Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གོ་ལྡོག་གི་འཇིག་རྟེན་

Posted on 2012-07-25 By ཁ་བརྡ་ 5 Comments on གོ་ལྡོག་གི་འཇིག་རྟེན་

ཤེས་དགས།།

སྐྱིད་ན་སྐྱིད་པོ་དེ་ཡང་མི་གོ་ད་དུང་སྡུག་བསྔལ་ཆེ་མདོག་བཤད།།
སྡུག་བསྔལ་རང་གི་ཐོག་ཏུ་བབས་ན་ལས་རེད་ཟེར་ནས་བསམ་པ་བདེ།།
གོ་ལྡོག་འཇིག་རྟེན་འདི་ཡི་ཆོས་ཉིད་རིམ་པས་རང་གིས་མྱོང་པ་རྣམས།།
བསམ་པའི་ཚེ་ན་གཅིག་པུ་ཡིན་ཡང་དབང་མེད་གད་མོ་དི་རིར་འཆོར།།

མ་འཆོལ་དོན་རྣམས་དཀའ་བ་བརྒྱ་ཡིས་བསྒྲུབས་དགོས་ཤ་རྟག་ཉིད་དུ་མཆིས།།
ཅི་ཕྱིར་གོལ་དང་འཁྲུལ་བ་འདི་ཚོ་མི་དཀའ་བྱེད་སྙིང་འདོད་པ་ཨང་།།
བྱིས་པ་མིན་ཡང་བྱིས་བ་ལྟ་བུར་རང་ཐོག་འབབ་ན་མགོ་བོ་འཐོམས།།
གཞན་གྱིས་དེ་འདྲ་བྱས་པ་མཐོང་ན་མ་འདོད་ཁྲེལ་གད་ཁོང་ནས་འཆོར།།

རྣམ་དཔྱོད་ཡོད་ན་ཅི་ཕྱིར་ཁོ་བོས་ནོར་འཁྲུལ་རྗེས་སུ་ཁོ་ནར་གོ།
ཡང་ན་ནོར་བ་ནོར་བ་ཉིད་དུ་གཏན་ནས་མ་གོ་ཆོག་པ་ཨང་།།
ཉམས་མྱོང་ཟེར་བ་འཁྲུལ་བའི་བརྒྱུད་རིམ་རིང་ཐུང་དེད་པའི་ཐ་མ་ན།།
འཁྲུལ་བ་དག་ལ་དེ་དེ་བཞིན་དུ་གོ་བ་ཙམ་ལ་མིང་གིས་བསྙད།།

མདོར་ན་ཁྱེད་རང་དགའ་བ་དེ་ཚོ་ཧ་ལམ་ཚང་མ་ནོར་འཁྲུལ་སྟེ།།
ནམ་ཞིག་ཆ་མེད་འགྱོད་པའི་གླིང་གི་ཕལ་ཆེར་གདན་འདྲེན་ཡིན་པར་ངེས།།
འོན་ཀྱང་བློ་ཁོགས་གདེངས་ཚོད་སྤོབས་པ་ཡང་ན་ཨའུ་ཙམ་རེད་སྙམ་པས།།
ཁྱོད་ཀྱི་མ་འོངས་ད་ལྡར་མཐོང་བའི་བློ་མིག་ཡོངས་རྫོགས་དེ་ཡིས་ལྡོང་།།

དམ་པའི་ཆོས་ནས་ཇི་སྙད་གསུང་པ་རྨོངས་པ་བདག་གི་གོ་དཀའ་ཡང་།།
འདི་དག་འཇིག་རྟེན་འདི་གའི་ཐོག་ནས་རང་གི་ཉམས་སུ་མྱོང་བ་ཉིད།།
མི་ཚེ་གཅིག་གི་བྱ་བ་ཕལ་ཆེར་ཐ་མར་བེད་མེད་ཉིད་དུ་ཟད།།
ངུ་འམ་གོད་དམ་གང་ཞིག་བྱ་འོ་བསམ་ན་དེ་ཡང་འཕྱང་མོ་ཉུག།

སྙན་ངག

Post navigation

Previous Post: ལྕམ་རེ་སྦི་ཡ་ཁཱ་ཌིར་དང་མཉམ་དུ་གླེང་མོལ།
Next Post: གཏན་ཉིན་སློབ་གྲྭ་ཁག་རྩིས་ལེན་ཞེས་པ་ལས་འཕྲོས་པའི་གཏམ།

Comments (5) on “གོ་ལྡོག་གི་འཇིག་རྟེན་”

  1. མིག་བརྒྱད་པ། says:
    2012-07-25 at 8:04 am

    རྩོམ་གྱི་བརྗོད་དོན་ལེགས། རྗོད་བྱེད་ཚིག་ལ་ཡིག་ནོར་མིག་ལ་ཐོགས་ཚད་གཟིགས་རོགས།
    བསྒྲུབས་༼བསྒྲུབ༽དགོས་ཤ་རྟག་༼ཤ་སྟག༽ཉིད་དུ་མཆིས།།
    ཁྲེལ་གད་༼དགོད༽ཁོང་ནས་འཆོར།།
    མདོར་ན་ཁྱེད་རང་དགའ་བ་དེ་ཚོ་ཧ་ལམ་ཚང་མ་ནོར་འཁྲུལ་སྟེ།།༼ འདི་ལ་ཚིག་སྐྱོན་འདུག༽
    བློ་ཁོགས་༼ཁོག༽ག
    ཁྱོད་ཀྱི་མ་འོངས་ད་ལྡར་༼ལྟར༽མཐོང་བའི་བློ་མིག་ཡོངས་རྫོགས་དེ་ཡིས་ལྡོང་༼ལྡོངས༽།།
    དམ་པའི་ཆོས་ནས་ཇི་སྙད་གསུང་པ་རྨོངས་པ་བདག་གི་༼ གིས༽གོ་དཀའ་ཡང་།།
    ངུ་འམ་གོད་༼དགོད༽དམ་

  2. གནམ says:
    2012-07-25 at 8:53 am

    ངས་གོ་ནོའི་ཚིགས་བཅད་རེད་འདུག་པས་སྙན་པོ་ཞེ་པོ་འདུག་ཞུ་བ་ཡིན།

  3. རང་དབང་ཨ་རྡུ་མན་ says:
    2012-07-25 at 11:00 am

    ཐར་པར་འདོད་ན་རང་རྒྱལ་གཞན་ཕམ་བྱ་བ་ངན་པ་ཅམ་གྱིས་བཞག་སྟེ་གཞན་དོན་སྒྲུབ། །
    ཞི་བདེ་འདོད་ན་དང་ཐོག་རང་སེམས་གླང་སྨྱོལ་འདུལ་བའི་ལས་ལ་བརྩོན། །
    ཕུག་བསམ་ཡོད་ན་གངས་ལྗོངས་ཕ་མེས་རིགས་གཞུང་དམ་པར་གཅེས་སྤྲས་བྱོས། །
    མཐོན་པོར་འདོད་ན་དམའ་ས་བཟུང་ནས་ཉམས་ཆུང་འགྲོ་ལ་བློ་བརྟེན་མཛོད།།

  4. ཤེས་དགའ་ says:
    2012-07-25 at 11:14 am

    དྲྭ་གྲོགས་མིག་བརྒྱད་པས་ཞིབ་ཚགས་གི་དཔྱད་བརྗོད་ལ་དགའ་བསུ་ཞུ།།

  5. ཤེས་དགའ་ says:
    2012-07-25 at 11:41 am

    དྲྭ་གྲོགས་གནམ་ཐུགས་རྗེ་ཆེ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme