Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གོ་རེ་བསྲེག་པ།

Posted on 2013-09-292013-09-29 By ཁ་བརྡ་ 3 Comments on གོ་རེ་བསྲེག་པ།

ཨ་དམར་པོ།

སང་ཉིན་དང་གནངས་ཉིན་གྱི་ལམ་ཀར་སྤང་བླང་གི་བྱ་ར་བྱེད་དགོས་པ་བདེན། ཁ་རྩང་དང་ཁ་ཉིན་གྱི་ཤུལ་ལམ་ལ་དཔྱོད་ཤེས་གྱིས་བླང་དོར་བྱེད་དགོས་པའང་ལོ་རྒྱུས་ཀྱི་ཕྱིར་རྟོགས་ཡིན། ང་ལ་ཞོགས་ཟས་ཟ་བའི་གོམས་སྲོལ་མེད། མཚན་མོ་མི་སེམས་བག་ལྷོད་ལྷོད་དང་། ཁོར་ཡུག་ཁུ་སིམ་སིམ་ཡིན་པས་དཔེ་ཆ་རེར་བལྟས་ན་ཡག་པོ་ལྟ་ཐུབ་ཀྱིན་ཡོད། གློག་བརྙན་དང་ཁ་བརྡ། དྲ་རྒྱར་གཡེང་བའང་ངའི་མི་ཚེ་ཆ་ཤས་ཤིག་ཅི་ལ་མིན། དེར་བརྟེན་ཅི་བཤད་འདི་བཤད་དང་། ཅི་ལས་འདི་ལས་མེད་པར་གློག་སྒྲོན་ལ་སྐྱོན་མ་ཤོར་ན་རྣམ་རྒྱུན་མཚན་མོའི་དུས་ཚོད་དང་པོ་བར་ལུས་འགྲོ། ཞོགས་པ་གཉིད་སྟུག་དྲགས་ཏེ་དྲིན་ཅན་མ་ལོའི་བརྩེ་དུང་གི་འབོད་པས་གཉིད་ཅི་ཙམ་དཀྲོགས་ཀྱང་ལས་ཀར་འགྲོ་གྲབས་བར་མགོ་བོ་སྔས་ལས་དགྱེ་མ་མྱོང་། ཞོགས་ཟས་བཟོ་རྒྱུ་ཕར་ཞོག ཟ་བའི་ཁོམ་ལོང་ཡང་མེད་པར་གདོང་པར་ཆུ་འཁྱག་རེ་རྒྱག་ཐུབ་ཙམ་ལ་རྒྱུག་མ་འདུར་གྱིས་ལས་ཀར་འགྲོ་དགོས། དེ་འདྲའི་ཉིན་རེ་འཚོ་བའི་སྲོལ་རྒྱུན་གྱིས་ངས་རྣམ་རྒྱུན་ཞོགས་ཟས་ཟ་མི་དགོས་པར་གྱུར།

ཉིན་ཞིག་ཞོགས་ཉལ་ཀྱིས་ཡུད་ཙམ་ལ་དུས་ཚོད་བཅུ་གཅིག་ཟིན་འདུག ཡིན་ནའང་། རེས་གཟའ་ཉི་མ་ཡིན་པས་བྲེལ་ཤ་རྩ་ནས་མ་ལངས་པར་བག་ལྷོད་ལྷོད་ངང་མལ་ནས་ལངས་ཏེ། ཆེ་ལ་མི་ཆུང་བའི་ཁྲུས་ཁང་གྲ་འགྲིག་པོ་དེར། གྱ་ནོམ་པའི་འདེགས་རྫས་རིགས་རིམ་པ་བཞིན་སྤྱད་དེ་ཀླད་པའི་སྤྱི་གཙུག་ནས་རྐང་མཐིལ་བར་ཡིད་ཚིམས་པ་ཞིག་བཀྲུས། ཁ་སྤུ་ཐར་ཐོར་བོ་རྐང་རེ་རེ་བཞིན་བཏོགས། རྐང་ལག་སེན་མོའང་རེ་རེ་བཞིན་གཏུབས། ལུས་བྱད་གཙང་མའི་ངང་གོས་སྒྲོམ་ལས་དེང་རབས་གྱོན་པ་སེམས་ལ་བབ་ཤོས་རེ་བདམས་ཏེ་གོན། ད་ཕྱི་རོལ་ལ་འཁྱམ་ཉུལ་དུ་ཆས་ཆོག་མོད། འོན་ཏེ་ཕྱི་རོལ་ནས་གུང་ཟས་དུས་ཐོག་ཏུ་ཐོབ་མིན་ཐེ་ཚོམ་ཡིན་པས་ཐབ་ཚང་དུ་ཟས་ལྷག་འཐུང་ལྷག་རེ་ཨེ་ཡོད་ལྟ་རུ་ཕྱིན། ཟས་ལྷག་འཐུང་ལྷག་ཅི་ཡང་མི་འདུག ཕར་འཁོར་ནས་འཁྱག་སྒམ་ཁ་ཕྱེ་ནའང་ཟ་ཆོག་ཆོག་གི་ཟས་ལྷག་ཁམ་གང་ཡང་མི་འདུག ནམ་རྒྱུན་ཨ་མས་ཟས་ལྷག་འཐུང་ལྷག་རེ་ང་ལ་འཇོག་སྲོལ་ཡོད་ཀྱང་དེ་རིང་བརྗེད་སོང་བ་ཡིན་ནམ། ཡང་ན་བསམ་གཟས་ནས་མ་བཞག་པ་ཡིན་ནམ། གང་ལྟར་ཟ་དགོས་ན་ལས་ཀ་བྱེད་དགོས་པའི་གནས་ལུགས་བརྗོད་འདུག

སྐབས་དེར་དུས་ཚོད་བཅུ་གཉིས་དང་ཕྱེད་ཀ་རེད། ཞོགས་ཟས་ཟ་བའི་གོམས་སྲོལ་མེད་ཀྱང་གུང་ཟས་མ་ཟས་ན་ལྟོགས་ནས་སྡོད་ག་ལ་ཚུགས། ངས་གོ་རེ་བཅའ་པའི་བསམ་ཐག་བཅད་དེ་གྲྭ་སྒྲིག་བྱས་དུས། ཟ་མཁས་ཀྱང་ལས་མི་མཁས་པ་ཞིག་ཡིན་པ་མ་ཟད། དེའི་སྐོར་ཀྱི་ཤེས་བྱ་ཅི་ཡང་མེད་པའི་དབུལ་ཕོངས་གླེན་པ་ཡིན་པ་གཞི་ནས་ཚོར་ཀྱང་ཚོད་ལྟའི་ཚུལ་དུ་གོ་རེ་བསྲེག་པའི་འགོ་བརྩམས། ཕྱེ་རྫི་ཞོར་རླངས་ཐབ་ལ་མེ་སྤེལ། སླ་ང་ཆུང་ཆུང་དེའི་མཐིལ་ལ་སྣུམ་ཉུང་ཉུང་ཞིག་བླུགས་ནས་ཕྱེ་རློན་མ་འབྱར་ཙམ་བྱས། སླ་ང་ཚ་བོ་ཆགས་པ་དང་གོར་གོར་ཟླ་བ་འདྲ་བོའི་ཕྱེ་རློན་དེ་སྟབས་བདེ་ངང་སླ་ངའི་མཐིལ་ལ་ལྷོད་ཀྱིས་འཇོག་དགོས་བསམས་ནས་གཟབ་ནན་ཅི་ཙམ་བྱས་ཀྱང་། མ་བསམ་ས་ནས་ལག་གཡས་པའི་མཛུབ་རྩེ་ཚ་བེར་སེ་བཞག་སོང་། སྐབས་དེར་རང་དབང་མེད་པའི་བྲེལ་འཚུབ་ཀྱིས་སྐད་ངན་གཉོམ་པོ་ཞིག་ཀྱང་དབང་མེད་དུ་ཐལ། ད་དུང་འདོད་བློ་རྦད་དེ་མ་ཁེངས་པ་ནི། ལག་གི་ཕྱེ་རློན་གོར་གོར་ཟླ་བ་འདྲ་བོ་དེ་ཡང་ཁ་བརྫེས་སྣ་དཀྱོགས་སུ་གྱུར་ཚར་གདའ། ཡིན་ནའང། བསྐྱར་བཟོའི་འདུན་པ་གང་ནས་སྐྱེས་ཐུབ། ངའི་རྣམ་ཤེས་ཚ་བེར་བེར་ཀྱི་མཛུབ་རྩེར་འཁོར་འདུག སྐབས་དེར་གོ་རེ་བསྲེགས་པའི་ལས་ཀ་དེ་ག་རང་ནས་བསྐྱུར་ན་བསམ་ནའང་། ལྟོགས་ཟུག་དྲགས་པོས་བྲང་ཁོག་ཤུགས་ཀྱིས་བརྡུང་ནས་རང་དབང་ག་ལ་སྤྲོད། སོ་བ་གླེན་པ་ཞིག་དང་འདྲ་བར་ངས་སླ་ངའི་ཁ་ཕྱེ་སྟེ་མིག་ཟུང་གིས་གོ་རེར་ཅེར་རེ་སྲུང་བཞིན་བླ་འོག་བརྗེས་བསྒྱུར་ལན་མང་བྱས། ཚོས་མ་ཚོས་ཀྱང་ཐེངས་འགར་བལྟས་པ་ཡིན།

རྣམ་རྒྱུན་ངའི་ཨ་མར་གོ་རེ་གཅིག་བསྲེག་པར་དུས་ཚོད་མང་པོ་མི་དགོས་ཀྱང་། ང་ལ་དུས་ཚོད་གསུམ་འགྱུར་གྱིས་ལྷག་པ་དགོས། ཕལ་ཆེར་དུས་ཚོད་གཅིག་ལ་བསྲེགས་ཀྱང་གོ་རེ་གོར་གོར་གཉིས་ལས་མེད། དུས་ཚོད་རིང་དྲགས་པའམ་མེ་ཤུགས་ཆེ་དྲགས་པ། གསོབ་རྫས་ཉུང་དྲགས་པ་གང་ཡིན་མ་ཤེས་ལ། གོ་རེ་ནི་སྲ་ཞིང་འཁྲེགས་པའི་རྡོ་བ་ལྟ་བུར་གྱུར་ནས་སོ་ལའང་ལས་འགན་འཕར་མ་སྤྲད་འདུག འོན་ཀྱང་ལྟོགས་མགོ་མནོན་ཙམ་དུ་ཨུ་ཚུགས་མཐའ་བསྐྱལ་གྱིས་ཀོ་རེ་གཅིག་དམུར་སྐབས་ཤུགས་དྲགས་ཆེ་བའི་ཚོར་བ་སོ་མ་ཞིག་གིས་མགོ་བོ་ན་ནས་ཡོང་ཀི ཉམས་མྱོང་རྣལ་མ་གང་གིས་བྱང་ཁོག་བསྐྱོམས་ནས་ཡོང་ཀི ལོ་རྒྱུས་དང་ལུགས་སྲོལ་དེ་ཡིས་ཟ་ཤེས་ཀྱང་ལས་མི་ཤེས་མཁན་གྱི་མི་བུར་སྐྱེད་བསྲིང་བྱས་གདའ། ང་སྐྱེས་པ་ཕོ་ཡིན་པའི་ཐོབ་ཐང་། མོ་སྐྱེས་མ་མོ་ཡིན་པའི་རིན་ཐང་། ཅི་འདྲའི་ཡིད་སྐྱོ་བ་ཞིག་ཨང་།
ངས་འབྲེལ་ཞིང་འདྲིས་པའི་གྲོགས་ཆེ་གེ་མོར་དགོད་བྲོ་བའི་གནས་ཚུལ་ཚང་མ་ཀུ་རེ་ཚུལ་དུ་ཁ་པར་ནས་གླེང་དུས། ཁོས་ཚབས་ཆེ་གནད་དོན་ཞིག་གི་སྐད་གདངས་འོག་ནས། དེ་ནི་གཡོན་ཐལ་ཆེ་བའི་བསམ་བློ་དང་། འདུ་ཤེས་ནག་པོའི་བྲན་གཡོག་ཏུ་ཚུད་པས་རེད་ལ། རང་དབང་དང་རང་ཉིད་ངོ་མ་ཤེས་པའང་རེད། ལྷག་ཏུ་འདྲ་མཉམ་རིག་གནས་ལ་གོ་རྟོགས་མེད་པ་དང་དུང་བ་ཞན་པས་ཅི་ལ་མིན། བཀའ་དབང་ཁོ་ནར་ཉན་རྒྱུ་ལས་དཔྱོད་ཤེས་ཀྱི་རང་ཚུགས་མེད་པའི་ཁྱད་གཤིས་མ་ཡིན་ནམ། ལོ་རྒྱུས་ཀྱི་ལྕགས་རི་ཁ་ཤས་བརྒལ་མ་ཐུབ་ན། གོམས་སྲོལ་གྱི་ལྕགས་སྒྲོག་རེ་གཉིས་གྲོལ་མ་ཐུབ་ན་ལས་ཀྱི་གྲུབ་དོན་ནི་དེའོ།

ཨ་ཕས་ཁ་ཕོར་གཙང་ཞེན་དང་། ཨ་མའི་ནུ་ཞོ་མངར་ཞེན་གྱིས་བསླུས་པའི”བུད་མེད་ལས་དབང་ཐབ་ཚང”ཡིན་པའི་་འདུ་ཤེས་གྱིས། རང་ཉིད་ཀྱི་ལག་པ་ཞ་བོ་དང་། སེམས་པ་རྨོངས་པས་གབ་ཀྱང་། ད་དུང་སྐྱེས་པ་ཕོའི་ཐོབ་ཐང་དུ་ཤེས་ཏེ། སྲ་མཁྲེག་གི་གཤིས་རྒྱུད་བསྐྱངས་པ་ཆེས་མི་འོས་པ་ཞིག་སྟེ། དོན་དངོས་ཀྱིས་མི་ཚེར་གདོང་གཏད་ན། སྔར་ཅི་ཡང་མི་སྙམ་པའི་དོན་བྱ་མང་པོ་ཞིག་ཁྱོད་ཀྱི་མིག་མདུན་དུ་བླང་དོར་གྱི་ངོ་བོ་འགྱུར་འགྲོ། རིན་ཐང་གི་གོ་ས་བརྗེས་འགྲོ། སྐབས་དེ་དུས་ཁྱོད་ཀྱིས་ཅི་ཞིག་ལ་བསམ་པ་གླན་དགོས་པ་དང་། གང་ཞིག་ལ་ཡིད་སྨོན་བྱེད་དགོས་པ་ཤེས་ལ། དེ་རིང་གི་དགོད་བྲོ་བའི་གནས་སྟངས་འདིའང་སེལ་ཐུབ་ངེས། ཞེས་སྨྲ་དུས། ང་ཡང་འཇིག་རྟེན་གསར་བ་ཞིག་ལ་ཐོོན་པ་ལྟར་མཛེས་སྡུག་གི་མགོ་རྔ་རིག་ཀི ཅི་ཞིག་བྱེད་དགོས་པ། ཇི་ལྟར་བྱེད་འོས་པ་སོགས་སེམས་དང་སེམས་པའི་གསེང་ལ་འཚང་ཁ་ཤིག་ཤིག་གིས་འཛུལ་ནས་ཡོང་ཀི ད་ཤེས་ཐ། སང་ཉིན་ནས་་་་་་་་་།།

སྣ་ཚོགས།

Post navigation

Previous Post: བོད་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་ཐེངས་བདུན་པ།
Next Post: དུས་རབས་ཉེར་གཅིག་གི་བོད་ཀྱི་ཆོས་སྐྱོང་རྒྱ་མཚོའི་དྲག་སྐུལ་དམོད་ནག་དུག་གི་ས་ཡོམ།

Comments (3) on “གོ་རེ་བསྲེག་པ།”

  1. དགེ་འདུན་རྒྱ་མཚོ། says:
    2013-09-30 at 1:58 am

    གོ་རེ་ཟེར་བ་འདི་་་གོར་རེ་དང་ཀོ་རེ་ཀོར་རེ་་སྒོར་རེ་ལས་སྒྲ་འགྱུར་བ་མིན་ནམ་སྙམ།
    ཀོར་ཀོར་དང་གོར་གོར་་་་སྒོར་སྒོར་གྱི་དོན་རེད། དབྲིབས་ལ་བལྟས་ནས་བཏགས་པར་སེམས།
    ཨ་མདོ་ན་་སྒོར་མོ་ལ་གོར་མོ་ཟེར་བའི་ས་ཁུལ་མང་།
    དེ་དང་མཚུངས་པར་་ཀོ་རེ་ཀོར་རེ་་གོེ་རེ་གོར་རེ་སྒོར་རེ་སྒོར་རེ་སོགས་་བྱུང་པར་སྙམ།་
    དཔྱད་།

  2. དགེ་འདུན་རྒྱ་མཚོ། says:
    2013-09-30 at 2:00 am

    གོར་སྐྱ་དང་གོར་དམར་སོགས་བཟོ་དབྱིབས་སྣ་ཚོགས་བྱུང་བས་མིང་ཡང་ངེས་མེད་དུ་གྱུར།

  3. ཨ་དམར་པོ། says:
    2013-09-30 at 11:06 am

    དགེ་ལགས གོ་རེ་ཞེས་མིང་གྲུབ་སྟངས་དེ་འདྲ་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme