Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གོམ་བགྲོད་པ་ཞིག་བརླག་ནས་ཉིན་བཅུ་ཕྱིན་སོང་།

Posted on 2012-03-192012-03-23 By ཁ་བརྡ་ 52 Comments on གོམ་བགྲོད་པ་ཞིག་བརླག་ནས་ཉིན་བཅུ་ཕྱིན་སོང་།

སྲས་མོ།

གསུམ་བཅུ་དུས་དྲན་ཐེངས་ ༥༣ པའི་ཉིན། ཕྱི་ལོ་ ༢༠༡༡ ལོར་རྡི་ལི་ནས་རང་ལུས་མེར་བསྲེགས་ཀྱིས་ལས་འགུལ་སྤེལ་མཁན་རྒྱལ་གཅེས་དཔའ་བོ་ཞིག་མིག་ཟུང་རས་ནག་པོ་ཞིག་གིས་སྒྲིབ་ནས་ལམ་དུ་ཆས་ཡོད། གོམ་བགྲོད་པ་འདིས་ ” རྒྱ་གཞུང་གི་དམར་གསོད་དྲག་གནོན་གྱི་སྲིད་ཇུས་འོག ད་ལྟ་བོད་ནང་གནས་སྟངས་ཧ་ཅང་ཛ་དྲག་ཏུ་ཕྱིན་ཡོད་པའི་སྐབས་འདིར། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་གཞུང་གིས། བོད་མིའི་རྩ་དོན་དང་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་བཅས་ཀྱི་གནས་སྟངས་ཐད་གོ་མེད་ཚོར་མེད་ཀྱི་རྣམ་འགྱུར་བཟུང་སྟེ་ཁུ་སིམ་མེར་སྡོད་པ་དེ་ནི་ཧ་ཅང་བློ་ཕམ་གྱི་གནས་ཤིག་ཡིན་ལ། རྒྱལ་ཁབ་དང་སྒྲིག་འཛུགས་དེ་དག་གིས་མིག་གཉིས་ཕྱེ་དེ་ང་ཚོར་རྒྱབ་སྐྱོར་གནང་རོགས།”ཞེས་པའི་རེ་འདུན་ཞིག་དང་བཅས་ཏེ་ལམ་དུ་ཆས་ཡོད།

ཁོང་གི་གོམ་བགྲོད་ནི་གཞུང་ལམ་བརྒྱུད་ནས་སྤེལ་གྱི་ཡོད། གོམ་བགྲོད་པ་ཁོང་མཐོང་སོང་ངམ། སྨྱུག་འཛིན་པ་ཚོའི་སྨྱུག་ཁ་ནས་ཁོང་མངོན་བྱུང་ངམ། པར་ཆས་འཛིན་མཁན་ཚོའི་པར་ཆས་ཀྱི་ཆེ་ཤེལ་ནང་མངོན་བྱུང་ངམ། རྡ་རམ་ས་ལའི་ཚོགས་སྐྱིད་མཉམ་འབྲེལ་མཐུན་ཚོགས་ཀྱི་གཟིགས་སྐོར་བ་ཚོས་ཁོང་མཇལ་འདུག་གམ། མདོ་སྨད་དབུས་རྒྱུན་གསར་རྙིང་གིས་གྲུབ་པའི་ཚོགས་ཆུང་དེས་ཁོང་མཇལ་མཇལ་འདུག་གམ། ཁོང་དངོས་ནས་ང་ཚོའི་བརྩེ་སེམས་ཀྱིས་བརླག་སོང་བ་རེད་དམ། ཁོང་ང་ཚོའི་རྒྱབ་སྐྱོར་གྱིས་བརླག་པ་རེད་དམ། ཁོང་གང་ན་ཡོད། ཁོང་གང་ཞིག་ཏུ་སླེབས་ཡོད། སུ་གང་གི་མཐོང་ལམ་ནས་རྦད་དེ་རྩ་ཡལ་ཕྱིན་པ་རེད་དམ། གསར་འགོད་པ་ཚོ། འཚམས་གཟིགས་པ་ཚོ། གསུམ་བཅུ་དུས་དྲན་ཉིན་ནས་དེ་རིང་བར་ཉིན་གྲངས་བཅུ་ཕྱིན་ཡོད། རྒྱལ་གཅེས་པ་མིག་དམར་ལགས་གསར་འགོད་པ་ཚོ་དང་འཚམས་གཟིགས་པ་ཚོའི་བརྩེ་སེམས་དང་ཕྱི་ཐག་གཉིས་ཀས་བརླགས་ཟིན་པ་རེད་དམ། རྒྱལ་གཅེས་པ་ཁོང་ང་ཚོས་རྙེད་དགོས། རྒྱལ་གཅེས་པ་ཁོང་ང་ཚོས་བཙལ་དགོས། མིག་ཟུང་རས་ནག་གིས་སྒྲིབ་ཡོད། ལག་པར་དབྱུག་རྟེན་ཞིག་བཟུང་ཡོད། ཁོང་མཇལ་བྱུང་ངམ།

སྣ་ཚོགས།

Post navigation

Previous Post: རྒྱ་མིའི་གསང་ཉུལ་བའི་གྱ་གྱུ།
Next Post: ཨ་རིའི་རླུང་འཕྲིན་ངེས་པར་དུ་སྐྱོབ་དགོས།

Comments (52) on “གོམ་བགྲོད་པ་ཞིག་བརླག་ནས་ཉིན་བཅུ་ཕྱིན་སོང་།”

  1. འབའ་སྲས། says:
    2012-03-19 at 4:11 pm

    ངོ་མ་ཁོང་བརླགས་ཉན་གི་མ་རེད། ངེས་པར་དུ་ངེད་ཚོས་འཚོལ་དགོས། སྲས་མོས་དྲན་སྐུལ་བྱས་པར་ཐུགས་རྗེ་ཆེ།

  2. ངག་ཁྲི། says:
    2012-03-19 at 4:23 pm

    ༡རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་བསྔགས་པའི་ལམ།།
    ༢གཅེས་པར་བཟུང་སྟེ་ཟབ་དང་རྒྱ་ཆེའི་གཞུང་།།
    ༣དཔའ་མཛངས་བློ་ཡིས་འཕགས་ཡུལ་ཁྱོན་ཀུན་ཏུ།།།
    ༤བོ་དོང་པཎ་ཆེན་ལྟར་དུ་རྩོམ་གྱིན་ངང་།།།།
    ༥མིག་རས་ནག་པོས་མུན་ནག་མཚོན་མཛད་པ།།
    ༦དམར་ནག་རྒྱ་ཡི་གཤེད་དེ་གཤེགས་ཤུལ་དུ།།
    ༧འཚོལ་ཞིབ་ལས་ལ་བརྩོན་པའི་སྨྱུག་འཛིན་ཁྱེད།།
    ༨བ་ལང་བོར་བའི་བརྟུལ་ཞུགས་འཛིན་ནམ་ཅི།།

  3. ཁྱུངདཀར says:
    2012-03-19 at 4:26 pm

    བརླག་འགྲོ་ཀི་མ་རེད། ཡིན་ཡང་། སྐྱིད་སྡུག་ཁག་འདྲ་མིན་དང་ཚོགས་སྒེར་ཁག་གང་རུང་ནས་ལྟ་རྟོག་བྱེད་མཁན་མེད་སོང་བ་ཡིན་རྒྱུ་རེད། དེ་མ་གཏོགས་བོད་པའི་གསར་ཁང་ཁག་ནས་གནས་ཚུལ་རེ་སྤེལ་ཀི་རེད།

  4. yunden tharchen says:
    2012-03-19 at 5:59 pm

    ངས་བལྟས་ན་ཁོང་བརླག་འགྲོ་བའི་ཉེན་ཁ་ཆེ།གང་ཡིན་ཟེར་ན་ང་ཚོའི་ཚོགས་པ་འདིའི་མིག་ཕྱེས་ནས་ལས་ཀ་བྱེད་མཁན་མ་གཏོགས་མིག་བཙུམ་ནས་ལས་ཀ་སྒྲུབ་མཁན་ལ་དགའ་པོ་མི་བྱེད་པ་འདྲ།

  5. སྐྱུ་རྩི་ནས། says:
    2012-03-19 at 6:38 pm

    སྣ་ཚོགས་འགྱུར་བས་དེད་པའི་གནམ་གཤིས་དང་།
    ཤུལ་ལམ་རིང་པོར་བགྲོད་པའི་དཀའ་ཐུབ་དང་།
    ཀུན་གྱིས་ལྟ་སྐྱོང་མེད་པའི་སྐྱོ་སྣང་སོགས།
    དཀའ་བ་དུ་མས་མནར་བ་ཨེ་བྱུང་ལགས།

  6. མེ་ཏོག་དཀར་པོ། says:
    2012-03-19 at 7:03 pm

    ཁོང་བཙན་བྱོལ་ནང་ཚར་ལོངས་བྱུང་ཞིང་དབུས་གཙང་བ་ཡིན་པ་དང་། བོད་ཡིག་ཡག་པོ་ཤེས་གི་མེད་ཚོད་རེད་པས་
    གང་དུ་འགྲོ་ནའང་འགྲོ་རུ་ཆུག དེ་ལས་གོམས་བགྲོད་པ་གཞན་ཚོ་གང་དུ་སླེབས་གཟིགས་རོགས།

  7. དོན་འགྲུབ། says:
    2012-03-19 at 9:00 pm

    ང་ཚོས་རང་ཕྱོགས་རང་ཕྱོགས་ཟེར་བ་ཞིག་སྐྱོབ་རྒྱུ་མང་དྲགས་པས་བརླགས་པ་རེད།

  8. བོད་སྲིད་འབྱོར་རིག་གསུམ། says:
    2012-03-19 at 10:04 pm

    ཆོད་སེམས་བརྟན་པའི་དཔའ་བོ་འདི་ཚོ་ང་ཚོ་མིག་ལམ་ནས་ཡལ་ག་ལ་ཉན་་་་

    རྒྱ་ནག་དམར་པོའི་ཁྲིམས་ལ་རྒོལ་མཁས་དཔའ་བོ་ཁྱེད་ཀྱི་ཆོད་སེམས་འདི།།
    ཡང་དག་བདེན་པ་རྒྱབ་ཏུ་དཀྲིས་དེ་གངས་ལྗོངས་ཁ་བའི་མངོན་འདོད་བསྒྲགས།།

  9. གཟུགས་མེད་ says:
    2012-03-19 at 10:49 pm

    གསར་འགོད་པ་དང་མི་སྒེར་སུ་ཡིན་རུང་ཁོང་གི་གནས་ཚུལ་རེ་མཐོང་ཚེ་དེ་མ་ཐག་གསར་ལམ་ཁག་དང་དྲ་ཐོག་སོགས་ལ་འགོད་རོགས་ཞེས་ལག་ཟུང་ཐལ་མོ་སྦྱར་ནས་ཞུ་ལགས། མེ་ཏོག་དཀར་པོའི་འདི་ལྟར་གསུང་དགོས་དོན་གང་ཡིན་ནམ་འུ་ཚོའི་ཁ་གཏད་ས་ནོར་འཆིག གནད་འགག་གི་སྐབས་སུ་བྱུང་མི་རུང་། བོད་རྒྱལ་ལོ།།

  10. འབྲོག་རིན་པོ་ཆེ། says:
    2012-03-19 at 11:27 pm

    དཔའ་བོ་རི་ལ་བཞུད་སོང་།
    འདྲ་འབུ་ནང་ལ་འཚངས་སོང་།།

  11. རྔ་བའི་རྒྱལ་སྲས། says:
    2012-03-19 at 11:35 pm

    མེ་ཏོག་དཀར་པོ་ར་བཟི་འདུག་ཁ་ཡ་མ་བྱེད་་་ང་ཚོའི་བོད་གངས་ཅན་གྱི་མ་འོངས་བདེ་སྐྱིད་ཆེད་དུ་གོམ་བགྲོད་དུ་ཕེབས་ཟིན་པའི་དཔའ་བོ་དག་གི་རླབས་ཆེན་གྱི་ལས་འགུལ་ལ་ཡི་རིངས་བྱེད་་་དཔའ་བོ་ཁོང་གི་ད་ལྟའི་གནས་སྟང་དྲྭ་ངོས་སུ་འཇོག་མཁན་གཅིག་ཀྱང་མི་འདུག་་

  12. བྱང་སྐར། says:
    2012-03-20 at 12:27 am

    ཁོང་བཙན་བྱོལ་ནང་གི་སྙིང་སྟོབས་ཆེ་ཤོས་ཀྱི་བོད་དོན་ལས་འགུལ་བ་ཞིག་རེད།
    ཕྱོགས་སུ་ཆད་པའི་བོད་ཀྱི་གསར་འགྱུར་དེ་ཚོ་ནང་ཐོན་རྒྱུ་མི་འདུག།

  13. འདྲེ་རིག་ལྡན། says:
    2012-03-20 at 12:28 am

    སྲས་མོས་བཤད་པ་བདེན་པ་རེད། ད་བར་དུ་ང་ཚོ་མང་པོ་ཞིག་གི་ཡིད་ལ་མ་འཁོར་བ་རེད། དེ་གོང་དུ་མེ་ཏོག་དཀར་པོས་བཤད་པ་ལྟར། ཁོང་དབུད་གཙང་བ་ཡིན་པས་རྒྱུ་མཚན་ལ་བརྟེན་ནས་ཡིན་མདོག་མེད། མ་ཟད་སྐད་ཆ་དེ་བཤད་མཁན་གྱིས་རང་གི་ནང་སྙིང་བཏོན་ནས་སྐད་ཆ་དེ་འདྲ་བཤད་པ་མ་གཏོགས། ཁོང་དབུས་གཙང་བ་ཡིན་མིན་མེ་ཏོག་དར་པོ་རང་ཉིད་ཀྱིས་ཀྱང་ཤེས་ཀི་ཡོད་རྒྱུ་མ་རེད། གཙོ་བོ་ང་ཚོས་ཁོང་གར་ཡོད་འདིར་ཡོད་ཀྱི་གནས་ཚུལ་དང་། རྒྱབ་རོགས་དབུང་རིགས་བྱེད་རྒྱུ་ངོ་མ་གལ་ཆེན་པོ་རེད། ཚོགས་པ་དང་མི་སྒེར་ཁག་ནས་འདིའི་ཐད་འགན་ཞིག་ལེན་རོགས་གནང་།

  14. ལྷོ་པ་ལུང་རིགས། says:
    2012-03-20 at 12:37 am

    སྲས་མོ་ལགས།

    ཁྱེད་རང་གིས་ཚང་མས་དོ་སྣང་དང་ཐུགས་སྣང་གནང་དགོས་པ་ཞིག་དྲན་སྐུལ་གནང་སོང་། ཐུགས་རྗེ་ཆེ། ང་ཚོས་ནམ་རྒྱུན༼གདུང་་སེམས་མཉམ་བསྐྱེད། སྐྱིད་སྡུག་མཉམ་མྱོང༽ཞེས་བཤད་ཀྱི་ཡོད་པ་རེད། སྐྱིད་སྡུག་མཉམ་མྱོང་ཟེར་བ་འདི་ཚང་མས་དྲན་དགོས་པ་ཞིག་ཡིན་པའི་དྲན་སྐུལ་གནང་བ་འདི་བརྒྱུད་ནས། སྐྱིད་སྡུག་མཉམ་མྱོང་དེ་ཕྱིའི་རྣམ་འགྱུར་ཙམ་མིན་པའི་ནང་སེམས་པའི་ཚོར་བ་ཞིག་ལ་འགྱུར་བ་བྱེད་དགོས། ང་རང་ལ་མཚོན་ན། འགྱོད་གདུང་སྐྱེས་ཀྱི་འདུག སྲས་མོ་ལགས་གཅིག་པུ་ལས་ང་ཚོའི་ཚཽགས་པ་དང་མཐུན་ཚོགས་ཚོས་བརྩད་གཅོད་ཅིག་ཀྱང་གནང་ཐུབ་མེད། ང་རང་ཐེ་བའི་ད་ལྟ་གཞི་ནས་སེམས་ནང་ཨ་ཁ་བསམ་མཁན་ཚང་མས་དེ་རིང་བར་མ་དྲན་པ་རེད། སྲས་མོས་དྲན་སྐུལ་འདི་གནང་བ་བརྒྱུད་ནས་མིག་དམར་ལགས་ཁོང་ཡང་ང་ཚོས་གསར་འགྱུར་བརྒྱུད་ལམ་ནས་མཇལ་ཐུབ་པ་ཞིག་ཡོང་བའི་རེ་བ་ཡོད།

  15. རྒྱ་གར་རྨ་བྱ། says:
    2012-03-20 at 1:08 am

    བསྒྲགས་གཏམ་མེད་ས་ཞིག་ནས་རང་གི་གོམ་པར་ཡིད་ཆེས་ཀྱིས་བདེན་ཁ་རྒྱབ་ནས་འགུལ་བའི་ཁྱེད་ཀྱི་སྙིང་སྟོབས་དང་བློས་བཏང་ལ་བསྔགས་པ་ཆེན་པོ་བྱེད་ཀྱིན་ཡོད། བཀྲ་ཤིར་པར་ཤོག

  16. མེ་ཏོག་དཀར་པོ། says:
    2012-03-20 at 1:43 am

    འོ་ན་དོན་དག་གང་གིས་ཁོ་པའི་སྐོར་མཐོང་ཐོས་མེད་པར་གྱུར། སྲས་མོ་མེད་ན་དུས་གང་གི་ཚེ་ཁོང་གི་སྐོར་ཤེས་ཐུབ།

  17. ཐུབ་པ། says:
    2012-03-20 at 2:24 am

    སྲས་མོ་ལགས་ཁོང་གི་དགའ་རོགས་ཡིན་པ་འདྲ།
    ཁོང་བརླགས་མེད། ཁོང་ནམ་ཡང་ང་ཚོའི་སེམས་ཁོང་ན་ཡོད།

    མི་ཚང་མས་སྐད་ཆ་བསམ་བློ་བཏང་ནས་བཤད་རོགས། དོན་མེད་ཀྱི་ཅ་ཅོ་མ་མང་།

  18. སྲས་མོ། says:
    2012-03-20 at 2:29 am

    ཁ་བརྡར་གློད་སའི་ཁ་བརྡ་དྲ་བ་དང།།
    དུས་གཏམ་གླེང་ས་བོད་ཀྱི་དུས་བབ་དང།།
    གསར་གནས་འཕྲིན་སྐྱེལ་བོད་ཀྱི་བང་ཆེན་གཙོས།།
    བོད་ཡིག་དྲ་བ་དག་གིས་གསར་གནས་ནང་།།
    དཔྱད་བརྗོད་འདྲ་མིན་སྣ་ཚོགས་སྤེལ་བ་ལ།།
    ཀློག་པོའི་ཡིད་ལ་འཐད་མིན་རྩོད་རྙོག་མཆན།།
    ལུང་ཚན་ཆོས་ལུགས་དཔུང་དང་ཚིག་མཚོན་གྱིས།།
    སྐབས་རེར་ཉོབ་སྣང་མང་པོ་སྐྱེད་ན་ཡང་།།
    རྩོམ་དང་མཆན་གྱི་ལེགས་སྐྱེས་མང་དུ་སྣང་།།

    འོན་ཀྱང་ཚེ་རྡོར་མིག་དམར་རྒྱལ་གཅེས་པར།།
    གོམ་བགྲོད་ཕེབས་སྐྱེལ་ཁ་བཏགས་བསྒྲོན་པའི་དུས།།
    ༼ང་ཚོ་ཁྱེད་ཀྱི་རྒྱབ་ཏུ་ཡོད་༽དོ་ཞེས།།
    སྙན་མོའི་ཚིག་གིས་བརྗོད་པ་གསར་ལམ་ནས།།
    ཡང་ཡང་གོ་ཞིང་མཐོང་ནས་ཉིན་བཅུ་འདས།།
    ལྟ་སྐོར་སེམས་གསོར་བསྐྱོད་པ་ལེགས་མོད་ཀྱང་།།
    མཉམ་དུ་གོམ་བགྲོད་སྐྱེལ་མ་ཐུང་ངུ་ཡང་།།
    བུ་མོ་ལྷ་མོས་འབོད་སྐུལ་གནང་ནས་འདུག།
    འདི་ཡང་ང་ཚོའི་རྣ་བས་གོ་དགོས་འདུག།

    མིག་བཀབ་དབྱུག་པ་བསྟེན་པའི་གོམ་བགྲོད་པ།།
    ཁོང་ཉིད་ཐོས་རྒྱུ་མཐོང་རྒྱུ་མ་བྱུང་བས།།
    ཁོང་ཉིད་འབྲི་བའི་སྨྱུ་གུ་མེད་སོང་ངམ།།
    ཡང་ན་རྒྱབ་ན་དཔུང་རོགས་མེད་པ་ཡིན།།
    ལྔ་གཉིས་ཉི་མ་བཅུ་ཕྲག་གཅིག་སོང་ཉིན།།
    བརྩད་གཅོད་སེམས་པ་སྨྱུ་གུའི་རྟར་བསྐྱོན་ནས།།
    དཔའ་བོ་མིག་དམར་འཚོལ་བའི་བརྡ་འདི་སྤེལ།།
    དྲ་གྲོགས་རྣམ་པས་མཉམ་དུ་འཚོལ་རོགས་ཀྱི།།
    སེམས་པ་བསྟན་པ་བཀླགས་ནས་སྤྲོ་བ་འཕེལ།།

    སེམས་དང་བསམ་པ་ཙམ་ལས་མ་བྱུང་ཡང་།།
    སྐྱིད་སྡུག་མཉམ་དུ་མྱོང་བའི་འདུ་ཤེས་དང་།།
    ཉི་མ་རེ་དང་དུས་ཚོད་རེ་གཉིས་ལས།།
    མ་བྱུང་ན་ཡང་གོམ་པ་མཉམ་རྒྱག་གི།།
    རྒྱབ་སྐྱོར་ཆེ་རུ་འགྲོ་ལའང་སྙིང་ནས་སྨོན།།

    དྲ་གྲོགས་ཚོ། ང་ཡང་གཅིག་རྒྱབ་གཉིས་ལངས་ཀྱིས་གདུང་སེམས་མཉམ་བསྐྱེད་བྱེད་མི་ཐུབ་མཁན་ཨང་དང་པོ་དེ་ཡིན་པ་དུས་ནམ་ཡང་ངོས་འཛིན་གསལ་པོ་བྱེད་བཞིན་ཡོད། ང་ཚོས་ཁོང་གཏན་ནས་བརྗེད་མི་རུང་བར་སྙམ། ང་ཚོས་ཁོང་གི་སྐོར་ཡང་གླེང་དགོས། སྨྱུ་གུ་འཛིན་མཁན། པར་ཆས་འཛིན་མཁན། རྒྱང་བསྒྲགས་མདུན་གྱི་མི་ཚང་མས།

  19. བཙན་བྱོལ་བ། says:
    2012-03-20 at 2:39 am

    མེ་ཏོག་དཀར་པོ་ཁྱོད་ཀྱི་སྐད་ཆ་ལ་བལྟས་ན་ཁྱོད་ཀྱི་ཆོལ་ཁ་གང་ནས་ཡིན་མིན་གསལ་པོ་རེད་འདུག །ཁ་རོག་བཙུམ་ནས་སྡད་ན་ཡག་གི་རེད། ཞབས་འདྲེན་མ་ཞུ་ན་ཡག་གི་རེད། གོམ་བགྲོད་པ་དང་ཟས་བཅས་ངོ་རྒོལ་བ་རྣམས་སྐྱེས་ས་གང་ནས་ཡིན་མིན་དང་། ཆོལ་ཁ་གང་ནས་ཡིན་མིན་གྱི་སྐད་ཆ་མ་རེད། སུ་ཡིན་ན་ཡང་བདག་པོ་རྒྱག་དགོས་པ་རེད། ངོ་དགའ་ལ་བལྟ་ཉན་གྱི་མ་རེད། མེ་ཏོག་དཀར་པོ་ཁྱེད་ངོ་ཚ་རྒྱུ་མེད་ན་ཡང་ཁྱེད་ཀྱི་ཕྱོགས་གཏོགས་རྣམས་ངོ་ཚ་རྒྱུ་རེད། ཨ་ཁ། བསམ་མེད་ཁྱེད་འདྲ་བ་དྲ་རྒྱ་འདིའི་ནང་དུ་མེད་པ་དགའ།

  20. ཨ་རུ་ར། says:
    2012-03-20 at 2:52 am

    རང་་ལུས་མེར་བསྲེགས་ཀྱིས་ལས་འགུལ་སྤེལ་མཁན་མིག་དམར་ལགས་ནི་བོད་མི་རིགས་ཤིག་གི་རྩ་དོན་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་གྱི་རྒྱལ་་གཅེས་དཔའ་བོ་རེད། སྐལ་བ་མ་འཇིག་གི་པར་དུ་དཔའ་བོ་ཁྱེད་ཅག་གི་མཚན་བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་གསལ་གྱི་རེད། མེ་ཏོག་དཀར་པོ་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཕན་པའི་ལས་དོན་རེ་སྒྲུབ་མ་ཐུབ་ཀྱང་གནོད་པའི་ཚིགས་ངན་དེ་འདྲ་བརྗོད་དགོས་དོན་གང་ཡིན་ནམ།

  21. ཕུག་རོན། says:
    2012-03-20 at 3:18 am

    དྲ་གྲོགས་ཚོ། རྒྱལ་གཅེས་དཔའ་པོ་སྐུ་ཞབས་མིག་དམར་ལགས་ཀྱི་ཁ་པར་ཨང་གྲངས་ཤེས་མཁན་ཡོད་ན་འདིར་བཀོད་རོགས་གནང་།

  22. མེ་ཏོག་དཀར་པོ། says:
    2012-03-20 at 3:21 am

    ཁོང་གི་ངོ་དེབ་ནང་ཕེབས་ནས་འབྲེལ་བ་བྱོས།

  23. བསྟན་འཛིན། says:
    2012-03-20 at 3:48 am

    མེ་ཏོག་དཀར་བོ་མིང་ཅན་དང་། ཐུབ་པ་མིང་ཅན་འདི་ཚོ་མཆན་འདེབས་ས་གང་དུ་ནས་ཀྱང་འདི་འདྲ་རྐྱང་རེད། འདི་ཚོ་ལ་གཟབས་དགོས་སྙམ།

  24. རྔ་བའི་རྒྱལ་སྲས says:
    2012-03-20 at 4:33 am

    ངས་དེ་རིང་ཁ་མིན་དོན་གྱི་རེ་བ་ཞིག་ཞུ་ཡོད་པ་ནི་་་་མཆན་བཀོད་མཁན་རྣམས་ཀྱི་ནམ་ཡང་ཆོལ་ཁའི་ཕྱོགས་རིས་ཀྱི་སྐད་ཆ་མ་བཤད་རོགས་དབུས་དང་ཁམས་ཨ་མདོ་ཚང་མ་ཤ་ཁྲག་གདུང་རྒྱུད་གཅིག་མི་རེད་་་སེམས་ཁུངས་ཀྱི་སྐད་ཆ་ཡིན་་་ལྷག་ཏུ་ད་སྐབས་ཞིག་ལ་ཕྱོགས་རིས་ཀྱི་རྙོག་དྲ་བཤད་རན་རེད་དམ་་་གོམ་བགྲོད་པཁོང་རྣམས་་གང་ཡིན་ཡང་བོད་མི་རིགས་ཀྱི་བདེ་སྐྱིད་ཀྱི་ཆེད་རེད་མ་གཏོག་རང་ཁ་ཐོན་མ་ཐུབ་པ་མ་རེད། འདི་ལ་ཚང་མས་བསམ་བློ་གཏོང་རོགས་ཞུ།

  25. མེ་ཏོག་དཀར་པོ། says:
    2012-03-20 at 4:35 am

    ལས་ལ་རྟག་བརྩོན་དབུས་གཙང་མདུང་ཤིང་རྩེར། །
    དཔའ་ངར་ལྡན་པའི་ཁམས་པའི་མདེའུ་བཏགས། །
    རྣམ་པར་དཔྱོད་ལྡན་ཨ་མདོའི་ངར་གཏོད་པའི། །
    མདུང་འདི་རྒྱ་ནག་ཝ་ཡི་སྙིང་ལ་གཟན། །
    འདི་ལ་གཟིགས་ནས་ང་ལ་དགོངས་ཡང་ཡོད་པ་ཞུ།

  26. ནག་ཐར་སྐྱིད། says:
    2012-03-20 at 5:08 am

    བཙན་བྱོལ་བོད་མིའི་ཁྲོད་ནས་གྲགས་འགུལ་མང་ཙམ་འབྱུང་བཞིན་པ་འདི་མིག་དམར་ལགས་རེད། ཡིན་ནའང་ཁོང་གི་ལས་འགུལ་དེ་དག་ལ་བསྐྱར་ཞིབ་བྱས་ན་གླེང་སློང་གང་ཡང་འབྱུང་སྲིད་པ་རེད། ཁ་གསལ་བོ་བྱས་ན་བཙན་བྱོལ་བོད་མིའི་གྲལ་ནས་མེར་བསྲེགས་གཏོང་མཁན་དེ་ཡང་མིག་དམར་ལགས་རེད། གནས་ཚུལ་འདི་ཐོག་ནས་སྐད་ཆ་ཡག་སྡུག་གཉིས་ཤབ་ཤུབ་ཀྱིས་བཤད་བཞིན་པ་ནི། ཕྱོགས་གཅིག་གིས་གཏོང་ཕོད་ཅན་དང་ལྷག་སེམས་ཆེ་བ་འདུག་རྒྱལ་གཅེས་དཔའ་བོའི་མཚན་སྙན་སྒྲོགས་བཞིན་པ་འདི་རེད། རྣ་བ་གཏད་ནས་ཉན་ན་མ་གཏོགས་གོ་དཀའ་བའི་སྐད་ཆ་ནི་རྐང་ལྷམ་སྒང་ལ་ས་སྣུམ་བླུགས་བའི་བསམ་ཚུལ་ཞིག་ཐོན་སོང་བ་དེ་རེད། གལ་སྲིད་རྐང་བ་ཁོ་ན་མེར་སྤར་ནས་འཁྲབ་སྟོན་འདྲ་ཞིག་ཡིན་པའི་དབང་དུ་བཏང་ན། གཞེས་ལུས་མི་མང་ལ་འགྲེལ་བརྗོད་ཅི་ལྟར་བྱེད་དགོས་སམ།
    མིག་བསྒྲིབ་གོམ་བགྲོད་པ་ཞིག་བརླག་འགྲོ་བ་དེ་འདྲིའི་ཡ་མཚན་གང་ཡང་མ་རེད། གསར་འགོད་བརྒྱུད་ལམ་ནས་བརླག་སོང་བ་ཡིན་ཚེ། རྦད་དེ་ཁོ་རང་བོར་སོང་བ་ཡིན་རྒྱུ་རེད། དེ་མ་གཏོགས་ཚོགས་པ་སྐྱིད་སྡུག་གང་རུང་གིས་མིག་མེད་གོམ་བགྲོད་པ་ཞིག་གཡང་གཟར་ལ་གཏོང་ཕོད་དམ སྐད་ཆ་དྲང་བོ་བཤད་ན་མིག་བསྒྲིབ་ནས་གོམ་བགྲོད་བྱེད་སྟངས་འདི་བོད་བྱེས་བའི་ལས་འགུལ་འདྲ་མིན་སྣ་ཚོགས་ཟེར་བའི་གྲལ་གྱི་གཅིག་ཡིན་ནམ། རྒྱུ་མཚན་གང་འདྲ་ཞིག་ལ་བརྟེན་ནས་འདི་འདྲིའི་ཁྱད་མཚར་གྱི་ལས་འགུལ་དག་འབྱུང་བཞིན་པ་རེད། དོན་དངོས་ཐོག་གོམ་བགྲོད་བྱེད་འདོད་ཡོད་ན་གླེང་ཚ་མ་བུ་གསུམ་དང་ལྷན་དུ་སོང་ཡོད་ན་གཟི་བརྗིད་རེད།

  27. ནག་ཐར་སྐྱིད། says:
    2012-03-20 at 5:13 am

    ཁ་བརྡ་རྩོམ་སྒྲིག་པ་ལགས། ཕྲན་གྱི་མཆན་འདི་ནག་བསུབ་གཏོང་དགོས་དོན་ཞིག་འདུག་གམ། སྐད་ཆ་དྲང་མོ་བཤད་ན་དྲ་རྒྱུའིསྒྲིག་གཞི་དང་འགལ་སོང་བ་ཨེ་རེད།

  28. མེ་ཏོག་དཀར་པོ། says:
    2012-03-20 at 5:25 am

    མིག་མར་གྱིས་བོད་དོན་ཆེད་རྐང་པ་ཧྲིལ་པོ་མེ་ལ་བཏང་བ་རེད། དེ་ཡང་མདོར་ན་ལུས་རེད། ལུས་མེ་ལ་གཏོང་བ་ལ་མགོ་ལུས་མེད་པ་མ་ལ་གཏོང་དགོས་བཅའ་ཁྲིམས་ཤིག་གང་ན་ཡོད། མིག་བཀབ་ནས་འགྲོ་ནའང་འདྲ། གོམས་པ་སྤོ་ནས་འགྲོ་ནའང་འདྲ་བོད་ཆེད་འགྲོ་བ་རེད། རྐང་པ་མེ་ལ་སྒྲོན་པ་དང་མིག་བཀབ་འགྲོ་བ་ལ་ཟུར་ཟ་དང་ཁྱད་སོད་བྱས་འདུག་སྟེ། ལས་འགུལ་སྤེལ་མཁན་ཁོང་རང་ཡིན་པ་ལ་ལས་འགུལ་ཇི་ལྟར་སྤེལ་དགོས་ཚུལ་ཁྱེད་འདྲི་དགོས་རེད་དམ། འདིར། ལྷ་བྱ་མོན་ལ་འགྲོ་བ་ལ། ཕག་པ་ལ་བྱུས་གཏོགས། ཞེས་དང་བོང་བུ་སློང་བས་ཡག་བྱུང་ཟེར་རྒྱུ་མེད་པར། ཞུ་གུ་བཀོག་པའི་ཡ་ལ། ཟེར་བའི་དཔེ་ཡང་དྲན་བྱུང་།

  29. འབྲི་ཕྲུག་རོག་ཆུང་། says:
    2012-03-20 at 5:52 am

    མགོ་བདེ་དྲན་ཕྲུལ་རྒོད་པ་དབུས་གཙང་དང་།།
    ལྗིད་མཉམ་འུར་ཤོབ་ལྡན་པ་མདོ་ཁམས་པ།།
    གཡོ་སྒྱུ་སྤྲེལ་ལད་ཆེ་བ་ཨ་མདོ་བཅས།།
    ཆོལ་གསུམ་བོད་མའི་གཤིས་ཀ་འདི་ལྟར་ལགས།།

  30. རྡོ་རིགས་པའི་མདའ་མོ། says:
    2012-03-20 at 6:10 am

    སྲས་མོས་ཅི་ཞིག་གསུངས་ཀྱིན་ཡོད་པ་རིགས་མདའ་ངས་གོ་ཐུབ་ཀྱི་མི་འདུག མིག་དམར་ལགས་ཀྱིས་སྤེལ་བའི་ལས་འགུལ་དེ་གོམ་བགྲོད་མ་རེད། རྒྱ་གར་གྱི་བོད་སྡོད་ས་གནས་ཁག་དང་རྒྱ་གར་བ་རྣམས་ལ་བོད་དོན་རྒྱབ་སྐྱོར་ཆེད་མཚན་རྟགས་བསྡུ་རུབ་བྱེད་ཀྱི་ཡོད་པ་རེད། ཚོགས་སྡེ་ཁག་དང་ས་གནས། གསར་འགོད་པ་རྣམས་ཀྱི་མིག་ནང་དུ་ལྷུང་མ་ཐུབ་པ་ནི། ང་ཚོ་ཚང་མའི་ཐོག་ལ་ཡོད་པའི་སྐྱོན་ཆ་ཞིག་རེད་འདོད་ཀྱིན་ཡོད། ཁ་པར་ལས་གོ་ཐོས་ལྟར་ན་ཁོང་རྡེ་ར་ལྡུན་ས་གནས་སུ་མཚན་རྟགས་བསྡུ་རུབ་བྱེད་ཀྱིན་འདུག

  31. མེ་ཏོག་དཀར་པོ། says:
    2012-03-20 at 6:19 am

    རྡོ་རིགས་པའི་མདའ་མོས་གནས་ཚུལ་སྤེལ་བ་ལེགས།

  32. ལྷོ་པ་ལུང་རིགས། says:
    2012-03-20 at 6:47 am

    ད་ཡིན་ན། གསུམ་བཅུའི་དུས་དྲན་ཉིན་གྱི་གསར་འགྱུར་དེ་ཚོ་ནོར་བ་ཡིན་པ་རེད། ༼མིག་སྒྲིབ་རྒྱལ་དཀྲོགས༽༼རྒྱ་གར་རྒྱལ་ཡོངས་ནང་གོམ་བགྲོད༽

    བོད་དོན་ཆེད་སྐོར་བསྐྱོད་གནང་གི་ཡོད་པ་རེད། དེ་ལ་ཚོགས་པ་སྐྱིད་སྡུག་ཚོས་འཚམས་གཟིགས་ཤིག་གནང་མི་རུང་བ་གང་ཡང་མ་རེད།

  33. རྒྱ་གྲོལ་གངས་རི་ says:
    2012-03-20 at 6:50 am

    མེ་ཏོག་དཀར་པོ་ལགས། ཁྱེད་ཀྱི་གསུངས་སྟངས་དེ་ངོ་མ་ཐལ་དྲགས་འདུག གསར་རྙིང་དང་། ཆོལ་ཁ་གང་ཡིན་དང་། བོད་ཡིག་ཤེས་མིན་སོགས་སྐབས་སུ་བབས་པའི་གླེང་བྱའི་གནད་དོན་གང་ཡང་མིན། རྒྱལ་གཅེས་དཔའ་བོ་མིག་དམར་ལགས་ཀྱི་ཆོད་སེམས་དང་དམིགས་ཡུལ་ལ་ང་ཚོ་གངས་ཅན་པས་བསྔགས་བརྗོད་འོས་བ་ལས་ཁྱེད་ཀྱི་ལྟ་ཚུལ་བཞིན་འགྲོ་མི་སྲིད། རྒྱལ་གཅེས་དཔའ་བོ་མིག་དམར་ལགས། མི་ངན་སྐོར་ཞིག་གིས་གངས་ཅན་པའི་སེམས་ཁོངས་ན་མེད་པ་ཞིག་བཤད་སྲིད་ཀྱང་དོན་ངོ་མ་དེ་འདྲ་ཞིག་གཏན་ནས་མིན། རྒྱལ་གཅེས་དཔའ་བོ་མིག་དམར་ལགས། ཁྱེད་ང་ཚོས་ནམ་ཡང་བརྗེད་མི་སྲིད་ལ་འབོར་ཡང་མི་ཐུབ། ཁྱེད་ནི་ང་ཚོའི་སེམས་ཁོངས་ན་ཉི་མ་བཞིན་ཤར་ཡོད་ལ་ལོ་རྒྱུས་ཀྱི་བང་ཁ་ན་ཟླ་བ་བཞིན་བཞད་ཡོད།

  34. གསེར་འབྲུག་སྡེར་ལྔ་ says:
    2012-03-20 at 7:13 am

    རྒྱལ་གཅེས་པ་ཁོང་གི་མཛད་རྗེས་ལ་བསྔགས་བརྗོད་དང་འབྲེལ་རྒྱུད་ལམ་ཁག་དང་མི་དམངས་ཀྱི་དོ་སྣང་མ་བྱས་པ་ཡིན་རྒྱུ་མ་རེད་འདོད། གླིང་ཚང་མ་བུ་གསུམ་ལ་དོ་སྣང་ཆེ་ཙམ་གནང་དགོས་དོན་དེ་གོམ་བགྲོད་པ་ས་འཚམས་བརྒལ་ནས་སྟག་ཚང་དང་གཟིག་ཚང་ནང་བསྐྱོད་དགོས་དུས་ཚང་མས་ཐུགས་འཚབ་གནང་དང་གནང་། སྤྱིར་སྟངས་གོམ་བགྲོད་པ་གཉིས་ཀ་ལུས་ཀྱི་དཀའ་སྡུག་འདྲ་འདྲ་སྣང་ཡང་འཇིགས་སྣང་དང་དངངས་སྐྲག་ཐད་གླིང་ཚང་མ་བུ་གསུམ་དང་ཕལ་ཆེར་འདྲ་གི་མ་རེད་སྙམ། བྱས་ཙང་གསར་འགོད་པ་དང་རྒྱུད་ལམ་ག་རེ་ཡིན་ཡང་འཇིག་སྣང་ཚ་པོ་དང་དངངས་སྐྲག་ཚ་པོ་དེ་ཚོ་དཔར་རྒྱག་རྒྱུ་དང་གསར་འགྱུར་འགོད་རྒྱུ་དེ་གསར་འགོད་རིག་པའི་གཤིས་ལུགས་འདྲ་ཞིག་རེད། ཞེ་དྲག་ཁོང་ཚོའི་གནང་སྟངས་ལ་རྩིག་འཛིན་དང་མི་ཐད་གནང་རྒྱུ་མེད་པ་རེད། གང་ལྟར་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་ལས་འགུལ་སྤེལ་མཁན་དང་གོམ་བགྲོད་གནང་མཁན་ཚང་མར་བསྔགས་བརྗོད་དང་བཀའ་དྲིན་དྲན་དགོས་པ་མ་ཟད་རོགས་འདེགས་དང་མཐུན་རྐྱེན་སྦྱོར་དགོས་པ་དེ་ཁ་ཚ་དགོས་གཏུག་གི་ལས་འགན་གཙོ་བོ་དེ་རེད།

  35. མེ་ཏོག་དཀར་པོ། says:
    2012-03-20 at 7:32 am

    ངས་གོ་རྒྱུ་ཡོད་པ་ཞིག་བྲིས་ཡོད། བསམ་བློ་བཏང་ནས་བྲིས་པ་ཡིན། རྩམ་པ་ཡོད་ནས་བཟས་པ་ཡིན།

  36. བསྟན་འཛིན་པདྨ། says:
    2012-03-20 at 7:37 am

    ཁོང་ལྡི་ལཱི་ནས་ཡིན་ཙང་ལྡི་ལཱི་ས་གནས་གཞོན་ནུ་ལྷན་ཚོགས་སམ་གཞུང་འབྲེལ་མིན་པའི་ཚོགས་པ་གང་རུང་ལ་ཁོང་གི་ཁ་པར་ཨང་གྲངས་ཡོད་སྲིད་པ་རེད། རྡ་སར་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ནས་མཉམ་རུབ་ངང་ཁོང་གང་དུ་འབྱོར་ཡོད་མེད་གཟིགས་ཞིབ་གནང་གལ་ཆེ།

  37. རིན་ ཆེན བཀྲ་ཤིས་ says:
    2012-03-20 at 8:32 am

    ཨ་ཨ་མེ་ཏོག་དཀར་བོ་ཟེར་བའི་དྲ་འབུ་འདི་ཡང་ཀླད་པ་ལྗང་ཁུག་རེད་འདུག ད་དུང་སེམས་ནང་ལ་གནག་སེམས་ཤིག་གིས་བསྡམ་འདུག རྒྱལ་གཅེས་པ་ཁོ་རང་ལ་བོད་མི་ཡོད་དོ་ཅོག་གི་ནམ་ཡང་བརྗེད་ཀི་མ་རེད

  38. མེ་ཏོག་དཀར་པོ། says:
    2012-03-20 at 8:41 am

    དྲྭ་འབུ་ཡིན་ཡང་ཉེས་པ་མེད།།
    ཀླད་པ་ལྗང་ནའང་ག་ལ་སྐྱོན། །
    བསམ་པ་གནག་དང་མི་གནག་ནི། །
    རང་བློར་གསལ་བས་ཞེ་རེ་བདེ། །

  39. ལོག་སྨྲ་ཚར་གཅོད says:
    2012-03-20 at 8:58 am

    ཟིན་བྲིས་པ་ཡོངས་ལ་ཞུ་རྒྱུ། ཁྱེད་རྣམ་པ་སྡུག་བསྔལ་མ་བྱེད་དང་མིག་དམར་ལགས་ཁོང་རྒྱ་གར་ནང་གོམ་བགྲོད་བྱེད་རྒྱུ་ཡིན་ཞེས་བརྗོད་པ་ཙམ་ལས་དོན་དུ་བོད་ནང་ལ་ངོ་མ་ངོ་རྒོལ་ཆེད་འགྲོ་མཁན་ཡིན་གྱི་རེད། སོང་ཙང་ཁོང་གང་དུ་སླེབས་ཡོད་མེད་དང་ག་དུས་བོད་ནང་འབྱོར་མིན་སོགས་ནི་གསང་བ་ཡིན་གྱི་རེད།

  40. སྐྱབས་བཅོལ་བ་ says:
    2012-03-20 at 9:20 am

    རྒྱལ་གཅེས་དཔའ་བོ་མིག་དམར་ལགས་ཀྱི་ཁོང་གི་ངོ་དེབ་ཐོག་ཏུ་འདི་འདྲའི་འཕྲིན་ཐུང་ཞིག་བཞག་འདུག་ན། དྲ་གྲོགས་རྣམ་པའི་གཟིགས་རོགས་ཞུ།

    Don’t worry i am in Dekeying right now. i just try my best to do something for Human Rights in China & Tibet. i am sorry to not info u all about were i am going. because internet network is not good. so that why really hart to info to press, friend & family. but i always try my best to update in this page. so please dear m friends join this page and share this page.

    https://www.facebook.com/pages/Youth-Volunteer-For-Free-Tibet/133927789997913

  41. ལྷོ་མཐའི་ཕོ་ཉ says:
    2012-03-20 at 10:51 am

    མི་ཏོག་དཀར་བོས་བཤད་སྟངས་དེ་ངོ་མ་ཧང་སང་དགོས་པ་ཞིག་རེད། རྒྱལ་གཅེས་པ་ལ་འདི་འདྲ་འཁོན་འཛིན་བྱེད་དགོས་པ་གང་ཡིན་ནམ། བོད་ཡིག་ཤེས་མིན་དང། ཆོལ་ཁ་གང་ཡིན་སོགས་ལ་དགོས་མིན་འཆལ་གཏམ་སྤེལ་བར་ང་ཚོའི་བོད་མི་སེམས་ཤེས་ཤིག་ཡིན་ཕྱིན་ངོ་མ་སྙིང་ནས་མི་བཟོད་པ་ཞིག་རེད།
    རྒྱལ་གཅེས་དཔའ་བོ་མིག་དམར་ལགས། ཁྱེད་ཉིད་ད་སྐབས་བདེ་སྐྱིད་གླིང་དུ་ཡོད་པ་ཐོས་ཕྲལ་དགའ་བོ་བྱུང་ལ་ཁྱེད་ཉིད་ཀྱི་ལས་འགུལ་ལམ་ལྷོང་ཡོང་བ་དང། ཁྱེད་ཉིད་ཀྱིས་སྐུ་ངལ་འཛེམས་མེད་ཐོག་སྐྱོད་བཞིན་པར་ང་ཚོ་བོད་མི་ཡོད་དོ་ཅོག་གིས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་ཡིན།

  42. ལྷོ་མཐའི་ཕོ་ཉ says:
    2012-03-20 at 10:52 am

    མི་ཏོག་དཀར་བོ་ཞེས་པ་མེ་ཏོག་དཀར་བོ་ཞེས་བཅོས་གནང་ཡོང་བ་ཞུ།

  43. གཉོམ་ཆུང་། says:
    2012-03-20 at 11:13 am

    རྒྱལ་གཅེས་དཔའ་པོ་མིག་དམར་ལགས་ཁྱེད་གང་དུ་ཕེབས་ཀྱིན་ཡོད་ལགས། ཁྱེད་བོད་མི་རིགས་ལ་མེད་དུ་མིརུང་བའི་ཡལ་ག་གལ་ཆེན་ཡིན།
    ང་དང་ང་འདྲའི་དྲ་གྲོགས་་་་སྐབས་འདིར་ང་ཚོ་ཆོལ་ཁ་དང་ཆོས་ལུགས་བཤད་ཚད་མ་རེད་་་་་ཅི་འདྲའི་བསམ་མེད་རེད།

  44. ནུབ་ཕྱོགས་གངས་ཕྲུག་ says:
    2012-03-20 at 2:41 pm

    མེ་ཏོག་དཀར་པོའི་ཞབས་འདྲེན་ཞུས་སོང། ཆོལ་ཁའི་ཕྱོགས་རིིས་མཐེན་འཁྱེར་བྱེད་མཁན་དང་། ཆོས་ལུགས་ཕྱོགས་རིས་བྱེད་མཁན་དེ་ཚོར་ངེས་པར་དུ་གཟབ་དགོས།

  45. ཟངས་རྡོ says:
    2012-03-20 at 11:16 pm

    ཁྱེད་ཚོས་གཞུང་ཚིག་ལ་བསམ་བློ་རྗེས་རེས་དང་དེའི་ཁ་ཕྱོགས་མི་བཤད་པར་དོན་མེད་ཀྱི་སྐད་ཆ་མ་གསུང་དང་།
    ཆོལ་ཁའི་ན་ཚ་དེ་རེ་ཞིག་ཕར་ཞོག་ནང་དཀྲུགས་བྱེད་མཁན་ཁྱེད་ཚོ་ཆོལ་ཁ་ཕྱོགས་རིས་ནམ་ཡང་མི་བྱེད་རོགས་ཞུ།
    སེམས་གདོན་གྱི་ཟིན་པ་མིན་ན་བསམ་བློ་ཐོངས་སྐབས་འདི་འདྲ་ཞིག་ལ་དོན་མེད་ཀྱི་རྙོག་གཏམ་བཤད་ཚོད་རེད་དམ།

  46. རྩམ་དགའ། says:
    2012-03-21 at 1:06 am

    སེམས་ལ་དྲན་ཚོད་ཟིན་ན་མཁས་པ་ཡིན། །
    ཁ་ལ་འགུལ་ཚོད་ཐུབ་ན་ཡ་རབས་ཡིན། །
    ལག་ལ་ཐོབ་ཚད་བྲིས་ན་བླུན་པོ་ཡིན། །
    རང་ཉིད་རང་གི་མགོན་དུ་མཐོང་བར་ཤོག །

  47. བཙན་བྱོལ་བ། says:
    2012-03-21 at 2:17 am

    མེ་ཏོག་དཀར་པོས། དེ་ལས་གོམས་བགྲོད་པ་གཞན་ཚོ་གང་དུ་སླེབས་གཟིགས་རོགས། ཟེར་ནས་བྲིས་པ་ལ་བལྟས་ན་ཁོང་ནི་ཨ་མདོ་བ་གསར་འབྱོར་བ་ཞིག་ཡིན་པ་སྨོས་མེད་རེད། ཤེས་ལྡན་རྣམས་ཀྱིས་ཁོང་ལ་ཏོག་ཙམ་བསླབ་བྱ་རྒྱབ་རོགས།

  48. རྒྱ་གྲོལ་གངས་རི says:
    2012-03-21 at 7:49 am

    བཙན་བྱོལ་བ་ལགས། བོད་ཡིག་མ་ཤེས་ན་གནད་འགག་འདུག་ཨ། གང་ཡིན་ཟེར་ན། མེ་ཏོག་དཀར་པོས། སུ་ལ་འཕེན་གྱི་ཡོད་མེད་ཤེས་ཀྱིན་མི་འདུག་གམ། ཧཧཧ མཆན་བཀོད་མཁན་རྣམས་ཀྱིས་ནམ་ཡིན་ཡང་ཆོལ་ཁའི་སྐད་ཆ་མ་གསུང་རོགས་གནང་།

  49. གཞོན་ནུ་ཟླ་མེད། says:
    2012-03-21 at 8:14 am

    ངས་བསམ་ན་རྩོམ་ཡིག་འདིའི་འོག་ཏུ་ངོ་རྒོལ་བྱེད་སྟངས་འདི་ལ་མང་པོ་ཞིག་ཡིད་ཚིམ་གི་མེད་པ་འདྲ་འདུག་ལ། མང་པོ་ཞིག་གི་བསམ་ཚུལ་བྱས་ན་རང་སྲོག་རང་གིས་གཅོད་དགོས་འདུག རང་སྲོག་རང་གི་གཅོད་པའི་ངོ་རྒོལ་བྱེད་སྟངས་ཐད་ལ་ང་ལ་ངོ་རྒོལ་ཡོད། རྒྱུ་མཚན་གནས་སྐབས་མི་བཤད། མིག་དམར་ལགས་ཀྱིས་ངོ་རྒོལ་བྱེད་སྟངས་འདི་འདྲ། འདི་ལས་ཀྱང་ཅུང་ཟད་རང་ཉིད་ལ་མི་གནོད་པའི་རིགས་ཀྱི་ངོ་རྒོལ་བྱེད་སྟངས་རྣམ་གྲངས་འདྲ་མིན་སྤེལ་དགོས་པ་ལས། རང་སྲོག་རང་གིས་གཅོད་པ་དེ་འདྲ་མ་གནང་རོགས་ཟེར་ནས་ཞུ་བ་བྱེད་རྒྱུ་ཡིན། ང་ཚོ་འཚོ་བཞིན་དགྲ་བོར་ངོ་རྒོལ་བྱེད་དགོས་པ་ལས་ཤི་ནས་དགྲ་བོར་ངོ་རྒོལ་བྱེད་པ་ནི་དམིགས་ཡུལ་འགྲུབ་པའི་ཐབས་ལམ་མ་རེད། ཁ་ཕྱོགས་ནོར་བ་རེད།
    ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་བྱེད་མཁན་སྐོར་ཞིག་ལ། ཁྱོད་ཚོ་ནམ་ནམ་ཞར་ཞར་ལ། གནས་ཚུལ་གང་ཞིག་ཐོན་ན་ཡང་དེ་ནང་ཁུལ་ཕྱོགས་ཞེན་གྱི་སྐོར་ལ་བེད་སྤྱོད་གཏོང་གི་འདུག ཙན་ཏན་སོལ་བར་བསྒྱུར་ནས་འཚོང་པ་དང་གཅིག་པ་རེད། བོད་ཀྱི་རྩ་དོན་ཐད་ཀྱི་ལས་འགུལ་སྐོར་ཞིག་ལམ་ལྷུང་ཡོང་གི་མི་འཇུག་པའི་འགག་རྡོ་གཅིག་ཁྱོད་ཚོ་རེད། ཁྱོད་ཚོས་ཤེས་ནས་བསམ་བཞིན་དུ་དེ་ལྟར་བྱ་གི་མེད་པའི་ཡིད་ཆེས་ཡོད། འོན་ཀྱང་མ་ཤེས་པའི་དབང་གིས་དང་། ལས་འགུལ་དེ་ཆོལ་ཁ་གཞན་ཞིག་གིས་ཡིན་ན་ནུས་མེད་ཆུང་ཆུང་བཟོ་བ་ནས་རྩ་ནས་མེད་པར་བཟོ་རྩིས་བྱེད། རང་ཉིད་གར་གཏོགས་ཀྱི་ཆོལ་ཁའི་ངོས་ནས་ཡིན་ཚེ་ཆོལ་ཁ་གཞན་ལ་ངོམ་སོ་བྱེད་པའི་ཕྱོགས་ལ་བེད་སྤྱོད་གཏོང་གང་ཐུབ་བྱེད། བོད་ཀྱི་རྩ་དོན་ཐད་ལ་བེད་སྤྱོད་གཏོང་བའི་ཕྱོགས་ལ་མི་འབད་པ་འདི་ནི་ཤིན་ཏུ་ནས་ཅབ་ཆུང་རེད།

  50. གསང་མྱུལ་བ། says:
    2012-03-21 at 11:49 am

    ཆོལ་ཁ་མ་བཤད་

  51. དགའ་བའི་བུ་མོ། says:
    2012-03-21 at 1:25 pm

    ཁ་བརྡའི་ནང་གི་དྲ་འབུ་རྣམ་པ་ཚོ། སྟག་མཆོངས་སར་ཝ་མཆོངས་དགོས་མ་རེད། མེ་ཏོག་དཀར་པོ་ཁོ་རང་གིས་ག་རེ་བཤད་ཀྱང་བཤད་དུ་ཆུགས་དེ་ལ་དྲ་འབུ་ཚོས་ཡིན་ན་གཅིག་དང་མིན་ན་གཉིས་བྱས་ནས་དགག་པ་རྒྱག་དགོས་དོན་མེད། དེ་ལས་རང་ཉིད་ཀྱི་བསམ་བློའི་ཁ་ཕྱོགས་དེ་མ་ནོར་བར་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཐོག་བསྐྱོད་ཐུབ་ན་དེ་གཟི་བརྗིད་རེད་མ་གཏོགས་གཞོང་པ་སྟོང་པར་གཞོང་རྩོད་བརྒྱབས་ནས་སྙིང་པོ་གང་ཡང་མཐོང་གི་མི་འདུག དེ་ན་ཚང་མས་དཔའ་བོ་མིག་དམར་ལགས་ལ་རྗེས་སུ་ཡི་རང་དང་ཁོང་གི་ལས་འགུལ་དང་ཁོང་མགྱོགས་ནས་མྱུར་དུ་གསར་འགྱུར་གྱི་མེ་ལོང་ནང་འཆར་ཐུབ་རྒྱུར་ཐབས་ཤེས་བྱ་དགོས། ང་ཚོ་སུ་ཡིན་ཡང་བྱས་པ་ལ་བྱས་རྗེས་དགོས་རེད་ལ་དེ་ཚང་མས་ཤེས་པ་བྱ་རྒྱ་གལ་ཆེན་པོ་རེད་སྙམ་གིས།

  52. མཚོ་ནག says:
    2012-03-22 at 1:02 pm

    1980སྤྱི་ཟླ་ལྔ་པའི་ཟླ་འཇུག་ལ། ཏང་གི་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡོ་པང་གིས་བོད་ལ་བཅོས་བསྒྱུར་ལས་རིམ་དོན་ཚན་དྲུག་ཡོངས་བསྒྲགས་བྱས་ཤིང། དེ་ནི་གཙོ་བོའི་དོན་ཚན་ཁག་གི་ནང་གསལ་ཡོད་པ་སྟེ། ༼དོན་ཚན་དང་པོ༽ ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་མི་རིགས་ས་ཁོངས་རང་སྐྱོངས་དབང་ཆ་ཡོངས་སུ་ལག་བསྟར་བྱ་རྒྱུ། གཅིག་གྱུར་གྱི་འགོ་ཁྲིད་འོག་རང་བདག་དབང་ཆ་མེད་པ་བཟོ་མི་ཆོག། དབང་ཆ་འདི་ཉིད་ཆ་ཚང་གི་སྒོ་ནས་དང་གཞན་ལ་ལྟོས་མེད་གྱི་སྒོ་ནས་ལག་བསྟར་བྱ་རྒྱུའི་དགོས་གལ་ཆེན་པོ་ཡོད། བོད་ཀྱི་གནས་སྟངས་དང་མི་འཚམས་པའམ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་ཐོན་སྐྱེད་གོང་འཕེལ་ལ་ཕན་འབྲས་མེད་པའི་རིགས་གང་ཡིན་ཡང་ལག་བསྟར་མི་བྱེད་པའམ་བབ་བསྟུན་བསྒྱུར་བཅོས་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་རང་སྐྱོངས་ལྗོངས་ཀྱི་བདག་དབང་ཡོངས་སུ་སྤྱད་ནས་རང་ཉིད་སོ་སོའི་ཁྱད་ཆོས་ལ་གཞིགས་སྟེ་ཁྲིམས་དང་སྒྲིག། གཏན་འབེབས་བཟོས་ནས་མི་རིགས་རང་སྐྱོངས་གི་དབང་ཆ་དང་མི་རིགས་ཀྱི་ཐུན་མོངས་མ་ཡིན་པའི་དབང་ཆ་སྲུང་སྐྱོབས་བྱེད་དགོས། ༼དོན་ཚན་གཉིས་པ༽  བོད་མི་མངས་ཀྱི་འཚོ་བའི་ཆུ་ཚད་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོངས་ལྗོངས་གཞན་དག་དང་བསྡུར་ན་ཧེ་བག་ཆེན་པོ་ཤོར་ཡོད་པ་གཞིགས་ནས་ཤུགས་ཆེན་གྱིས་མི་མངས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས་པ་དངལོ་འགའ་ཤས་ནང་དཔྱ་ཁྲལ་བསྡུ་བ་དང་སྲིད་གཞུང་གི་ཉོ་སྒྲུབ་ལས་འགན་རྩ་ཆག་གཏོང་རྒྱུ་རྣམ་པ་ཅི་རུང་གི་བཙན་བསྡུའི་རིགས་ཚང་ངེས་པར་དུ་མེད་པ་བཟོ་དགོས། མི་མངས་ལ་གླ་ཆ་མ་སྤྲད་པར་ལས་ཀ་འཕར་མ་གང་ཡང་བསྐུལ་མི་ཆོག་ལ། ཞིང་པ་དང་འབྲོག་པའི་ཐོན་རྫས་རྣམས་གོང་ཚད་གྲོས་བསྡུར་གྱི་ཐོག་ནས་ཉོ་སྒྲུབ་བྱེད་པའམ། ཐུན་མོངས་གི་དགོས་མཁོ་མཁོ་སྤྲོད་ཀྱི་ཆེད་དུ་བརྗེ་ཚོང་བྱས་ཆོག་ཅིང། རྒྱལ་ཁབ་ཀྱི་ཉོ་བསྡུའི་རིགས་ཚང་མ་རྩ་ཆག་གཏོང་དགོས། ༼དོན་ཚན་གསུམ་པ༽ བོད་ཀྱི་དཔལ་འབྱོར་སྔར་བས་རྒྱུན་མཐུད་དུ་གོང་འཕེལ་གཏོང་རྒྱུའི་ལྟ་ཚུལ་རྩ་བར་བཟུང་སྟེ་ཞིང་ལས་དང། འབྲོག་ལས། དཔལ་འབྱོར་དང་ཚོང་ལས། ནོར་སྲིད། ལག་ཤེས། འཕྲིན་གཏོང་བཅས་ཚུད་པའི་དཔལ་འབྱོར་འཐབ་ཕྱོགས་མཐའ་དག་ཐད། བོད་ཀྱི་གནས་ཚུལ་མཐུན་པའི་དམིགས་བསལ་དང་སྟབས་བསྟུན་གྱི་སྲིད་བྱུས་ངེས་པར་དུ་ལག་བསྟར་བྱེད་དགོས།༼ དོན་ཚན་བཞི་པ་ཆད༽༼དོན་ཚན་ལྔ་པ ༽  སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པའི་ཆ་རྐྱེན་འོག། ངེས་པར་དུ་བོད་ཀྱི་རིགས་གཞུང་དང། སློབ་གསོ། ཚན་རིག་བྱ་བཞག་བཅས་པ་ཉམས་པ་སོར་ཆུད་དང། མི་ཉམས་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། བོད་མི་རིགས་ལ་ཡུན་རིང་གི་ལོ་རྒྱུས་དང། ཕུན་སུམ་ཚོགས་པའི་རིགས་གཞུང་ལྡན་ཡོད། ནང་ཆོས་གཙང་མ་དང། ཡིད་དབང་འཕྲོག་པའི་རོལ་མོ་དང་ཞབས་བྲོ། དེ་བཞིན་གསོ་རིག་དང་ལྷ་མོ་སོགས་ཀྱིས་གཙོ་བོ་བྱས་པའི་འཛམ་གླིང་དུ་སྐད་གྲགས་ཡོད་པའི་བོད་ཀྱི་གནའ་བོའི་རིག་གཞུང་ཐམས་ཅད་ལ་གཟབ་ནན་གྱིས་སློབ་སྦྱོང་དང་གོང་འཕེལ་གཏོང་རིན་ཆེན་པོ་ལྡན་ཡོད། བོད་ཀྱི་རིག་གཞུང་ལ་སྣང་ཆུང་དང་ཉམས་དམས་གཏོང་རྒྱུའི་བསམ་ཚུལ་ཅི་མཆིས་པ་ཚང་མ་ནོར་འཁྲུལ་རེད། བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་དར་སྤེམ་ཡག་པོ་གཏོང་དགོས། བོད་ནང་སློབ་གསོ་ཡར་རྒྱས་ཡག་པོ་བྱུང་མེད། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལ་བསམ་གཞིགས་ཀྱིས་སློབ་གྲྭ་ཆེ་མོ་དང། སློབ་གྲྭ་འབྲིང་བ། སློབ་གྲྭ་ཆུང་བ་བཅས་གཉེར་རྒྱུར་འབད་འབུངས་བྱེད་དགོས། དགོན་སྡེའི་ནང་གི་རིག་དངོས་དང་གསུང་རབ་ལ་གཏོར་སྐྱོན་བྱུང་ཡོད་པས། དེ་དག་ལ་ཏན་ཏན་གྱིས་སྲུང་སྐྱོབས་དང། ལེགས་སྒྲིག། ཞིབ་འཇུག་བྱེད་དགོས། བོད་དུ་ལས་དོན་བྱེད་མཁན་རྒྱ་རིགས་ལས་བྱེད་པ་ཚོས་ངེས་པར་བོད་སྐད་དང་བོད་ཡིག་སློབ་སྦྱོང་བྱེད་དགོས། དེ་ངེས་མཁོའི་སློབ་ཚན་ཞིག་ཡིན་དགོས། དེ་མིན་ཁོང་ཚོ་མངས་ཚོགས་དང་ཁ་བྲལ་རྒྱུ་རེད། གྲངས་ཉུང་མི་རིགས་ལ་དགའ་ཞེན་བྱེད་པ་ཞེས་པ་དེ་སྐད་ཆ་སྟོང་པ་ཞིག་མིན་པས། བོད་རིགས་མི་མངས་ཀྱི་གོམས་གཤིས་དང། ལུགས་སྲོལ། ལོ་རྒྱུས་རིགས་གཞུང་བཅས་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས། ༼དོན་ཚན་དྲུག་པ༽ གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་འཛིན་པའི་ཏང་གི་སྲིད་བྱུས་ངེས་པར་དུ་ལག་བསྟར་ཡང་དག་པར་བྱས་ནས། བོད་རྒྱ་ལས་བྱེད་ཀྱི་མཐུན་སྒྲིལ་སྔར་བས་དམ་ཟབ་ཡོང་བར་ཤུགས་སྣོན་རྒྱག་དགོས། དྲ་གྲོགས་ཡོངས་ལ་རེ་བསྐུལ་ཞུ་རྒྱུར། དོན་ཚན་བཞི་པ་དེ་འདིའི་ནང་དམིགས་བསལ་འཁོད་མི་འདུག་བས་དགོས་མེད་ཞིག་ཡིན་ནམ་ཡང་ན་བརྩོམ་པ་པོས་འགོད་རྒྱུ་བརྗེད་པ་ཡིན་ན་གང་ལྟར་འགོད་མི་འདུག་བས་ཞིབ་འཇུག་ཡོད་པར་ཞུ། 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme