=-?-P-/<-$8%-/?,
    #-3$-,<-3R-2lJ$?-:V?,
    $*A.-,/-.N$-0:A-$.R/-9A=,
    2?R.-/3?-<A-lJ<-;R.-0?,
    <A-3,:A-A-)R-o$?-0?,
    $;R2-2h:A-PR$?-?-3A-,R/,
    $&A$-.$-%-.$:A-.$-%R<,
    o-.3$-*A.-(<-2c=-G%-,
    $./-$?3-?J<-.3$-;R%?-GA?,
    ,<-^R$-$;-:V$-wA<-{.,

  5. ཉི་འོད says:
    2009-03-27 at 4:30 pm

    ལག་ལེན་རྩོལ་སྒྲུབ་སྟོང་ཚེ།
    ཁ་བཤད་ཆུ་ལྦུའི་ཡང་སྙིང།
    ཉལ་ས་གྲུ་ནར་གཞུང་ནས།
    ཁ་མུག་ཐར་མོ་བརྩེགས་འབྲས།
    གཉིད་ཐུན་དཀྲུག་པའི་གདོན་ཟིལ།
    བསོད་ནམས་རི་རྩེར་ཡོད་པས།
    རི་མཐའི་ཨ་ཇོ་རྒྱགས་པས།
    གཡོབ་བརྡའི་གྲོགས་སུ་མི་སྤྱོན།
    གཅིག་དགུ་ང་དགུའི་དགུ་ངོར།
    རྒྱ་དམག་སྐྱིད་ཆུར་བརྒལ་ཀྱང༌།
    གདན་གསུམ་སེར་དམག་ཡོངས་ཀྱིས།
    ཐར་ཟློག་གཡུ་འབྲུག་ལྡིར་སྐད།

  6. ཉི་འོད says:
    2009-03-27 at 4:46 pm

    ནོར་བཅོས།
    ཐལ་མོ
    ཐལ་ཟློག

  7. ཨ་བུ་བྷ་རྡོ། says:
    2009-04-01 at 3:03 pm

    ཉི་འོད་ཀྱི་མཆན་གོང་མ་དེ་འདོན་ཐུབ་ཀྱི་མི་འདུག

  8. ཨ་བུ་བྷ་རྡོ་ says:
    2009-04-01 at 7:53 pm

    ལུང་རྟོགས་བསྟན་འཛིན་ལ་ཁག་ཡོད་རྒྱུ་མ་རེད། རོ་ཐོག་རྟ་རྒྱུགས་ཟེར་བ་དེ་སྙིང་ཚ་བོར་བསྔོགས་པ་དང་གཅིག་མཚུངས་རེད། ད་དུང་ཆོས་པ་ཞིག་ལ་མཚོན་ན་བླ་མ་གྲོངས་པ་དེ་ཕ་མ་གྲོངས་པ་ལས་ཀྱང་སྡུག་གི་རེད། དུས་ཚོད་འདི་འདྲའི་སྐབས་སུ་སྙིང་ཚིམ་བགྲངས་པ་དེ་དོན་དག་ཆུང་ཞིག་གཏན་ནས་མ་རེད། རྒད་པོ་ང་ཡིན་རུང་གཅིག་མི་འཐམ་ན་དཀོན་མཆོག་གསུམ། མ་གཞི་བོད་མི་ཚོའི་ནང་ན་གདོང་དམར་གྱི་བུ་ཟེར་བའི་མི་འདི་ལྟ་བུའི་རྩ་མི་ཚང་མཁན་ཡོད་པ་དེ་ངོ་མ་ཐབས་སྡུག་རེད། ངས་བལྟས་ན་གདོང་དམར་གྱི་བུ་ཡིན་རྒྱུ་མ་རེད། ཕལ་ཆེར་ལག་དམར་གྱི་བུ་ཡིན་རྒྱུ་རེད། བོད་ལ་ཆོས་སྐྱོང་སྲུང་མ་ཞིག་མེད་པ་མ་གཏོགས་མི་འདི་ཅན་པོའི་སྙིང་ཁྲག་རྡ་ངོ་མ་ཐང་ལ་འཕོ་དགོས་པ་རེད། གཅིག་བྱས་ན་མི་འདི་ཡང་ཚེ་བླ་སྲོག་གསུམ་ཆ་ཚང་དོལ་རྒྱལ་དང་དོལ་རྒྱལ་གྱི་འཁོར་གྱིས་བསྡུས་ཚར་བ་ཞིག་ཡིན་རྒྱུ་རེད། མི་འདི་དངོས་གནས་དྲང་གནས་ཕ་མ་གཉིས་ཀྱི་སྙིང་ཁྲག་དྲོན་མོ་ཁ་ནང་དུ་ལྡུད་དགོས་རྒྱུ་ཞིག་རེད་འདུག ཁྱོད་ཨ་མའི་བྲང་ལ་འབྱར་ནས་ནུ་འོ་འཇིབ་ཚུལ་ཞིག་བཤད་འདུག་སྟེ་ཁྱོད་ཀྱིས་བཤད་སྟངས་དང་། ཀུན་སློང་ལ་བལྟས་ན་ཁྱོས་ཨ་མའི་ནུ་འོ་འཇིབ་ནས་ནར་སོན་པ་ཡིན་ས་མ་རེད། ཁྱོས་ཨ་མའི་སྙིང་ཁྲག་འཇིབ་ནས་ནར་སོན་པ་ཡིན་ས་རེད། ཨ་རོགས་ལུང་རྟོགས། ལག་དམར་གྱི་བུ་འདི་སུ་ཡིན་དྲྭ་ཐོག་འདི་ནས་གསལ་བོར་ཤོད་དང་ད་ལོ་དང་སང་ཕོད་སོགས་ནམ་ཡིན་རུང་ང་ཡང་གཅིག་མི་འཐམ་ན་དཀོན་མཆོག་གསུམ། ཕྱི་དགྲ་རྒྱ་མི་མི་ཐུབ་རུང་ནང་དགྲ་འདི་མོས་འདི་རྡ་ལོས་ཐུབ། མི་འདི་སུ་ཡིན་གཅིག་ཤེས་རྒྱུ་ཡོད་དུས་གཅིག་མི་འཐམ་ན་རྒྱལ་བ་རིན་པོ་ཆེ།

  9. ཨ་བུ་བྷ་རྡོ་ says:
    2009-04-01 at 7:59 pm

    དགོངས་དག  མཆན་འདི་འགོད་སའི་ས་མིག་ནོར་སོང་།  

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme