Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གོང་མ་མཆོད་ཡོན་གྱི་གྲིབ་མ་རིང་པོ།

Posted on 2008-06-29 By དགེ་རབ་ 3 Comments on གོང་མ་མཆོད་ཡོན་གྱི་གྲིབ་མ་རིང་པོ།

སྤོབས་པ་མཐའ་ཡས།

ཉེ་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་པར་གཞུང་གི་ཆོག་མཆན་དགོས་པའི་ཁྲིམས་སྲོལ་ཞིག་བཟོས་ཡོད་ཚུལ་ཐོས། སྤྱིར་རང་རེ་བོད་ཀྱི་ཡང་སྲིད་ངོས་འཛིན་ལམ་སྲོལ་དེ་ནང་པའི་ཆོས་ལུགས་དང་མཐུན་མིན་གང་ལྟར་ཡང་སྐྱེ་བ་སྔ་ཕྱིའི་གནད་དོན་ལ་ཐུག་པའི་ཆོས་ཕྱོགས་ཀྱི་བསམ་བློ་དང་འབྲེལ་བ་ཞིག་ཡིན་སྟབས་ཆོས་མེད་སྨྲ་བ་གུང་ཁྲན་དམར་པོའི་གཞུང་ཞིག་གི་ཆོག་མཆན་དགོས་པར་སྨྲ་བ་བོད་མིའི་བསམ་འདུན་ལ་རྡོག་རོལ་ཀྱི་བཙན་གཏམ་ཞིག་ཡིན་མོད། སྤྱིར་བཏང་རང་རེའི་ལོ་རྒྱུས་སྟེང་དུ་ཆོས་ཁར་ཁྱེར་ནས་འཇིག་རྟེན་ཆོས་བརྒྱད་ཁོ་ན་ལ་བརྩོན་པའི་བོད་ཀྱི་བླ་ཆེན་དུ་གྲགས་པའི་མི་དྲགས་འགས་རྒྱ་སོག་གི་སྡིག་རྒྱལ་ཚོ་སྐྱག་ལངས་ལ་བཏང་བའི་ནད་རྒྱུན་ཞིག་ཀྱང་ཡིན། དཔེར་ན། ཧོ་ཐོག་ཐུ་དང་ཐུའུ་བཀན་ལྟ་བུ་རྒྱ་སོག་གི་སྡིག་རྒྱལ་ཚོས་ཆབ་སྲིད་ཀྱི་རྒྱུག་ཁྱིར་བཀོལ་བའི་ཆོ་ལོ་དང་འཇའ་ས་སོགས་མིང་གི་གཟེངས་བསྟོད་སྣ་ཚོགས་ཤིག་ཡོད་པ་དག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་མཁན་གྱི་བླ་ཆེན་ཞིག་གི་ལོ་རྒྱུས་ལ་མཚོན་ན་ངོ་གནོང་འོས་པ་ཞིག་ལས་ངོམ་ཆོག་པ་ཞིག་གང་ཡང་མིན། ལྷག་པར་ཡང་ནང་པའི་ཆོས་ལུགས་ལྟར་ན་བླ་མར་འོས་པའི་གོ་གནས་དེ་བསླབ་པ་གསུམ་གྱི་ཡོན་ཏན་ལ་བརྟེན་ནས་བྱུང་བ་ཞིག་ལས་སྡིག་སྤྱོད་རྒྱལ་པོའི་ལག་ནས་ལེན་དགོས་པ་ཞིག་མ་ཡིན་ཞིང༌། རྒྱ་སོག་དང་མཆོད་ཡོན་སྦྲེལ་ཚུན་གྱི་བོད་ཀྱི་ལོ་རྒྱུས་སྟེང་གི་ཆོས་དང་ཆབ་སྲིད་གཉིས་ཆར་ལ་འཐུས་ཤོར་དང་ནོར་འཁྲུལ་ཆེ་ཤོས་ཤིག་བྱུང་ཡོད་པ་ཡང་དེ་ལས་མ་འདས་ཏེ། ཆོས་སྲིད་ཟུང་དུ་སྦྲེལ་བའི་དབང་བསྒྱུར་འཐབ་བྱུས་ལ་དཔལ་འབྱོར་དང༌། ཆབ་སྲིད། དམག་གི་རྒྱབ་སྐྱོར་བཅས་ལ་རྒྱ་སོག་མཐའ་དམག་གྲོགས་སུ་སྦྲན་ཏེ་ནང་ཁུལ་གྱི་སྤུན་ཟླ་མི་དམངས་དང༌། དགོན་སྡེ་ཁག ཆོས་རྒྱུད་ཁག་གི་བར་ལ་སྦྱིན་བདག་གི་རྒྱབ་སྐྱོར་ངོམ་རེས་དང་ཆོས་ཁར་ཁྱེར་བའི་ང་ཆེ་ང་བཙན་གྱི་ཆེ་བ་ངོམ་རེས་བྱས་ནས་ཁ་བ་རི་པའི་ཕ་ཆུས་ཆུད་ཟོས་སུ་བཏང་ཞིང༌། ད་ལྟ་ཡང་རང་རེའི་བླ་ཆེན་དུ་སྒྲོ་བཏགས་པའི་མི་དྲགས་འགས་རྒྱ་སོག་གི་རྒྱུག་ཁྱིའི་ཆོ་ལོ་དང་མིང་གནས་དེ་དག་རྒྱན་བཞིན་ངོམ་ནས་ཆོས་ཀྱི་དབུ་ཁྲིད་མཁན་དུ་རློམ་པ་ཡ་ཆ།
རྒྱ་སོག་གི་གོང་མ་དེ་ཚོའི་ཧམ་སེམས་ལ་འགྲན་ཟླ་མེད་སྟབས་ཁོང་ཚོའི་རྒྱུག་ཁྱི་བྱེད་མཁན་ལ་ཆོ་ལོ་དང་གོ་གནས་སྤྲོད་སྟངས་དེ་ཡང་ཚད་ལས་བརྒལ་བ་ཞིག་ཡིན། ནུབ་ཕྱོགས་ཀྱི་སངས་རྒྱས་ཞེས་པ་ལྟ་བུའི་གོ་གནས་སྤྲོད་མྱོང་ཡོད་ཅིང་སྤྲོད་ཡུལ་བླ་ཆེན་ཚོས་ཀྱང་དེ་ཉིད་གོ་གནས་བླ་མེད་ཅིག་ཏུ་བརྩིས་ནས་ཐམ་ཀ་ཡན་ཆད་ཀྱི་སྟེང་ལ་བཀོད་ནས་ང་ཆེ་ང་བཙན་གྱི་དོན་དུ་བེད་སྤྱོད་བྱེད་ཁུལ་བྱེད། ཁོ་ཚོ་གནམ་བསྐོས་གོང་མ་ཡིན་སྟབས་གནམ་འོག་ན་ཡོད་དོ་ཅོག་ཁོ་ལ་དབང་ཞིང་སངས་རྒྱས་ཞེས་པ་དེ་ཡང་ཁོའི་འོག་ཏུ་མེད་པ་ཞིག་མི་སྲིད་སྙམ་བཞིན་ཡོད་ངེས། སངས་རྒྱས་ཡིན་མིན་དེ་ཡང་རྒྱ་སོག་གི་སྡིག་རྒྱལ་ཚོའི་དབང་འོག་ནས་ཐག་གཅོད་དགོས་པའི་ཁྲིམས་སྲོལ་བཟོ་མགོ་བཙུགས་པ་ཡིན་སྟབས་ལེགས་པར་བསམ་ན་ནང་པ་སངས་རྒྱས་པ་ལ་དེ་ལས་ལྷག་པའི་བརྙས་བཅོས་བྱེད་སྲོལ་ཞིག་ག་ལ་ཡོད།
དེ་བཞིན་གསེར་བུམ་དཀྲུགས་ནས་ཡང་སྲིད་ངོས་འཛིན་བྱེད་སྲོལ་ཡང་དེ་ལས་མ་འདས་ཏེ། རང་རེ་བོད་པས་སངས་རྒྱས་སུ་ལྟ་བཞིན་པའི་བླ་མའི་ཡང་སྲིད་དེ་ཡང་དོན་དུ་སྟབས་སྟེས་དབང་ངམ་ཆབ་སྲིད་ཀྱི་དགོས་མཁོར་དམིགས་པ་ཞིག་ཡིན་སྟབས་རྒྱན་ཤོག་དཀྲུགས་ནས་སུ་ལ་ཐོབ་ན་དེས་ཆོག་པ་ལས་གཞན་རྒྱུ་མཚན་གང་ཡང་མེད་པའི་དོན་ཡིན་ཡང༌། བོད་པ་ཀླད་མེད་ཚོས་དེ་ཡང་སྐྱེ་བ་སྔ་ཕྱི་ཐག་གཅོད་པའི་ཁྲིམས་ལུང་ཞིག་ཏུ་བཀུར་བ་ནི་རང་རེའི་མི་རིགས་འདིའི་ཅི་འདྲའི་ལྐུག་པ་ཀླད་མེད་ཀྱི་བྱ་སྤྱོད་ཅིག་རེད་ཨང༌།
ལྕང་སྐྱ་རོལ་རྡོར་གྱི་རྣམ་ཐར་དུ་མན་ཇུས་རྒྱལ་རོང་ལ་བཙན་འཛུལ་བྱེད་སྐབས་ལྕང་སྐྱས་མཐུ་གཏད་བྱས་ནས་རྒྱལ་རོང་ལེན་ཐུབ་མདོག་གི་གནས་ཚུལ་ཁོ་རང་གི་རྣམ་ཐར་དུ་བཀོད་ཡོད་པ་ལྟ་བུ་ཡང་ཁོང་རང་འཚོ་སྡོད་ཀྱི་སྐབས་སུ་ངོམ་སོ་བྱེད་ཆོག་པ་ཞིག་ཡིན་བསམ་ཡང༌། ད་ལྟ་བསམ་ན་དགྲ་མན་ཇུ་ལ་རོགས་སྐྱོར་བྱས་ནས་ནང་པ་སངས་རྒྱས་པའི་ཆོས་བེད་སྤྱོད་ལོག་པར་བཏང་ཞིང་རང་སྡེ་རྒྱལ་རོང་ལྟ་བུ་རྒྱ་བོད་མཚམས་ཀྱི་ལྕགས་རི་དེ་གཏོར་བརླགས་གཏོང་རོགས་བྱེད་པ་ནི་བླ་མ་ཆོས་པ་ཞིག་ཕར་ཞོག་མི་ཕལ་བ་ཞིག་གི་བྱ་སྤྱོད་ཡིན་ཡང་ཕྱི་དགྲ་ནང་ཁྲིད། དགྲ་དགའ་གཉེན་སྡུག ཕྱི་འཇམ་ནང་རྩུབ་བཅས་ཀྱི་བྱ་བཞག་ཅིག་ཡིན་སྟབས་སྨད་པའི་མཛུབ་ཆུང་བསྟན་ནས་དམོད་པའི་ཐུ་ལུད་འདེབས་པའི་འོས་སུ་གྱུར་པ་ཞིག་ཡིན། དེ་དང་དེ་ལྟ་བུར་རྒྱ་སོག་གི་རྒྱལ་པོའི་མཆོད་གནས་སམ་རྒྱུགས་ཁྱི་བྱེད་མཁན་ཕལ་མོ་ཆེའི་བྱ་སྤྱོད་ཀྱང་དེ་དང་དེ་ལྟ་བུ་མང་ངོ༌། །
སྤྱིར་འདུལ་བ་ལུང་དང་རྒྱུད་སྡེ་རིན་པོ་ཆེར་ཆོས་ཀྱི་དབུ་ཁྲིད་མཁན་ནམ་དགེ་རྒན་གྱི་མཚན་ལ་མཁན་པོ་དང༌། བླ་མ། སློབ་དཔོན། ཡོངས་འཛིན་སོགས་སུ་འབོད་པ་ལས་དམག་དཔོན་དང༌། བློན་པོ། གོང་མའི་ལས་རོགས། ས་བདག་སོགས་སུ་འབོད་སྲོལ་མེད་ཅིང༌། དཔེར་ན་སངས་རྒྱས་རང་ཉིད་ཀྱང་རྒྱལ་པོ་གཟུགས་ཅན་སྙིང་པོ་ཕ་བུ་སོགས་རྒྱལ་པོ་མང་པོས་བླ་མར་བཀུར་ཡང་དེ་དག་གི་ལག་ནས་གོ་གནས་བླངས་པ་མེད་ཅིང༌། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༌། སློབ་དཔོན་ཀླུ་སྒྲུབ་དང་དབྱིག་གཉེན་ཞབས་སོགས་ཀྱང་རྒྱལ་པོ་ཆེན་པོ་དག་གིས་དབུ་བླར་བཀུར་ཡང་དེ་དག་གི་ལས་རོགས་དང་བློན་པོའི་གོ་གནས་བླངས་པ་མེད་ཚུལ་ལ་བསམ་ཡང་རང་རེའི་གོང་མའི་དབུ་བླར་བསྔགས་པའི་མི་ཆེན་ཚོའི་བྱ་སྤྱོད་དེ་ཆོས་ཀྱི་སྲོལ་དང་མི་མཐུན་པ་གསལ་བོ་ཡིན།
མཐའ་དོན། ཤེས་དགོས་པ་ཞིག་ལ་བླ་མའི་གོ་གནས་རྒྱལ་པོས་སྤྲོད་ཁུལ་བྱེད་པ་དང༌། གསེར་བུམ་དཀྲུགས་ནས་ཡང་སྲིད་ངོས་འཛིན་བྱེད་པ། ཡང་སྲིད་ངོས་འཛིན་བྱེད་པ་ལ་ཆོས་མེད་སྨྲ་བའི་གཞུང་གི་ཆོག་མཆན་དགོས་པར་སྨྲ་བ་སོགས་ཆོས་ཀྱི་སྲོལ་ལུགས་ལ་ཆབ་སྲིད་པའི་གྲིབ་མས་ནག་པོར་བྱས་པའི་ཆ་མི་ཉུང་བ་ཞིག་ཡོད་ངེས་པས་དགག་བཞག་དང་བླངས་དོར་གྱི་གནས་ལ་འཇུག་པ་གལ་ཆེའོ། །

རྩོམ་རིག

Post navigation

Previous Post: བོད་དུ་དར་བའི་ཐོག་མ་དང་ཐ་མའི་ཆོས་རྒྱུད།
Next Post: པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་སྐོར།

Comments (3) on “གོང་མ་མཆོད་ཡོན་གྱི་གྲིབ་མ་རིང་པོ།”

  1. ཁ་ ཚོགས། says:
    2008-06-30 at 8:06 pm

    ངས་ཁ་གདང་མིག་ཅེར་ནས་ཨ་ལ་ལ་འདི་འདྲའི་སྤོབ་པ་ལ་ཟེར་གྱིན་ཡོད།

  2. ཚེ་རིང་གི་བུ says:
    2008-11-10 at 6:16 pm

    གྲོགས་སྤོབས་པ་ལགས། ཁྱེད་ཀྱིས་བྲིས་པའི་གོང་མ་མཆོད་ཡོན་གྱི་གྲིབ་མ་རིང་པོ་དང་། བོད་དུ་དར་བའི་ཐོག་མ་དང་མཐའ་མའི་ཆོས་བརྒྱུད་སོགས་ཧ་ཅང་ཡག་པོ་བྲིས་འདུག ད་དུང་འདི་འདྲ་མང་པོ་འབྲི་ཐུབ་ན་ང་ལྟ་བུ་ལ་ཕན་ཐོགས་ཆེན་པོ་འདུག ཁ་བརྡའི་ནང་ཁྱོད་མཁས་ང་མཁས་ཀྱི་གསར་བུ་གསར་ཟུར་མང་པོ་ཞིག་འདུག་སྟེ། བུ་རེ་བ་ཅན་པོ་སྤོབས་པ་ཁྱོད་དང་། གཡང་སྐྱབས་རྒྱལ། ྐླུ་སྨྱོན་གསུམ་ཡིན། དེ་མིན་ངས་རེ་བ་ཅན་གཞན་འདྲ་ཡོད་པ་མཐོང་མ་སོང་། འདི་ཁ་ཡག་ངོ་བསྟོད་འདྲ་མིན། ངས་ཁྱོད་ངོ་ཤེས་ཀྱི་མེད། གཞན་པ་ཚོའང་མི་ཤེས།

  3. མགོནཔོ says:
    2009-04-30 at 2:24 am

    ཤེས་དགོས་པ་ཞིག་ལ་བླ་མའི་གོ་གནས་རྒྱལ་པོས་སྤྲོད་ཁུལ་བྱེད་བ་སོགས་ཆོས་ཀྱི་སྲོལ་ལུགས་ལ་ཆབ་སྲིད་པའི་གྲིབ་མས་ནག་པོར་བྱས་པའི་ཆ་མི་ཉུང་བ་ཞིག་ཡོད་ངེས་པས་དགག་བཞག་དང་བླངས་དོར་གྱི་གནས་ལ་འཇུག་པ་གལ་ཆེའོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme