Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲང་ངར་ཁྲོད་ཧུའུ་ཅིན་ཐོ་ཡི་སྙིང་རླུང་སྟོད་དུ་འཚངས།

Posted on 2011-01-252011-01-25 By འཚོ་བྱེད་བུ 14 Comments on གྲང་ངར་ཁྲོད་ཧུའུ་ཅིན་ཐོ་ཡི་སྙིང་རླུང་སྟོད་དུ་འཚངས།

བཟང་མོ།

ཕྱི་ཟླ་ ༡ ཚེས་ ༢༠ ཉིན་རྒྱབ།  ཝི་སི་ཀོན་སིན་མལ་ཌི་སིན་གྲོང་ཁྱེར་གྱི་བོད་མི་དང་ཕྱི་མིས་ཁེངས་པའི་སྦ་སི་ཆེ་བ་གཅིག་གི་ནང་དུ་བོད་མི་སྤྱི་མཐུན་ཚོགས་པ་དང་ས་གནས་གཞོན་ནུ། སློབ་ཕྲུག་རང་དབང་ཚོགས་པའི་འཐུས་མི་བཅས་ཀྱིས་ཧུའུ་ཅིན་ཐོ་ཆི་ཀ་རྒོ་ལ་ག་དུས་འབྱོར་གྱི་ཡོད་མེད་དང་ག་པར་སླེབས་ཀྱི་ཡོད་མེད། སྐད་འབོད་ཁ་གཡང་དང་ཁྲོམ་སྐོར་སྐབས་བྱ་སྤྱོད་སྟོན་ཕྱོགས་ཐད་ཕྱི་ཕྱོགས་འབྲེལ་མཐུད་དང་བགྲོ་གླེང་བྱེད་པར་བྲེལ་བཞིན་འདུག  རིང་པོ་མ་ལོན་པར་ལམ་བར་དུ་མི་ནེ་སོ་ཊ་ནས་ཡོང་བའི་སྦ་སི་གཉིས་ཡོད་པའི་བོད་མི་ཚོ་དང་ཐུག་ཅིང་དེ་ནས་ཆི་ཀ་རྒོ་རུ་ས་གནས་ཀྱི་བོད་མི་ཚོ་དང་མཉམ་འཛོམས་བྱས་ཏེ།  ཉིན་རྒྱབ་ཆུ་ཚོད་ ༤  པ་ལ་ཐད་ཀར་ཧུ་ཅིན་ཐོ་སྡོད་སའི་ཕེན་ནིན་སུ་ལ་ཟེར་བའི་མགྲོན་ཁང་ཡོད་སར་ཕྱིན་ཏེ་མགྲོན་ཁང་གི་འཛུལ་སྒོའི་ཁ་གཏད་དུ་སྐད་འབོད་བྱེད་ཆོག་ཆོག་བྱས་ཏེ་བསྡད། 

dsc_3741b1

པར་པ་འཆི་མེད་དབང་འདུས།

ང་ཚོའི་ཕར་ཕྱོགས་སུ་སྔོན་ནས་ཡོང་ཡོད་པའི་རྒྱ་མིའི་སློབ་ཕྲུག་ཚོས་རྒྱ་ནག་གི་རྒྱལ་དར་དམར་པོ་ཆེན་པོ་མང་པོ་འཕྱར།  འབྲུག་རྩེད་དང་སྦུག་ཆེན་བརྡུང་སྟེ་ཧུའུ་ཅིན་ཐོ་བསུ་བའི་ལས་ལ་བྲེལ་བཞིན་ཟིང་ཟིང་བཟོ་བཞིན་འདུག  ང་ཚོས་ཀྱང་སྤོབས་པ་དང་བཅས་རྒྱ་མི་ཚོའི་མིག་ལ་མིག་བགྲད་དེ་ཁ་གཏད་གཅོག་ཞོར་དང་མིག་ལོག་གིས་བལྟ་བཞིན་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་མཐོ་རུ་བསྒྲེངས་ཏེ་ཁ་གཡང་འབོད་ཚིག་རྣམས་སྐད་གསེང་མཐོན་པོས་ཡང་ཡང་བསྒྲགས།  སྐབས་མཚམས་ཤིག་ལ་ཆི་ཀ་རྒོ་ཡི་སྐོར་སྲུང་དམག་མིས་མོ་ཊ་ཝན་ཆེན་པོ་གཉིས་མགྲོན་ཁང་མདུན་དུ་བཞག་སྟེ་བོད་མི་ཚོ་དང་བོད་མི་ཚོའི་མདུན་དུ་ཡོད་པའི་རྒྱ་མི་ཚོའི་མཐོང་ལམ་རྦད་དེ་བཀཀ  དེ་ཡིས་བོད་མི་ཚོ་ལ་ཁོང་ཁྲོ་བསླངས།  ཁོང་ཁྲོ་ལས་ངར་ཤུགས་བསྐྱེད་དེ་སྐད་འབོད་བྱེད་ཤུགས་ཆེ་རུ་ཕྱིན་ཏེ་ཧུ་ཅིན་ཐོ་དང་ཁོ་བའི་འཁོར་ཀྱི་ཨ་མཆོག་སུན་པོ་བཟོས།

ཆུ་ཚོད་ ༦ པ་ཙམ་ནས་བོད་མི་རྣམས་ཕེན་ནིན་སུ་ལ་མགྲོན་ཁང་ནས་གོམ་བགྲོད་ཀྱིས་སྨོན་ལམ་གསོལ་འདེབས་འདོན་བཞིན་ཧིལ་ཊོན་མགྲོན་ཁང་ཕྱོགས་སུ་བསྐྱོད། ས་རིམ་བཞིན་རུབ་པ་དང་གནམ་གཤིས་ཀྱང་གྲང་རུ་འཁྱག་ཏུ་ཕྱིན་ཏེ་ཀླད་གོར་མན་གྱི་ ༢༠ ཙམ་ལ་སླེབས།  ལུས་འགེབ་གྱོན་གོས་མཐུག་པོ་དང་ཁ་རས།  ལག་ཤུབ།  ཞྭ་མོ་བཅས་མེད་ན་གཟུགས་པོ་ནི་དེ་མ་ཐག་འཁྱག་ཁེངས་ཐེབས་པའི་ཚད་ལ་སླེབས་འདུག  མགྲོན་ཁང་དེར་ཆི་ཀ་རྒོ་གྲོང་ཁྱེར་སྤྱི་དཔོན་གྱིས་ཧུ་ཅིན་ཐོ་དང་ཁོ་བའི་འཁོར་ལ་གསོལ་སྟོན་བཤམས་ཀྱི་ཡོད།  ང་ཚོ་དེར་མ་སླེབས་གོང་ནས་དར་ཆ་དམར་པོ་འཁྱེར་ཞིང་འབྲུག་འབག་གྱོན་པའི་རྒྱ་མི་རྣམས་དེར་སླེབས་ཚར་འདུག  ང་ཚོས་སླར་ཡང་ཧིལ་ཊོན་མགྲོན་ཁང་གི་འཛུལ་སྒོའི་ཁ་གཏད་དུ་སྡོད་ས་བཟུང་སྟེ་གངས་སེང་རྒྱལ་དར་མཐོ་རུ་བསྒྲེང་ཞིང་ཁ་གཡང་འབོད་ཚིག་ཆེ་རུ་སྒྲོག་བཞིན་བསྡད།  ཆུ་ཚོད་ ༧།༣༠ ཙམ་ལ་ཝི་སི་ཀོན་སིན་བོད་མི་ཚོགས་པའི་འཐུས་མི་ཚེ་སྒྲོན་གཙོས་པའི་བོད་མི་བཞི་མགྲོན་ཁང་ཕྱོགས་སུ་བསྐྱོད་དེ་བོད་མིའི་རིག་གཞུང་དང་སྐད་ཡིག  ཆོས་ལུགས་སོགས་རྩ་མེད་གཏོང་མི་རུང་ཞེས་པའི་ཡི་གེ་ཞིག་ཧུའུ་ཅིན་ཐོ་ལ་སྤྲོད་རྩིས་བྱས།  སྐར་མ་ ༡༥ ཙམ་འགོར་རྗེས་བོད་མི་བཞི་བོ་བློ་ཕམ་གྱི་ཉམས་དང་བཅས་ཕྱིར་སླེབས་ནའང་སེམས་ཤུགས་ནི་མ་ཉམས་སྔར་བཞིན་རེད་འདུག

ཆུ་ཚོད་ ༨ ཙམ་ལ་ང་ཚོས་ཁྲོམ་སྐོར་སྐད་འབོད་བྱེད་མཚམས་བཞག  དེ་ནས་བོད་མི་ཚང་མ་ཆི་ཀ་རྒོ་བོད་མིའི་སྤྱི་ཁང་དུ་ཕྱིན་ཏེ་དེར་ས་གནས་བོད་མི་ཚོས་གྲ་སྒྲིག་བྱས་པའི་འཐེན་ཐུག་ཚ་བོ་འཐུང་སྟེ་ལུས་སེམས་གཉིས་ཀར་དྲོད་ངར་བསྐྱེད་དུ་བཅུག  སླར་ཡང་སྦ་སིར་བསྡད་ནས་མཚན་གུང་ཆུ་ཚོད་ ༡ ལ་མལ་ཌི་སིན་སྡོད་གནས་སུ་འབྱོར།

དེ་ལྟར་ང་ཚོ་བོད་མི་ཚོའི་སྐད་གསེང་མཐོ་བའི་སྐད་འབོད་དང་གནམ་ལ་ཟུག་པའི་རྒྱལ་དར།  འཛོམས་ལ་མཐུག་ཆེ་བའི་མི་ཚོགས་བཅས་ཀྱིས་ཧུ་ཅིན་ཐོ་དང་ཁོ་བའི་འཁོར་གྱི་ཨ་མཆོག་སུན་པོ་བཟོས་ཤིང་སྙིང་རླུང་སྡོད་དུ་འཚངས་དགོས་པ་ཞིག་བཟོས་ཡོད།  བོད་རྒྱལ་ལོ།།

དབྱིན་ཡིག་ཏུ་བྲིས་པ་བོད་བསྒྱུར་བྱས།

གསར་འགྱུར།

Post navigation

Previous Post: ཞབས་རྗེས
Next Post: ཀུན་ཕན་ཐེབས་རྩའི་ལ་རྩེ་དཔེ་མཛོད་ཀྱི་སྙིང་གི་ཚི་ལུ་ཞེས་པའི་ཚོགས་འདུའི་གསལ་བསྒྲགས།

Comments (14) on “གྲང་ངར་ཁྲོད་ཧུའུ་ཅིན་ཐོ་ཡི་སྙིང་རླུང་སྟོད་དུ་འཚངས།”

  1. ཀླུ་སྨྱོན། says:
    2011-01-25 at 4:54 pm

    ཧུའུ་གཅིན་འཐུང་ལ་འཐེན་ཐུག་ཚ་བོ་ཞིག་མ་བླུད་པས།

  2. ཀརྡོ་རབ་འབྱམས་པ་ says:
    2011-01-25 at 7:01 pm

    སྐད་འབོད་གོ་ནས་ཧུའུ་ཆིན་སྙིང་རླུང་སྟོད་ལ་འཚངས། །
    སྤྱི་རྒྱུ་ཟས་ནས་ཧུའུ་མཆིན་མཆིན་ནད་ཟིན་འདུག་ཟེར། །
    ལྷ་ཀླུ་ཁྲོས་ནས་ཧོལ་མཆོངས་རྨི་ལམ་འཁྲུགས་པ་ལ། །
    ཧུའུ་གཅིན་ཁྱོད་ཀྱིས་བོད་གཅིན་འཐུང་ན་ཕན་པར་ངེས། །
    གྲུབ་ཆེན་དྲིལ་བུ་པའི་གདམས་ངག་ལས་སོ། །

  3. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-01-25 at 10:28 pm

    ཧ་ཅང་འགྲིག་གི དེ་ལྟར་བྱེད་དགོས་པ་རེད། འོན་ཀྱང་རྒྱ་མི་འདི་ཚོ་ངོ་ཚ་མི་ཤེས་ཡ།

  4. ༜࿋དབྱངས་བུ། says:
    2011-01-26 at 3:08 am

    ཁོང་ཁྲོའི་རྣམ་འགྱུར་དང་བཅས་ངོ་རྒོལ་བྱས་པ་དེ་ནི་འཚེ་མེད་ཞི་བའི་ངོ་རྒོལ་གྱི་ཐབས་ལམ་ཞིག་ཡིན་ནམ། རྒྱའི་མི་མང་དང་བོད་རིགས་མི་མང་ཁ་གཏད་དུ་ལངས་ནས་ཁྲོ་མཉམ་དང་བཅས་ཕན་ཚུན་རྣམ་འགྱུར་སྟོན་རེས་བྱས་པ་དེས་༸གོང་ས་མཆོག་གིས་དུས་རྒྱུན་དུ་གསུངས་དང་གསུང་བཞིན་པའི་རྒྱ་བོད་མི་མང་མཐུན་ལམ་བཟུང་དགོས་པ་དང། ལྷག་པར་དུ་ཕྱི་རྒྱལ་དུ་བོད་རྒྱ་མི་རིགས་མཛའ་མཐུན་ཚོགས་པ་འཛུགས་དགོས་པའི་བཀའ་སློབ་གནང་བ་དག་ལ་དང་ལེན་གྱི་རྣམ་འགྱུར་མངོན་པ་རེད་དམ།

  5. BBC says:
    2011-01-26 at 3:55 am

    ཨ་རིར་བཞུགས་པའི་བོད་རིགས་སྤུན་ཟླའི་ཁྲོད་ནས་ཧུའུ་ལ་ངོ་རྒོལ་གནང་མཁན་ཚང་མ་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཞུའོ། །ང་ཚོ་བོད་པའི་གཟི་བརྗིད་ཁྱེད་ཚོས་སྟོན་འདུག དངོས་གནས་གངས་ཅན་གྱི་གཟི་བརྗིད་རེད། འོན་ཀྱང་འདི་རྣམས་ཟམ་གདོང་བླ་མས་གོ་བ་བྱེད་དགོས། ཁོང་གིས་དངོས་ཤུགས་བརྒྱུད་གསུམ་ནས་ཕྱི་རྒྱལ་ལ་འགྲོ་རྒྱུར་ངོ་རྒོལ་བཀག་འགོག་བྱེད་བཞིན་ཡོད།
    བོད་མི་མང་པོ་ཞིག་ཨ་རིར་ཕེབས་ཐུབ་པ་འདི་བཀྲས་མཐོང་སོགས་ཀྱི་ཕྱག་རྗེས་རེད། འདི་ཡག་པོ་འདུག གལ་སྲིད་བོད་པ་ཨ་རིར་སླེབས་ཐུབ་མེད་ན་ཧུའུ་སོགས་སླེབས་སྐབས་རྒྱ་གར་ནས་ཨ་རིར་ངོ་རྒོལ་རྒྱག་པར་བཙན་བྱོལ་བོད་གཞུང་ནས་གཏོང་ཐུབ་བམ། བཏང་ན་ག་ཚོད་གཏོང་ཐུབ། དེ་ཞེ་དྲག་ཁག་པོ་རེད། འདིས་གང་ཞིག་མཚོན་གྱི་ཡོད་ཅེ་ན་ཨ་རིར་བོད་པ་སྤྱི་སྒེར་སུ་ཐད་ནས་ཕེབས་པ་ཚང་མ་འགྲིགས་པ་དོན་དངོས་ཀྱིས་རང་སྤྲད་པ་རེད། ཟམ་གདོང་མཁྱེན། ཕྱི་རྒྱལ་ལ་འགྲོ་བ་བཀག་འགོག་བྱས་པ་དགྲ་ལ་ཟློགས།

  6. ཀརྡོ་རབ་འབྱམས་པ་ says:
    2011-01-26 at 5:42 am

    རྒྱ་ནག་གཞུང་ལ་ངོ་རྒོལ་དགོས་པ་དང་། རྒྱ་རིགས་མི་མང་ལ། མཐུན་ལམ་དགོས་པ་གཉིས། དབྱེ་འབྱེད་ཤེས་པ་མི་དགོས་སམ།

  7. གཡག་རྒོད། says:
    2011-01-26 at 8:40 am

    གངས་སེང་རྒྱལ་དར་སྒྲེང་ནས་དཔའ་ངར་ངར།
    སྤུན་ཟླའི་ལག་གདང་གྱེན་དུ་མདུང་གཏད་གཏད།
    རང་དབང་འབོད་སྒྲ་ཁ་ནས་བསྒྲགས་བསྒྲགས།
    ཧོ་ཅིང་ཐའོ་ཡི་ངོ་གདོང་ཚ་ཤོར་ཤོར།

  8. གཡག་རྒོད། says:
    2011-01-26 at 8:50 am

    ཝ་ཤིང་ཀྲང་གི་ཁ་བ་དཀར་སིང་སིང།
    བོད་རིགས་སྤུན་ཟླའི་སེམས་ཤུགས་དར་དཀར་དཀར།
    ཞི་བའི་རྒོལ་གཏམ་རྣ་བར་ཚ་ཤར་ཤར།
    ཧོ་ཅིང་ཐོའུ་ཡི་ངོ་གདོང་གྲང་ཤུར་ཤུར།

  9. བཀྲ་ཤིས། says:
    2011-01-28 at 6:12 am

    ལོ་ངོ་ལྔ་བཅུ་ང་ཚོས་སྐད་བརྒྱབ་པ་རེད།་བོད་དོན་འཛམ་གླིང་ཡོངས་ལ་ཁྱབ།་ཡིན་ཡང་ད་ང་ཚོས་ཤེས་ཡོན་གྱི་ནུས་སྟོབས་བེད་སྤྱོད་གཏོང་བའི་དུས་ལ་བབ་འདུག་་་་་ཡིན་ཡང་ང་ཚོ་བོད་པར་འཛམ་གླིང་ནང་གི་སྐད་གྲགས་ཆེ་བའི་དྲ་ཚགས་འདྲ་མིན་གྱི་ས་མིག་ཁག་འགེངས་ཐུབ་མཁན་གྱི་གཟེངས་སུ་ཐོན་པའི་མཁས་ཅན་ཧ་ཅང་ཉུང་ཨང་།མི་ལོ་ལྔ་བཅུའི་རིང་གི་ཤེས་ཡོན་གྱི་སྟོང་ཆ་དེ་ཇི་ལྟར་ཁ་བསྐང་དགོས།་་་་ཐབས་ལམ་དང་བསམ་ཚུལ་ཡོད་ན་གསུངས་རོགས།

  10. བསིལ་རླུང་། says:
    2011-01-28 at 7:07 am

    ཧ་ཧ་བཟང་མོས་བོད་ཡིག་མི་ཤེས་ན་སྐད་འབོད་བྱས་པའི་ཅི་ཕན། ཕན་མི་སྲིད། སྐད་འབོད་རྒྱག་པ་ལས་བོད་ཡིག་ཀློག་སྦྱོར་ལ་འབད་དང་དེ་ཕན་གྱིན་རེད། བསམ་བློ་ཞིབ་ཏུ་ཐོངས།

  11. བསིལ་རླུང་། says:
    2011-01-28 at 7:11 am

    ༸་ཚོང་བ་རྒྱགས་པ་ཡི་གསུངས་ཤིག་ད་དུང་དྲན་གསོས་ཀྱིན་འདུག
    བོད་ཡིག་དང་བོད་སྐད་མི་ཤེས་པའི་མི་བུ་ཞིག་གིས་བོད་ལ་ཞབས་འདེགས་ཞུ་བཞིན་ཡོད་ཟེར་བ་སྐྱག་རྫུན་རེད། གསུངས་དེ་ངའི་སེམས་པའི་གཏིང་རུམ་ན་ཡལ་ཐུབ་མི་འདུག

  12. མེ་ཏོག་དཀར་པོ། says:
    2011-01-28 at 8:46 am

    ཝའི། རྡ་སའི་གཡས་གཡོན་ན་ཡོད་པའི་ཁ་བརྡ་ཚོ། བོད་པ་དང་དངུལ་་འབྲེལ་བའི་གནས་ཚུལ་ཞིག་འདུག་པ་གསལ་བཤད་ཅིག་གནང་དང་། ཐུགས་རྗེ་གཟིགས།

  13. བསྟན་འཛིན་ཐུབ་བསྟན says:
    2011-01-28 at 9:36 am

    བཀྲ་ཤིས་བདེ་ལེགས

  14. བསྟན་འཛིན་ཐུབ་བསྟན says:
    2011-01-29 at 9:39 am

    ཟླ་སར་རྐུ་མ་མང་པོ་དེ་འདྲ་རིགས་༥༨་ལོར་བོད་ནང་ལ་བྱུང་མྱོང་ཡོད། ་ཐབས་ཇུས་དེ་ནི་མི་མང་ནང་ལ་དབྱེན་དཀྲུག་གི་ཐབས་ལམ་ཞིག་ཡིན་ལ་དེ་ནི་གུང་ཁྲན་གྱི་ལྟ་བ་བྱེ་བྲག་པ་ཞིག་ཡིན་པ་སྤུན་ཟླ་རྣམས་ཀྱིས་ཤེས་དགོས།
    བསྟན་འཛིན་ནས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme