Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲངས་ཀར་འགྱུར་བཞིན་པའི་མེ་ལྕེ།

Posted on 2012-03-182012-03-18 By ཁ་བརྡ་ 3 Comments on གྲངས་ཀར་འགྱུར་བཞིན་པའི་མེ་ལྕེ།

་རང་རྟོན་གྱིས་བྲིས།

ཁ་མི་གྲགས་པའི་འདས་སོང་གི་ལོ་རྒྱུས་ཀྱི་ཉམས་རྒུད་རེ་རེས་བོད་མི་རིགས་ཀྱི་ཡོད་ཚད་འུ་ཐུག་ཐབས་ཟད་ཀྱི་གནས་བབ་དང་འཇིགས་ཡེར་བའི་འཇིག་རྟེན་འདི་ལ་གཏུགས་པས་ཁ་སང་དེ་རིང་ནི་ས་ཆེན་གོ་ལའི་སྒལ་གཞུང་འདི་ན་འགྲོ་བ་མིའི་ཡོངས་ཁྱབ་ཀྱི་རིན་ཐང་དང་ཐོབ་ཐང་།རང་དབང་མེད་པའི་གནས་ཚུལ་དག་མངོན་འགྱུར་བྱེད་སླད་རང་ཉིད་ཀྱིས་རང་ཉིད་ཀྱི་ཚེ་སྲོག་བཅད་ནས་གསལ་འདོན་བྱེད་པའི་ཧ་ཅང་ཐབས་སྡུག་གི་ལམ་ཁ་འདི་དང་གནས་བབ་འདི་ལ་ལྷུང་ཡོད་པས་མྱ་ངན་དགུ་བརྩེགས་དང་མཆུ་མ་དགུ་བཞུར་བྱེད་པའི་ཡ་ང་བའི་སྐྱོ་གར་གྱི་ཡུལ་ལས་མ་འདས།བདུན་ཕྲག་གཅིག་ལ་མི་བཞི་ཡས་མས་ཤིག་གིས་མེ་བསྲེགས་བཏང་ཟིན་པའི་གནས་བབ་འདི་ལ་བསམ་ན་འུ་ཚོ་བྱེས་འབྱོར་བ་ཚོ་གྲག་འགུལ་ཅི་ཡང་མེད་པར་ཁ་ཁུ་སིམ་མེར་འདུག་པ་དང་འདུག་ཐུབ་པའི་དུས་ཚོད་ཞིག་མ་ཡིན་པ་མངོན་གསལ་དོད་པོ་རེད།དེང་སང་ལས་འགུལ་དེར་ལྟ་སྟངས་དང་སེམས་ཚོར་དེ་སྔོན་དང་བསྡུར་ན་ལྡོག་ཕྱོགས་ཀྱི་རྣམ་འགྱུར་ཞིག་མིའི་སྤྱི་ཚོགས་སུ་མངོན་བཞིན་འདུག་ལ་དེ་ནི་རྒྱུན་ལྡན་ལྟ་བུར་གྱུར་དང་འགྱུར་བཞིན་པའི་གནས་སྟངས་ལས་མ་འདས།ཁོ་ཚོས་མེ་བསྲེགས་བཏང་ན་འུ་ཚོར་ཚོར་སྣང་ཙམ་ཡང་མེད་པའི་རྒྱུན་འཇམ་གྱི་འཚོ་སྟངས་ཤིག་ལ་འཕོས་པ་འདིས་མེ་བསྲེགས་དེ་ནི་ཁོ་ཚོའི་ལྟོ་གོས་གནས་མལ་གྱི་སླད་དུ་ཡིན་པ་ལྟ་བུ་ལས་མ་འདས།ཚོར་འདུ་མེད་པའི་སྤྱི་ཚོགས་འདིས་ཁོང་ཚོའི་བླ་མེད་ཀྱི་ལས་འགུལ་འདིའི་རིན་ཐང་ཉམས་དམུས་སུ་བཏང་བ་དང་གཉིས་སུ་མ་མཆིས།

ཁོ་ཚོར་མཁོ་བ་ནི་གྲངས་ཀ་གཏན་ནས་མ་ཡིན་ཀྱང་ད་ལྟ་བལྟས་སོང་ན་གྲངས་ཀའི་(མེ་བསྲེགས་གཏོང་མཁན་སུམ་བཅུ་ལས་བརྒལ་བཞིན་འདུག)ངོ་བོར་འཕོས་བཞིན་འདུག་ལ།དེའི་རྒྱུ་མཚན་ནི་འུ་ཚོར་ཐུག་ཡོད་པར་ཁོ་བོས་འདོད།ཅིའི་ཕྱིར་ཞེ་ན་འུ་ཚོ་འཇམ་ཐིང་ངེར་ཡང་བསྐྱར་གཅིག་འབར་བར་རེ་སྒུག་བྱེད་བཞིན་པ་ལྟ་བུའི་སྒོ་ནས་ཅི་ཡང་མི་སྨྲ་ཞིང་ཅི་ཡང་མི་བྱེད་པའི་བརྟུལ་ཞུགས་ལ་ངང་ངམ་ཤུགས་ཀྱིས་བཞུགས་པ་འདིས་གཞིས་བཞུགས་ཚོའི་སེམས་བསམ་པའི་རེ་ཐག་ཆད་ཀྱིན་མེད་འགྲོ་འདོད་པའི་དོགས་པ་ཞིག་ཀྱང་ཞོར་ནས་ཤོར་ཡོང་གི་འདུག་པས།ཁོང་ཚོས་རང་ཉིད་ཀྱི་ཚེ་སྲོག་དེའང་ཐབས་ལམ་ཁྱད་པར་བ་འདི་བརྒྱུད་ནས་མཆོད་མེར་བསྒྲོན་ཐུབ་པའི་སྙིང་སྟོབས་དེ་རིགས་ཞེན་དེ་སྤོབས་པ་དེ་གཏོང་ཕོད་དེ་ལྟ་བུ་འུ་ཚོར་མེད་ནའང་བོད་མི་རེའི་ཕྲག་ན་འགན་རེ་ཡོད་པའི་ཆ་ནས་རང་ཉིད་ཀྱིས་འཇོན་ན་མ་འཇོན་ན་ད་ནི་འཕག་འཚག་རེ་ངེས་པར་དུ་བྱེད་དགོས་པའི་དུས་ལ་བབ་ཡོད་པར་འདོད།འུ་ཚོ་བྱེས་འབྱོར་བ་བརྒྱ་ཆ་དགུ་བཅུ་གོ་དགུ་གཉིད་དུ་ཡུར་བ་བཞིན་གྲག་འགུལ་ཙམ་ཡང་མེད་པར་ཁ་ཁུ་སིམ་མེར་སྡོད་ཀྱིན་པའི་ཁ་སང་དེ་རིང་གི་གནས་ཚུལ་དེ་བསམ་ན་བོད་ནང་གི་བློས་གཏོང་དེ་དག་ཆུད་ཟོས་སུ་སོང་བ་དང་བཏང་བ་མ་ཡིན་ནམ།

ངས་བསམ་ན་ཁོང་ཚོས་བློས་གཏོང་ཁྱད་པར་བ་འདི་དང་བསྡུར་ནས་གློད་ན་ཕྱོགས་མང་བོ་ཞིག་ནས་འཐུས་ཤོར་འགྲོ་བཞིན་ཡོད་པར་འདོད།འུ་ཚོས་འཇོན་ཁོ་ཐག་ཞིག་ལ་དྲ་ལམ་གྱི་ཁྱབ་བསྒྲགས་དང་ཚགས་པར་གྱི་ཁྱབ་བསྒྲགས་ཐད་ནས་རེད།དཔེར་ན་སུད་སི་རྒྱལ་ཁབ་ཀྱི་གཞུང་སྒེར་གང་རུང་གི་ཚགས་ཤོག་གཅིག་གི་ངོས་ནའང་བོད་ནང་གི་དངོས་ཡོད་གནས་ཚུལ་གཅིག་ཀྱང་མཐོང་རྒྱུ་མེད་པ་འདིས་ཀྱང་རྒྱལ་ཁབ་རེ་ཟུང་མ་གཏོགས་བོད་དོན་ཁྱབ་བསྒྲགས་ཀྱི་ནུས་པའི་ཟིན་གྱིན་མེད་པ་རིགས་བསྒྲེ་བྱས་ན་ཤེས་རྟོགས་ཐུབ་གི།ངས་བསམ་ན་འུ་ཚོས་བྱེད་ཐུབ་པ་ཞིག་ནི་རྒྱལ་ཁབ་གང་རུང་གི་གཞུང་སྒེར་གཉིས་ལ་འབྲེལ་ལམ་བཟུང་ནས་བོད་འབྱོར་གནས་ཚུལ་རེ་རེ་བཞིན་དུས་ཐོག་ལ་བོད་དོན་ཁྱབ་བསྒྲགས་བྱེད་ཐུབ་ན་འདི་ནའང་ནུས་ཤུགས་ཁྱད་པར་བ་ཞིག་ཡོད་པར་མཐོང་།མགོ་སེར་ཚོས་ཚུར་བཤད་པ་ལྟར་ན་ཁྱེད་ཚོས་ལམ་ལུགས་སྲོལ་ལྟ་བུ་ཞིག་གི་ལམ་ཁ་ནས་ལན་རེར་སྐད་འབོད་རེ་བྱས་པ་འདིའི་བོད་དོན་ཁྱབ་བསྒྲགས་ཀྱི་ཁོར་ཡུག་རྒྱ་སྐྱེད་ལ་ཕན་ཐོག་མེད་པར་གླེང་མཁན་འདུག་ལ་ལྷག་པར་ཏུ་ཚགས་ཤོག་སོགས་སུ་བོད་དོན་ཁྱབ་བསྒྲགས་བྱེད་ཐུབ་ན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་མི་དམན་པ་ཞིག་འཐོབ་ངེས་ཡིན་པ་གོར་མ་ཆག་ཟེར་མཁན་ཀྱང་འདུགདེའི་རྒྱུ་མཚན་ནི་སུད་སི་ལྟ་བུར་མཚོན་ན་ཚགས་པར་མི་ཀློག་པའི་མི་ཞིག་ཕལ་ཆེར་མེད་ལ་དེ་ནི་ཁོང་ཚོིའི་གོམས་གཤིས་ལྟ་བུ་ཞིག་ཀྱང་རེད།འུ་ཚོས་ཁ་ནས་བཤད་ན་བོད་རང་བཙན་ལའང་དཀའ་ངལ་མེད་པ་ལྟ་བུ་བཤད་ནའང་དོན་དངོས་ལ་གདོང་ཐུག་དུས་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་ཙམ་ཡང་སྤེལ་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ།

གང་ལྟར་ཀྱང་ཐབ་ཆུང་ཆུང་ལ་མེ་ཚ་བོ་ཟེར་བའི་དཔེ་བཞིན་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་བློ་རྩེ་གཅིག་སྒྲིམ་གྱིས་ཚོགས་པ་དང་ཚོགས་པའི་ལངས་ཕྱོགས་མི་རྩོད་པར་དབུ་མ་དང་རང་བཙན་གྱི་ལྟ་གྲུབ་མི་འཛིན་པར་དངོས་ཤུགས་རྒྱུ་གསུམ་གྱིས་བོད་ནང་གི་མེ་ལྕེ་དེ་འཛམ་གླིང་གི་ལོ་རྒྱུས་གསར་བ་ཞིག་ཏུ་བསྒྱུར་ཐུབ་པའི་ནུས་པ་དེ་འུ་ཚོར་ཡོད་པ་གདོད་མི་ཟ།བོད་ནས་མེ་འབར་ན་འུ་ཚོས་ལྟད་མོ་བལྟས་ན་རྒྱུ་འབྲས་ལ་དགའ་བའི་མི་རིགས་ཤིག་གི་བཅའ་སྲོལ་ལས་སྲོལ་ཞིག་གཏན་ནས་མ་རེད།བོད་ནས་མེ་འབར་ན་ཕྱི་ནས་དུ་བ་འཕྱུར་བར་བྱེད་ཐུབ་པའི་འཇོན་ཐང་དེ་རང་དབང་དེ་མཐུན་རྐྱེན་དེ་དག་ཡོད་པས་འགན་འཁྲི་ལྗིད་ཏིག་ཏིག་ཞིག་འུ་ཚོར་ཡོད་པས་ན་ཚང་མས་མཉམ་རུབ་ཧུར་ཐག་གིས་འགོ་ཁྲིད་མཁན་གྱིས་ལྷག་བསམ་གཙང་མས་འགོ་ཁྲིད་ན་མཇུག་སྐྱོང་མཁན་གྱིས་ཧུར་ཐག་འབད་ཐག་གིས་མཇུག་སྐྱོང་བའི་དམ་བཅའ་འཇོག་པའི་སེམས་ཤུགས་བོད་མི་ཡོད་དོ་ཅོག་ལ་ཡོད་ངེས་རེད།དེའི་ཕྱིར་བོད་གཞུང་མང་གཉིས་ཀྱིས་ནུས་ཤུགས་གཅིག་ལ་སྒྲིལ་ནས་དམིགས་ཡུལ་གཅིལ་ལ་བཟུང་ནས་གོམ་ཁ་གཅིག་ལ་ཕྱོགས་ནས་ལས་འགུལ་སྣ་མང་སྤེལ་བར་གཞིས་བཞུགས་སྤུན་ཟླ་ཚོས་གདོང་གི་མཆུ་མ་ཕྱི་བཞིན་འུ་ཚོར་ཅེར་རེར་བལྟས་འདུག་ལ་དགྱ་དམར་གྱིས་ཀྱང་ཟུར་ཟ་དང་བཅས་རྒྱང་ན་ལྟད་མོ་ལྟ་བཞིན་ཡོད་ངེས་རེད།འུ་ཚོས་ཉིན་བརྒྱ་དུས་གཅིག་ལ་ལས་འགུལ་མཚམས་རེར་སྤེལ་བ་འདིས་དེ་ཙམ་ཕན་ཐོགས་མི་འདུག་ལ་རྒྱུ་མཚན་ནི་དུས་ཚོད་མང་ཆེ་བ་ནི་གཟའ་སྤེན་པ་ཉི་མར་གཏན་འཁེལ་བྱས་པས་ཁང་སྟོངས་(གསར་འགོད་པ་མེད་ལ་ཚགས་ཤོག་ལ་འགོད་མཁན་ཀྱང་མེད།)ལ་ངོ་རྒོལ་དང་སྐད་འབོད་ག་ཚོད་བྱས་ཀྱང་ཡ་ལན་གཅིག་ཀྱང་མེད་པས་ཧ་ཅང་སེམས་སྐྱོ་གི།ང་ཡི་བཀའ་ཁྲི་ལགས་སུ་ལ་མཇལ་དགོས་ན་སུ་ལ་གསུང་དགོས་ན་གང་ལ་ཕེབས་དགོས་ན་གང་ལ་བཞུགས་དགོས་ན་གནང་རོགས་ཞུ།མཐར་དོན་ཞུ་འདོད་པ་ཞིག་ནི་ལམ་སྟོན་རྣལ་མ་ཞིག་གི་ལམ་ཁ་ནས་ཁ་ཚ་དགོས་གཏུག་གི་དུས་འདིར་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་གང་མང་སྤེལ་རོགས་གནང་ཞུ་བཞིན་ཡོད།
སྤྱི་ལོ་༢༠༡༢ལོའི་ཟླ་༣ཚེས༡༧མཚན་མོར་རང་རྟོན་གྱིས་བྲིས།

སྣ་ཚོགས།

Post navigation

Previous Post: ཟླ་བ་གསུམ་པའི་གྱེན་ལངས་ཀྱི་ས་ཁྲ།
Next Post: གསུམ་གཅིག་བཞི་ཉིན་གྱི་གྲོས་ཆོད་དོན་ཚན་བརྒྱད།

Comments (3) on “གྲངས་ཀར་འགྱུར་བཞིན་པའི་མེ་ལྕེ།”

  1. མིག་བརྒྱད་པ། says:
    2012-03-19 at 1:07 am

    (འུ་ཚོ་བྱེས་འབྱོར་བ་བརྒྱ་ཆ་དགུ་བཅུ་གོ་དགུ་གཉིད་དུ་ཡུར་བ་བཞིན་གྲག་འགུལ་ཙམ་ཡང་མེད་པར་ཁ་ཁུ་སིམ་མེར་སྡོད་ཀྱིན་པའི་ཁ་སང་དེ་རིང་གི་གནས་ཚུལ་དེ་བསམ་ན་བོད་ནང་གི་བློས་གཏོང་དེ་དག་ཆུད་ཟོས་སུ་སོང་བ་དང་བཏང་བ་མ་ཡིན་ནམ། ) སྐད་ཆ་འདི་འདྲ་རང་ཨེ་ཡིན།

  2. མེ་ཏོག་དཀར་པོ། says:
    2012-03-19 at 2:06 am

    མིག་བརྒྱད་ལགས། དེང་སང་བོད་སྡོད་བོད་མིར་བསྟོད་དགོས་ན་ཕྱི་སྡོད་བོད་མིར་སྨོད་པ། བུད་མེད་ཚོགས་པར་བསྟོད་དགོས་ན གཞོན་ནུ་ཚོགས་པར་སྨད་དགོས་པ། དེ་དང་དེ་བཞིན་མི་རིགས་ལ་བསྟོད་ན་ཆོས་ལུགས་ལ་སྨོད་པ། གང་ལྟར་ཅིག་ཤོས་ལ་དངོས་ཡོད་ཡིན་མིན་ཇི་ལྟར་ཡང་མ་སྨད་པར་གཞན་ལ་བསྟོད་མི་ཤིས་པ་གཤིས་སུ་གྲུབ་པ་རྩོམ་དང་མཆན་བུ་སོགས་ལ་
    གཟིགས་ན་མཁྱེན་ངེས།

  3. ཨ་ཁུ་སྤྱང་ཀ says:
    2012-03-19 at 8:29 am

    མིག་བརྒྱད་པའི་ཟུར་འདོན་སྐད་ཆ་དེ་དེ་ཀ་རང་རེད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme