Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོག་མས་དྲེད་མོང་ཕྱིར་འབུད་བཏང་བ། (བརྩམས་སྒྲུང་།)

Posted on 2015-07-192015-07-19 By ཁ་བརྡ 1 Comment on གྲོག་མས་དྲེད་མོང་ཕྱིར་འབུད་བཏང་བ། (བརྩམས་སྒྲུང་།)

ཆབ་མདོ་ངག་ཕུན།

 
“གྲོག་མས་དྲེད་མོང་ཕྱིར་འབུད་བཏང་བ།” གནའ་སྔ་མོ་མདོ་སྡེ་ཟེར་བའི་ལུང་པའི་བཀོད་ལེགས་ཡིད་དུ་འོང་བ་ཞིག་ཡོད། ལུང་པ་དེའི་རི་རྩེ་དབྱར་དགུན་སྟོན་དཔྱིད་མེད་པར་ཁ་བས་གཡོག་ཅིང་། མི་རྒྱུས་མེད་གཅིག་གིས་ཐག་རིང་ནས་བལྟས་ཚེ་རྟ་དཀར་པོ་དུ་མ་ཞིག་བསྡད་འདུག་སྙམ་པའི་སྣང་བ་འཁོར་སྲིད། རི་སྐེད་ལ་ཤིང་རིགས་སྣ་ཚོགས་སྐྱེས་ཡོད་ཅིང་། ཤིང་ནགས་དེའི་ནང་ལ་བྱ་རིགས་ཀྱང་སྣ་ཚོགས་ཤིག་གཞན་གྱི་གནོད་འཚེ་མེད་པར་ཞི་བདེའི་རང་དབང་གི་ངང་ནས་འཚོ་སྡོད་བྱེད་ཀྱི་ཡོད། དུད་འགྲོ་དེ་དག་ལ་དཀའ་ངལ་ཆེ་ཤོས་ཤིག་ནི་ས་ཁུལ་དེར་ཆུ་མིག་གཅིག་ལས་མེད་པར་བརྟེན་དཀའ་ངལ་ཆེ་ཤོས་དེ་རེད། རི་གཤམ་གྱི་ཆུ་མིག་དེའི་འགྲམ་ལ་རྩ་གཟན་དུད་འགྲོ་རྣམས་སྔ་དགོང་ལ་འཚང་ཁ་ཤིག་ཤིག་གིས་ཆུ་འཐུང་བར་ཡོང་གི་ཡོད།

ལོ་ཟླ་རིམ་སོང་གིས་ཉིན་གཅིག་ཆུ་མིག་འགྲམ་ལ་དྲེད་མོང་མ་བུ་གསུམ་སླེབས་ཏེ་དུད་འགྲོ་འགའ་ཤས་འགྲོ་འགྲོ་འདུག་འདུག་སྒང་ལ་བསད་པས། དུད་འགྲོ་གླ་བ་དང་། དགོ་བ། ཤ་བ། རི་བོང་། གནའ་བ། རྐྱང་། ལུག །ར། འབྲི་གཡག །བ་མཛོ་བཅས་ཆུ་མིག་ཡོད་སའི་ཕྱོགས་ལ་འགྲོ་སྡོད་མི་ནུས་པའི་གནས་སུ་གྱུར། མདོ་སྡེའི་ལུང་པར་ཉིན་རེ་བཞིན་ཚ་བ་ཆེ་རུ་གྱུར་ཅིང་། དུད་འགྲོ་རྣམས་ཁ་སྐོམ་ནའང་སྡུག་སྒོམ་རྒྱབ་སྟེ་བསྡད་དགོས་ཐུག་གི་ཡོད། དེ་འདྲའི་གནས་སྟངས་འོག་ལ་ཉིན་གཅིག་གྲོག་མ་ཚོ་ཁག་ཅིག་གནས་དེར་འབྱོར་ཞིང་། གྲོག་མ་རྣམས་ཐང་ཤིང་དང་། ཤུག་པ། གླང་མ། ལྕང་མ། ཚེར་ཤིང་སོགས་ཀྱིས་སྟེང་ལ་རང་དབང་གིས་འཛེགས། གྲོག་མའི་འགོ་དཔོན་དེས་བསམ་པར་ལུང་པ་འདིར་རྩ་ཟ་སོགས་ལ་བལྟས་ན་དུད་འགྲོ་འདི་ཚོ་ཤ་ཤེད་ཡག་པོ་བྱུང་དགོས་འདྲ་པོ་འདུག་སྟེ། དེ་ལས་ལྡོག་སྟེ་དུད་འགྲོ་འདི་ཚོ་ཉམས་སྐྱོ་པོ་བྱུང་དགོས་དོན་གང་ཞིག་ཡིན་ན་སྙམ་སྟེ་དོགས་པའི་གནས་སུ་ལྷུང་།

ཉམ་ཐག་གི་དུད་འགྲོ་དེ་དག་མཐོང་དུས་གྲོག་མའི་སེམས་རྒྱུད་ལ་སྙིང་རྗེ་ཞིག་རང་དབང་མེད་པར་འཁྲུངས་ཏེ་གྲོག་མའི་འགོ་གཙོ་དེ་གཡག་རྒོད་ཡོད་སའི་ཕ་བོང་ཆེན་པོའི་སྟེང་ལ་འཛེགས་ཏེ་”ཨ་ཕོ་གཡག་རྒོད་ལགས། ཁྱོད་ཚོ་འུ་ཐུག་མདོག་ཁག་པོར་བསྡད་དགོས་པའི་གནས་ཚུལ་གང་ཞིག་བྱུང་བ་རེད་དམ་”ཞེས་དྲིས། གཡག་རྒོད་དེ་ཉིད་ཡིད་ཐང་ཆད་པའི་རྣམ་པའི་ཐོག་ནས་ལངས་མ་འདོད་ཀྱིས་ལངས་ཏེ་གཟུགས་པོ་དཀྲུགས་ཙམ་ཞིག་བྱས་ཏེ། “ཡ་སྔ་མེད་གྲོག་མ་ཁྱོད་ཚོ་ལུང་པ་འདིར་ཡོང་དགོས་དོན་གང་ཞིག་ཡིན་ནམ་”ཞེས་ཁྲོ་བས་རྣམ་པར་ཐོག་ནས་བརྗོད་པ་དང་། གྲོག་མས་”ཨ་ཕོ་གཡག་རྒོད་ལགས། དེ་འདྲ་ཁོང་ཁྲོ་ལངས་དགོས་དོན་གང་ཞིག་ཡོད། གནའ་མི་རྣམས་ཀྱིས་གཏམ་དཔེ་ལ། ཕོ་ཁྱོ་གའི་ཁོག་ལ་མདའ་ཤོང་མདུང་ཤོང་ཟེར་བ་ལྟར་རེད། རྣམ་འགྱུར་དེ་འདྲ་གཏན་ནས་བཏོན་མི་ཉེས། ཁྱོད་ཚོར་དཀའ་སྡུག་གང་འཕྲད་ན་མ་གསང་དྲང་པོར་ཤོད། ང་ཚོ་གྲོས་བསྡུར་བྱེད་ཆོག་”ཅེས་བརྗོད་ཀྱང་གཡག་རྒོད་ཀྱི་ཡ་ལན་མ་བྱས་པས། ཡང་བསྐྱར་གྲོག་མས་”གཏམ་དཔེ་ལས། ཕོ་རབས་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ། ཞེས་པ་ལྟར་དཀའ་ངལ་གང་ཞིག་ཡོད་ན་ཁོག་ལ་སྦས་མ་འདུག་པར་ཁ་སྲང་པོར་སྨྲོས་དང་། དཀལ་ངལ་གང་ཞིག་ཡོད་ན་ང་ཚོ་མཉམ་རུབ་ཀྱིས་སེལ་ཐབས་བྱེད་དགོས་”ཟེར། “ལྷག་དོན་ང་ཚོ་འདི་ཕྱོགས་ལ་སྤྲོ་འཁྱམས་ལ་ཡོང་བ་ཡིན་པ་ལས་གཞན་དམིགས་ཡུལ་གང་ཡང་མེད། ཁྱོད་ཚོའི་སྐྱོ་ཉམས་མཐོང་དུས་རང་བཞིན་མེད་པའི་སྙིང་རྗེ་སྐྱེས་བྱུང་”ཚུལ་སོགས་བརྗོད།

གཡག་རྒོད་ཀྱིས་མགོ་བོ་གཡུག་ཙམ་འགའ་བྱས་ཏེ་སྣང་བ་མི་འགྲོ་བའི་རྣམ་འགྱུར་ཞིག་བཏོན་ཏེ་བརྗོད་དོན། “ང་ཚོའི་ཕ་མེས་བརྒྱུད་དེ་གནས་འདིར་འཚོ་སྡོད་བྱེད་ཀྱི་ཡོད། ཡིན་ནའང་ང་ཚོའི་ལུང་པར་སྔ་མེད་དྲེད་མོང་མ་བུ་འགའ་ཤས་སླེབས་ནས་རྩ་གཟན་དུད་འགྲོའི་ཞི་བདེའི་རང་དབང་གི་སྣང་བ་ཡོངས་སུ་དཀྲོག་སྟེ་ཁྲག་སྦྱོར་གྱི་ཡུལ་ཁམས་ཤིག་ལ་བསྒྱུར་སོང་། ང་ཚོའི་ཆུ་མིག་དེ་དྲེད་མོང་གིས་བཙན་པོ་དབང་ཡོད་ཀྱིས་ཆུ་འཐུང་བར་ཡོང་མཁན་ཚང་མ་བསད་རྨས་བཟོས་པའི་དབང་གིས་ཆུ་འཐུང་མཁན་སུ་ཞིག་འགྲོ་ནུས་ཀྱི་མེད། མ་གཞི་གྲོག་མ་ཁྱོད་ཚོ་སྔ་མེད་གནས་འདིར་ཡོང་དོན་གང་ཞིག་ཡིན་ནམ་”ཞེས་དྲིས།
གྲོག་མ་དེས་”ང་ཚོ་སྡོད་ས་ལ་མོ་ཕར་རྒྱབ་ནས་ཡིན། དེ་སང་གནམ་གཤིས་ཚ་དྲོད་མཉམ་པའི་སྤྲོ་འཁྱམས་ལ་ཡོང་བ་ཡིན། ད་དྲེད་རྒན་ཁོ་ཕྱིར་འབུད་གཏོང་ཐབས་ལ་ཁྱོད་ཚོ་ལ་རོགས་པ་གང་དགོས་ན་ང་ཚོར་གསུང་རྐྱང་གནང་དང་། ང་ཚོས་ནུས་ཤུགས་ལ་དཔག་པའི་རོགས་པ་གང་ཞིག་དགོས་ན་བྱེད་རྐྱང་ཡིན་ཚུལ་”སོགས་ལབ་པ་དང་། གཡག་རྒོད་ཡིད་སྐྱོ་མདོག་གི་རྣམ་འགྱུར་ཞིག་བཏོན་ཏེ་”དྲེད་མོང་ཁོ་ཕྱིར་འབུད་གཏོང་ཐུབ་མཁན་སུ་ཞིག་ཡོད་དམ་”ཞེས་ལབ་སྟེ་ཡིད་ཐང་ཆད་པའི་རྣམ་པར་བཏོན། གྲོག་མས་ཁྲེལ་དགོད་གཅིག་བྱས་ཏེ་”ཁྱོད་གཡག་རྒོད་རྣམས་སེམས་ཀྱི་ནུས་ཤུགས་ཆུང་བ་ལ་ཨང་།

དྲེད་རྒན་ཁོ་ཚོ་ཕྱིར་འབུད་གཏོང་རྒྱུ་ལས་སླ་པོ་རེད། ང་ཚོས་དྲེད་ངན་ཕྱིར་འབུད་གཏང་ཆོག་”ཅེས་སྨྲས་པ་དང་། གཡག་གིས་”རྣ་བར་མི་འགྲོ་བའི་སྐད་ཅ་ཞིག་རེད། ང་ཡིན་ཟེར་མཁན་དུད་འགྲོ་མང་པོས་ཕྱིར་འབུད་མ་ཐུབ་པར་ལྷག་བསྡད་པ་རེད། ཁྱོད་ནུས་མེད་གྲོག་མའི་ག་ལ་ཕྱིར་འབུད་ཐུབ་རྣ་བ་མི་འགྲོ་བའི་སྐད་ཅ་མ་བཤད་”ཟེར་བ་དང་། གྲོག་མས་”ཡ་ཨ་ཕོ་གཡག་རྒོད་དེ་འདྲ་མཐོང་ཆུང་མ་གནང་། ང་ཚོ་ལུས་སྟོབས་ཆུང་ཡང་ཁྱོད་ཚོ་ལ་མེད་པའི་ང་ཚོར་ལག་ཅ་ཡོད་པས་ང་ཚོས་དྲེད་ངན་ལུང་པ་འདི་ནས་ཉིན་གསུམ་ནང་ཚུད་ཕྱིར་འབུད་གཏང་ཡོང་དགོས་”ཞེས་བཤད། གཡག་གིས་”དེ་འདྲ་ཁྱོད་ཚོས་དྲེད་མོང་ཕྱིར་འབུད་བྱེད་ཐུབ་ན་དུད་འགྲོ་རྩ་གཟན་ཡོངས་ནས་གྲོ་མ་ཁྱོད་ཚོ་ལ་ང་ཚོའི་ལུང་པར་རང་དབང་གི་གནས་སྡོད་བྱེད་ཆོག་”ཅེས་ལབ་པ་དང་། གྲོག་མས་”འགྲིགས་ཀྱི་རེད། ཁ་གདན་ཚིག་ལ་གནས་པར་བྱོས་”ཟེར་ནས་དལ་གྱིས་ཐོན་ཕྱིན།

དེ་ནས་གྲོག་མའི་འགོ་གཙོ་དེས་གྲོག་མ་ཚང་མར་སྐད་བཏང་སྟེ་”དྲེད་མོང་ལུང་པ་འདི་ནས་ཕྱིར་འབུད་གཏོང་དགོས་པས་ཚང་མས་སྙིང་སྟོབས་ཞུམ་པ་མེད་པ་དང་། ཆིག་སྒྲིལ་གྱིས་ནུས་ཤུགས་ཡོངས་སུ་བསྒྲིལ་ནས་དྲེད་ངན་དེ་དག་ཕྱིར་འབུད་གཏོང་གཏོང་དགོས་”ཚུལ་སོགས་བཤད་དོན་ལྟར་གྲོག་མ་རྣམས་རུ་སྒྲིག་སྟེ་དྲེད་མོང་ཡོད་སའི་ཆུ་མིག་གི་འགྲམ་ལ་ཕྱིན། དྲེད་མོང་མ་བུ་རྣམས་ཀྱིས་ར་ལུག་བསད་དེ་དེའི་ཤ་བཟས་ཏེ་གྲོད་ཁོག་རྒྱག་སྟེ་ཆུ་མིག་གི་ཁྲིས་ལ་ཉི་མར་སྲོས་ཏེ་ཉལ་བསྡད་ཡོད། གྲོག་མའི་འགོ་པ་དེས་དྲེད་མོང་ལ་”ལུང་པ་འདི་ནི་དུད་འགྲོའི་རྩ་གཟན་གྱི་ས་ཆ་ཞིག་ཡིན་ན། གཅན་གཟན་དྲེད་མོང་ཁྱོད་ཚོ་སླེབས་ཏེ་རྩ་གཟན་དུད་འགྲོར་ཉིན་གཅིག་ཀྱང་བདེ་བར་མེད་པས་དངངས་སྐྲག་གིས་འཚོ་སྡོད་བྱེད་དགོས་གྱུར་འདུག་ན་ངེས་པར་སོ་སོའི་ལུང་པར་ཕྱིར་ལོག་འགྲོ་དགོས་”ཞེས་བརྡ་སྤྲད་ཀྱང་དྲེད་མོང་གི་ག་ལ་ཉན།
དྲེད་མོང་གིས”འབུ་ངན་ཁྱོད་ཚོ་ནི་ང་ཚོའི་རྐང་པའི་འོག་ལ་མནན་པ་ཙམ་ལས་མི་དགོས་”ཞེས་མཐོང་ཆུང་དམའ་འབེབས་ཚད་མེད་བྱས། དེ་ནས་གྲོག་མ་རྣམས་ཁོང་ཁྲོ་ཚད་མེད་ལངས་ཏེ་རང་རང་སོ་སོའི་ནུས་རྩལ་ཡོད་ཚད་བཏོན་ནས་དྲེད་མོང་ལ་སོ་བརྒྱབ་པ་དང་། དྲེད་མོང་ན་ཚ་བཏང་སྟེ་སྡོད་མ་ཐུབ་སྟེ་ལ་ལུང་མང་པོ་བརྒྱབ་སྟེ་བྲོས་དགོས་གྱུར་པ་རེད། དུས་དེ་ནས་བཟུང་སྟེ་དུད་འགྲོ་རྩ་གཟན་དང་གྲོག་མ་རྣམས་བློ་མཐུན་གྲོགས་པོ་བཟང་པོ་ཞིག་ཏུ་གྱུར་ཏེ་མདོ་སྡེའི་ལུང་པ་སྔ་བཞིན་ཞི་བདེའི་བག་ཕེབས་ཀྱི་གནས་སུ་གྱུར་པ་རེད་དོ།

སྨྲས་པ།
སྟོབས་ཆུང་གྲོག་མ་ཡིན་ན་ཡང་།།
བློ་གྲོས་གཅིག་ཏུ་མཐུན་འགྱུར་གྱིས།།
སྟོབས་ཆེན་དྲེད་མོ་ཡིན་ན་ཡང་།།
ལུང་པ་ནང་ནས་ཕྱིར་འབུད་བཏང་།།

ཞེས་པ་ཆབ་མདོ་ངག་ཕུན་གྱིས། 2015/7/20 ཉིན་མོར་ཕུལ།

བརྩམས་སྒྲུང་།

Post navigation

Previous Post: བོད་ཁྱི་རྣམས་ཀྱང་རྒྱ་ཁྱིར་སྒྱུར་བཞིན་པ།
Next Post: ༼༧གོང་ས་མཆོག་ཐུགས་རྗེ་ཆེ།༽ འཇར་འཁོད་བོད་རིགས་ཚོགས་པས།

Comments (1) on “གྲོག་མས་དྲེད་མོང་ཕྱིར་འབུད་བཏང་བ། (བརྩམས་སྒྲུང་།)”

  1. ཁྱུང་སེ། says:
    2015-07-19 at 10:34 am

    སྟོབས་ཆུང་གྲོག་མ་ཡིན་ན་ཡང་།།
    བློ་གྲོས་གཅིག་ཏུ་མཐུན་པ་ཡིས།།
    སྟོབས་ཆེན་དྲེད་མོང་ཡིན་ན་ཡང་།།
    ལུང་པའི་ནང་ནས་ཕྱིར་འབུད་བཏང།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme