Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གོས་དུམ་སྐྲ་སེན་ཆབ་བསིལ་ཡང་དད་ཅན་ཚོས་ཁྱེར་བ་དང་བཏུང་བའི་སྐོར།

Posted on 2013-04-172013-04-17 By ཁ་བརྡ་ 8 Comments on གོས་དུམ་སྐྲ་སེན་ཆབ་བསིལ་ཡང་དད་ཅན་ཚོས་ཁྱེར་བ་དང་བཏུང་བའི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

ཞབས་བཀྱག་ཞུ་བ་ཞེས་རང་ཉིད་གན་རྐྱལ་དུ་འགྱེལ་བའི་ཐོག་ཏུ་བླ་མར་རྡོག་བརྫི་བྱེད་དུ་བཅུག་པ། ༼ཞེས་པ་འདི་གར་ཡོད་ཆ་མ་འཚལ་ནའང༌།༽ ཆགས་མེད་རིན་པོ་ཆེས། གོས་དུམ་སྐྲ་སེན་ཆབ་བསིལ་ཡང༌། །དད་ཅན་མང་པོས་ཁྱེར་དང་བཏུང༌། ༼།ཞེས་པ་དེ་ནི། རོ་སྙོམས་ཆེན་པོའི་སྐབས་ཀྱི་སརྒ་བཅུ་གཉིས་པའི་ནང་དུ་ཡོད་ལ།༽ ཇ་སྙིགས་ཕོས་པ་ཐམས་ཅད་ཀྱང༌། །མིག་ལ་བྱུག་དང་སྐེ་ལ་བྱུག །ཅེས་གསུངས་པ་༼དེ་ནི། རོ་སྙོམས་ཆུང་ངུའི་སྐབས་ཀྱི་སརྒ་བཅུ་པའི་ནང་དུ་འདི་༽ལྟར་༼འཁོད་ཡོད༽། འོན་ཀྱང་སྐབས་འདིའི་ཚིགས་བཅད་སྒྲིག་ཚུལ་གྱིས་གོ་རིམ་ལ་དཔག་ན། ཚ་སྨྱུག་པ་ཁོང་ནི་རྣམ་དཔྱོད་ཀྱི་ཀློག་ཞགས་འཁྱུགས་གྲགས་པའི་དབང་གི་དཔེ་ཆ་རྣམས་ལུགས་འབྱུང་དུ་མི་ཀློག་པར། ལུགས་ལྡོག་ཏུ་ཀློག་པའི་སྣང་ཚུལ་ཞིག་མངོན་པ་མ་ཟད། ཚིགས་བཅད་དེ་གཉིས་ཀྱི་འབྱུང་ཁུངས་སརྒའི་གོ་རིམ་མི་མཐུན་ཀྱང༌། གཅིག་གྱུར་དུ་སྤོམ་པར་མཛད་པའི་དགོས་ཆེད་ནི། བོད་ཆེན་པོའི་ས་ཁྱོན་ལས་ཀྱང་ལྷག་པ་ཞིག་ཡོད་པ་སྨོས་མི་དགོས་པར་སྙམ་མོ།།

རི་ཆོས་དེ་ཉིད་ཀྱི་དགོངས་པ་ལྟར། རོ་སྙོམས་ཀྱི་སྤྱོད་པ་སྤྱོད་ནུས་པའི་༽བླ་མའི་ཁ་འཁྲུད་ལག་འཁྲུད་རང་གི་མགོ་དང་ལུས་ལ་བྱུག་པ་༼དང༌།༽ རང་གི་ཁ་མིག་སྣ་གསུམ་གྱི་ནང་བླ་མར་མཆིལ་མ་འདེབ་ཏུ་བཅུག་པ། བླ་མའི་སྐྲ་སེན་བསྲེག་པའི་དུ་བར་སྣོམ་པ། ཐ་ན་བླ་མའི་གཅིན་སྐྱག་ཡན་ཆད་བྱིན་རླབས་ཀྱི་རྫས་སུ་བརྩིས་ཏེ་ཟ་ཞིང་འཐུང་བ་སོགས་ཀྱང༌། གསང་སྔགས་ཀྱི་བླ་མ་བསྟེན་ཚུལ་དྲི་མ་མེད་པ་རེད། ༼ཅེས་གསུངས་པ་ནི། དོན་ལ་གནས་པར་སེམས་ཏེ། རྟོགས་པ་དེ་ལྟ་བུ་དང་ལྡན་པའི་བླ་མ་དེའི་བྱིན་རླབས་སོགས་བེད་སྤྱོད་བྱས་པ་ཡིན་ན་ནི། དཔོན་རིག་གམ་བླ་ཆེན་ག་གེ་མོའི་རྒྱབ་སྐྱོར་གྱི་ཕྱག་བྲིས་སམ། མཐོ་སློབ་བམ་དགོན་ཆེན་ཆེ་གེ་མོ་སོགས་ནས་སློབ་ཐོན་ལག་ཁྱེར་སྟོན་རྒྱུ་ཡོད་ན། སྤྱི་ཚོགས་ཀྱི་སྟེང་དུ་མཐོང་ཆེན་ནམ་ཚད་མཐོའི་གདེང་འཇོག་བྱེད་བཞིན་པ་ལྟར་རོ།།༽

ད་དུང་དེང་སེང་ལག་ལེན་བྱེད་མཁན་མེད་པ་ཙམ་མ་གཏོགས་བླ་མ་ཡབ་ཡུམ་སྙོམས་པར་འཇུག་པའི་སྦྱོར་མཚམས་སུ་སློབ་མར་ལྕེ་ལྡག་བྱེད་དུ་བཅུག་ཅིང༌། ལྕེ་ཐོག་ཏུ་ཡོང་བའི་ཁྲག་རྣག་གི་ཐིག་པ་དེ་ཉིད་འཛམ་གླིང་ན་དཀོན་པའི་དངོས་གྲུབ་ཀྱི་རྒྱ་མཚོ་ཞིག་ཡིན་རབས་ཀྱི་བཤད་པ་བརྒྱབ་པ་སོགས་མི་ཆོས་ལས་འདས་པའི་ཆོ་ག་ཕྱག་ལེན་མང་པོ་ཡོད་པ་རེད། ༼གལ་སྲིད་མི་གཙང་བ་དེའི་རིགས་མིའི་ལྕེ་ཐོག་ཏུ་མྱོང་བ་ཐམས་ཅད་མི་ཆོས་ལས་འདས་པ་ཡིན་ན། སྨན་གྱི་བཟོ་གྲྭ་ནས་བཟོས་པའི་སྨན་མང་པོ་ཞིག་ཀྱང་དེ་འབྲེལ་དུ་ཐལ་བས། ལེགས་པར་མ་དཔྱད་པར་སྐུ་ཉིད་བཞེས་རྒྱུ་ལྟ་ཅི། རྣམ་དཔྱོད་དང་ལྡན་པའི་ཚན་རིག་པ་རྣམས་ཀྱི་ཟ་བར་དོགས་པས། ཉེས་འགོག་སླད་སྐུ་ངལ་ལྷུར་ལེན་གནང་བཞིན་ཡོད་ནི་སྨོས་མེད་རེད་སྙམ་ལ། ཆུ་ལྟ་བུ་ཞིག་ལ་མཚོན་ནའང་ས་ཆ་ག་གེ་མོ་ཐམས་ཅད་དུ་ལུང་པའི་མདོའི་ཆུ་མཐའ་དག་ཐུང་མི་ཉན་པར་གྱུར་ཏེ། རྒྱ་གར་དུ་རྒྱུ་བའི་ཆུ་མོ་གངྒཱའི་འགྲམ་དུ་སྐུ་ཉིད་ཕེབས་ནས་གཟིགས་དང༌། ཆུ་འགྲམ་ཐམས་ཅད་དུ་མི་རོ་སྲེག་བཞིན་པའི་སྟེང༌། སྲེག་ཚར་བའི་ཐལ་བ་ཆུར་སྐྱུར་ཏེ། ཆུ་བོ་ཁམས་ནག་ལྷོག་ལྷོག་ཏུ་གྱུར་ཡོད་ནའང༌། རྒྱ་གར་བའི་རིགས་རུས་ལ་མཆོག་ཏུ་རྩི་བའི་བྲམ་ཟེ་རྒད་པོ་རྣམས་ཀྱང༌། ཉམས་ང་སྤུ་ཙམ་མེད་པར་ངང་པ་མཚོ་མོར་རོལ་བ་ལྟར་ཇུག་བཞིན་པ་མ་ཟད། ཁོ་བོ་ཡང་སྤྱི་ལོ་ ༡༩༩༣ ལོར་ཐེངས་གཅིག་ཝ་ར་ཎ་སིའི་ཆུ་འགྲམ་དུ་སླེབས་སྐབས། མཁན་ཆེན་བཞན་དགའི་ཟླ་གྲགས་ཀྱི་བསྟོད་པ་ལས། དཔལ་ལྡ་ཟླ་བ་གྲགས་པ་ཡིས། །བརྡ་སྤྲོད་ཀུན་ཏུ་བཟང་པོའི་གཞུང༌། །བསྐུར་བས་གངྒཱའི་ཆུ་ཀླུང་གི །ཤེས་རབ་བསྐྱེད་པ་ངོ་མཚར་ཆེ། །ཞེས་པ་དེ་ཡིད་ལ་དྲན་བཞིན་དུ་ཆུ་ཁྱོར་མོ་གང་འཐུང་ཐལ་བ་དེ་ཡང༌། ད་གཟོད་ཕྱིར་དྲན་ཞིག་བྱས་ཚེ། འགྱོད་པ་ཁོག་དུག་ཤོར་བ་ལས་ཀྱང་ལྷག་པ་ཞིག་འདུག་ན། ཇི་དགེའི་སློབ་སྟོན་ཞིག་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང་ཆབས་ཅིག
ད་དུང་དེས་མི་ཚད་ཁྱེད་ཀྱི་མིག་དཔེ་བཟང་ལྟ་བྱེད་ཡུལ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡང༌། ཡོང་འབབ་མཁོ་སྒྲུབ་ཀྱིས་ཆེད་དུ་དམིགས་ཏེ། མཚན་མ་འཇིབ་ལྡག་གིས་ལས་ལ་དགའ་བཞིན་སྤྲོ་བཞིན་དུ་བརྙན་འཕྲིན་ཕབ་ལེན་བྱས་ཡོད་པ་དེ་དག་ཀྱང༌། མི་ཆོས་ལས་འདས་པའི་གྲལ་དུ་ལོས་ཚུད་སྙམ་བཞིན་ཡོད་ན། ཨེ་ཚུད་མི་ཚུད་ནི་ཁྱེད་ཀྱི་གཟིགས་ཕྱོགས་ལ་རག་ལས་པར་རློམ་མོ།།༽

རྩོམ་རིག

Post navigation

Previous Post: ཡི་གེའི་སྐོར་འདིར་གསལ་བཤད་ཅིག་གནང་རོགས།
Next Post: གང་སར་གཏོར་བའི་སྙན་ངག

Comments (8) on “གོས་དུམ་སྐྲ་སེན་ཆབ་བསིལ་ཡང་དད་ཅན་ཚོས་ཁྱེར་བ་དང་བཏུང་བའི་སྐོར།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-04-17 at 10:52 am

    གོས་སྲེག་བདུག་དང་ཆབ་བསིལ་འཐུང་། །
    དད་པ་དག་སྣང་ཆེ་བའི་གཤིས། །

    ཕོ་མཚན་འཇིབ་དང་མོ་མཚན་ལྡག །
    དེ་གཉིས་དུད་འགྲོའི་གཤིས་ལས་འབྱུང་། །

  2. རི་རྒྱལ་ཏི་སེ། says:
    2013-04-17 at 11:27 am

    འགྲོ་བའི་ལས་སྣང་ཐ་དད་པས།།
    སེམས་སྣང་ཡང་ནི་དུ་མར་གྲུབ།།
    ཕན་དང་གནོད་པའི་ཁ་ཚོན་ཡང༌།།
    འདི་ཡིན་ཞེས་ནི་གཅོད་པར་དཀའ།།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-17 at 1:06 pm

    རྒྱལ་སྲས་ཆེན་པོ་ཞི་བ་ལྷས།
    ་
    དགོས་པའི་ཕྱིར་དུ་མ་དཔྱད་ཕྱིར།
    ་
    ཅེས་གསུངས་སོ།།

  4. ནུབ་ཕྱོགས་གངས་ཕྲུག་ says:
    2013-04-17 at 2:22 pm

    གོས་རྙིང་བདུག་དང་ཆབ་བཅིན་འཐུང་།
    །སློབ་མ་རྨོངས་དད་ཆེ་བའི་རྟགས།
    །ཕོ་མོའི་མཚན་མ་འཇིབ་ཅིང་ལྡག
    །མ་ཧཱ་སུ་ཁ་དེ་ལས་མེད།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-04-18 at 8:59 am

    གསང་བ་ནང་ཉར་ཐུབ་པ་དེས། །
    དད་སྟོབས་ཅན་ལ་ཤིན་ཏུ་ཕན། །

    གསང་བ་ཕྱི་གྱར་སོང་བ་དེས། །
    དད་ལོག་ཅན་ལ་ཤིན་ཏུ་གནོད། །

  6. ལུང་རྟོགས། says:
    2013-04-19 at 10:52 am

    དད་པ་དམ་ཚིག་སེམས་ལ་ཡོད་ན།།
    ཆབ་གཅིན་འཐུང་ཡང་བཙོག་རྒྱུ་ཅི་ཡོད།།
    དད་པ་དམ་ཚིག་སེམས་ལ་མེད་ན།།
    གཙུག་དུ་བཀུར་ཡང་བཟང་རྒྱུ་ཅི་ཡོད།།

  7. མེ་ཏོག་དཀར་པོ says:
    2013-04-19 at 1:18 pm

    དད་པ་དམ་ཚིག་ཡོད་ན།།
    སྐྱག་གཅིན་སྤྱོད་ནས་ཅི་བྱེད།།
    དད་པ་དམ་ཚིག་མེད་ན།།
    གཙུག་ཏུ་བཀུར་བ་དོན་མེད།།

  8. བཀྲ་ཤིས་ says:
    2013-04-19 at 2:51 pm

    སངས་རྒྱས་མི་གཟུགས་བྱོན་པའི་བླ་མ་ཡི་།
    སྐྱག་གཅིན་ཐོབ་ན་དངོས་གྲུབ་ནང་ནས་མཆོག།
    ཟོབ་གཙོང་བླ་མ་དག་གི་སྐྱག་གཅིན་དང།
    ཕྲད་ཚད་གྲིབ་ཀྱིས་ལྐུགས་པ་ཉིད་དུ་འགྱུར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme