Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གོ་བ་མ་ལོན་པ་རེད་དམ། ཧམ་རྫུན་རེད།

Posted on 2019-03-232019-03-23 By ཁ་བརྡ 23 Comments on གོ་བ་མ་ལོན་པ་རེད་དམ། ཧམ་རྫུན་རེད།

བློ་གྲོས་རབ་བརྟན།

༼འཇམ་དབྱངས་ནོར་བུའི་རང་བཙན་སྐད་ཆ་ལས་འཕྲོས་བའི་གཏམ།༽

བོད་མི་ཚོ་བཙན་བྱོལ་བ་ཆགས་ནས་ལོ་དྲུག་ཅུ་ཕྱིན། དྲུག་ཅུ་ཕྱིན་པའི་གསུམ་བཅུའི་དུས་དྲན་དེ་གཞུང་དང་སྒེར་ཚོགས་དག་ནས་གལ་ཆེན་གྱིས་བསྒྲགས་སོང་། སྤྱི་ཚོགས་ཁྲོད་རང་བཙན་སྒྲོག་མཁན་ཚོས་གོ་སྐབས་ཤིག་ལ་བརྩིས་ཏེ། རང་གི་ནུས་ཚོད་འཇོན་ཚོད་ཀྱིས་ལས་ཀ་བྱས་སོང་། དེ་དག་ལས་་ཤེས་དགོས་པ་དེ་རྩོམ་པ་པོ་འཇམ་དབྱངས་ནོར་བུའི་གོང་ས་མཆོག་དང་འབྲེལ་ཏེ་རང་བཙན་གྱི་སྐད་ཆ་རེད།

འདས་ལོའི་ཟླ་ལྔ་བའི་ནང་། འཇམ་ནོར་ལ་གོང་ས་མཆོག་གིས་ཕོ་བྲང་དུ་མཇལ་ཁ་གནང་། སྐབས་དེར་གོང་ས་མཆོག་གི་བཀའ་སློབ་གང་གནང་ཡོད་མེད་དག་འཇམ་ནོར་གྱིས་ཡིག་ངོར་དང་ངག་ཐོག་གཉིས་ཀ་ནས་བཤད་སོང་། ད་བར་དུ་དེ་ལྟར་རང་ཡིན་པའི་དངོས་འཛིན་འོག་བསྡད། རེད་དེ། གསུམ་དུས་དང་འབྲེལ་ཏེ། འཇམ་ནོར་གྱིས་ཉེ་ཆར་་ཨ་རིའི་ནེའུ་ཡོག་ཏུ་རང་བཙན་གོམ་བགྲོད་པ་ཚོ་མཉམ་འཛོམས་ཐོག་སྐད་ཆ་བཤད་སྐབས། “རང་བཙན་གོམ་བགྲོད་དེས་གོང་ས་མཆོག་གི་བཀའ་བསྒྲུབས་ཡོད་པ་ངས་ཁས་ལེན་བྱེད་ཆོག དེ་སྔོན་ངར་མཇལ་ཁ་གནང་བའི་སྐབས་སུ། ཆུ་ཚོད་གཅིག་ལྷག་ལ་གོང་ས་མཆོག་གིས་རང་བཙན་འཛམ་གླིང་ལ་ཁྱབ་སྒྲོག་ཅེས་ཤོག་གསུངས་སོང་། རང་བཙན་ཁྱབ་སྒྲོག་བྱེད་མ་ཐུབ་པ་ན། དབུ་མའི་ལམ་གྱི་སྲིད་ཇུས་དེ་ཡང་སྦྲང་པོས་ལྟོ་སློང་བ་ནང་བཞིན་ཆགས་ཀྱི་རེད། ཅེས་དཀོན་མཆོག་གསུམ་བཤད་སོང་། ངས་སྐད་ཆ་བཟོས་པ་མིན། བདེན་དཔང་ལ་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ཡོད” ཅེས་བཤད་སོང་། འཇམ་ནོར་གྱི་དེ་སྔོན་མཇལ་ཁའི་སྐོར་སྐབས་ཐོག་གི་སྐད་ཆ་དང་། ད་ལྟའི་སྐད་ཆ་གཉིས་ལ་འགྱུར་བ་ཐེབས་འདུག

འཇམ་ནོར་ལ་གོང་ས་མཆོག་གིས་མཇལ་ཁ་གནང་བ་དེ་རང་བཙན་སྒྲོག་མཁན་ཚོས། རང་ཉིད་ཀྱི་ངོ་གདོང་ཡག་ཏུ་གཏོང་བའི་གོ་སྐབས་ཤིག་ཏུ་བརྩིས་ཏེ། རང་གི་ལས་ཀ་དེ་འགྲིག་བསྡད་ཡོད་པ་དང་། གོང་ས་མཆོག་གི་ཐུགས་དགོངས་དང་མཐུན་གྱི་ཡོད་པའི་རྣམ་པ་གང་ཐུབ་ཐུབ་སྟོན་གྱི་ཡོད། རེད་དེ། མཇལ་ཁ་གནང་བའི་སྐབས་གོང་ས་མཆོག་གི་བཀའ་སློབ་གང་གནང་བའི་ཐད། འཇམ་ནོར་གྱི་སྐད་ཆ་དང་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་གྱི་གཉིས་ཀྱི་སྐད་ཆ་ལ་ཧེ་བག་་ཆེན་པོ་ཤོར་ཡོད། དྲུང་ཆེ་ཚེ་རྒྱམ་གྱིས་གསར་ལམ་དུ། “ གོང་ས་མཆོག་གིས་འཇམ་ནོར་ལ་དུས་ཡིན་ཆུ་ཚོད་ཕྱེད་ཀ་ཙམ་རིང་མཇལ་ཁ་གནང་བ་རེད། གོང་ས་མཆོག་གིས་བོད་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་ག་ཚོད་ཡོད་ནའང་དེ་དག་ཉར་ཚགས་དགོས་པ་གལ་ཆེན་རེད། རང་བཙན་ང་ཚོའི་ཐོབ་ཐང་རེད། རྩོད་ཆོག་གི་རེད། རེད་དེ། ང་ཚོས་དེ་མ་རྩོད་པར་དབུ་མའི་ལམ་གྱི་སྲིད་ཇུས་བཟུང་སྟེ། བོད་རྒྱ་གཉིས་ཕན་གྱི་ལམ་ལ་གཟི་བརྗིད་ངང་སྐྱོད་ཀྱིན་ཡོད་པ་ལས། ང་ཚོས་དར་ཆ་དཀར་པོ་འཁྱེར་ཏེ་མགོ་འདོགས་ཀྱི་ཡོད་པ་མ་རེད་ལ། དབུ་མའི་ལམ་གྱི་སྲིད་ཇུས་དེ་སྦྲང་པོས་ལྟོ་སློང་བ་ནང་བཞིན་མ་རེད་” ཅེས་བཀའ་གནང་སོང་ཞེས་གང་ཡིན་པ་དང་གང་གསུངས་པ་དེ་སྤྱི་ཚོགས་ཁྲོད་གསལ་བཤད་གནང་སོང་།

ཕྱོགས་གཉིས་ཀྱི་སྐད་ཆ་ཐོད་གཏུག་ཡོང་དུས། གསལ་བོ་ཆགས་པ་ནི་འཇམ་ནོར་གྱིས། གོང་ས་མཆོག་གིས་མ་གསུངས་པ་ཞིག་གསུངས་སོང་ཟེར་ནས་གླེང་འཁེལ་བཞིན་བ་འདི་རེད། བོད་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་ཁུངས་སྐྱེལ་ཡིག་ཆ་ཉར་ཚགས་དགོས་སྐོར་གསུངས་པ་དེ། ད་ལྟ་རང་བཙན་རྩོད་དགོས་བའི་བཀའ་གནང་སོང་ཟེར་ནས། རང་བཙན་སྒྲོག་མཁན་ཚོའི་རྒྱབ་ན་གོང་ས་མཆོག་ཡོད་མདོག་མདོག་སྟོན་ཐབས་དང་གཅིག གཉིས་ནས། གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་ཇུས་དེ་སྦྲང་པོས་ལྟོ་སློང་བ་ནང་བཞིན་མ་རེད་ལ། དེ་ནི་གཟི་བརྗིད་དང་གུ་ཡངས། འདྲ་མཉམ་གཉིས་ཕན་གྱི་སྲིད་ཇུས་ཤིག་ཡིན་ཞེས་འགྲེལ་བཤད་བྱས་པར། འཇམ་ནོར་གྱིས། རང་བཙན་ཁྱབ་བསྒྲགས་མ་བྱས་ན་དབུ་མའི་ལམ་གྱི་སྲིད་ཇུས་དེ་ཡང་སྦྲང་པོས་ལྟོ་སློང་བ་ནང་བཞིན་ཆགས་རྒྱུ་རེད་ཅེས་གོ་བ་ལོག་པ་འམ་ལོག་འགྲེལ་བྱས་ཏེ། རང་གི་ལས་ཀ་འགྲིག་བསྡད་ཡོད་ཅིང་། གོང་ས་མཆོག་གི་དགོངས་གཞི་དང་མཐུན་གྱི་ཡོད་པ་སྟོན་ཐབས་བྱས་འདུག

ཐབས་སྐྱོ་བ་ཞིག་ལ། རང་གི་ལྟ་བ་དང་ལངས་ཕྱོགས་ཅི་ཞིག་འཛིན་མིན་རང་ཉིད་ལ་ཐུག་ཅིང་། རང་གི་ལངས་ཕྱོགས་སུ་ཧམ་པ་དང་། ཨུ་ཚུགས་ཀྱིས་གོང་ས་མཆོག་བཙན་ཁྲིད་བྱེད་ཀྱིན་ཡོད་ཅིང་། རང་གི་རྣམ་དཔྱོད་དང་ནུས་པས་སྤྱི་ཚོགས་རང་གི་ལངས་ཕྱོགས་སུ་ཁྲིད་མ་ཐུབ་ན། གོང་ས་མཆོག་གིས་མ་གསུངས་པ་ཞིག་གསུངས་སོང་ཟེར་ནས། རང་གི་འདོད་དོན་སྒྲུབ་པ་ནི་ཆོས་འཇིག་རྟེན་གཉིས་ཐད་ནས་ཐ་ཆད་རང་རེད་ལ། དྲང་བདེན་དང་ཕྱི་གསལ་ནང་གསལ། ཞལ་སེམས་གཉིས་མེད་ཀྱི་གོང་ས་མཆོག་ཀྱང་། ཞལ་རྫུན་གསུང་མཁན་ཞིག་གི་མཐོང་སྣང་བསྐྲུན་གྱིན་ཡོད། རང་གི་ལྟ་བ་དང་ལངས་ཕྱོགས་གང་ཡིན་པ་དེ་སྤྱི་ཚོགས་ཁྲོད་ཡང་དག་པར་བསྒྲུབ་དགོས་ན། རྒྱུ་མཚན་དང་གནས་ལུགས་ཡོད་པ། དོན་དངོས་བགྲངས་ཏེ་མི་མང་གི་བློ་སེམས་འགུགས་དགོས་པ་དེ་རེད། དེ་མ་ཡོང་དུས་གོང་ས་མཆོག་ལ་ལག་པ་འཆང་པ་ནི་བཟང་སྤྱོད་དང་། ཁྲིམས་ལུགས་གཉིས་ཆ་ནས་རྒྱབ་འགལ་རེད།

ཕྱིར་འདང་རེ་བརྒྱབ་ན། གོང་ས་མཆོག་ལ་གླེང་འཁེལ་བྱེད་པ་ད་ཐེངས་དང་པོ་མ་རེད། འདས་པོ་ཀརྨ་ཆོས་འཕེལ་དང་ལྷ་བཟང་ཚེ་རིང་། འཇམ་ནོར་བཅས་ལ་བལྟས་ན། ཁོང་ཚོ་གསུམ་པོར་ཐུན་མོང་གི་ཆ་ཞིག་ཡོད་པ་ནི། རང་གི་ལངས་ཕྱོགས་དེ་འགྲིག་པར་སྟོན་ཕྱིར་གོང་ས་མཆོག་མཉམ་དུ་ཁྲིད་ཡོང་བ་གཅིག་མཚུངས་རེད། མཚམས་རེ་ལ། གོང་ས་མཆོག་ནི་བྱང་ཆུབ་སེམས་དཔའ་རེད། ང་ཚོ་ཕར་བའི་མི་རེད། ཁོང་གི་བཀའ་ལྟར་འགྲོ་དཀའ་ཚུལ་གྱི་གོ་རྒྱུ་ཅན་བཤད་ཅིང་། གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དག་ནི་མིའི་སྤྱི་ཚོགས་ལ་དམིགས་ཏེ། རྒྱུ་མཚན་དང་དངོས་ཡོད་གཞི་ལ་བཟུང་ནས་བཤད་པ་ཤ་སྟག་རེད་དེ། རང་ལ་དགོས་མཁོ་བྱུང་ན། གོང་ས་མཆོག་གི་བཀའ་ལའང་འདྲ་མིན་བཅོ་བརྒྱད་བཤད་པ་དེ་ཁོང་ཚོའི་གཤིས་སུ་གྲུབ་ཅིང་། ཁོང་ཚོས་རྒྱུ་མཚན་དང་གནས་ལུགས་ཡོད་པ། དོན་དངོས་དང་མཐུན་པ། མི་རིགས་ལ་ཤ་ཚ་ཞིང་མཐུན་སྒྲིལ་ལ་འགན་ཁུར་ཏེ། སྤྱི་ཚོགས་ཁྲོད་ལས་ཀ་བྱས་ན་འང་། མི་མང་གིས་དངོས་ལེན་མ་ཐོབ་པ་དེ་འདྲ་རྩ་པ་ཉིད་ནས་མ་རེད་ལ། རྒྱ་མཚན་དང་གནས་ལུགས་ཀྱིས་འཕོང་ཞིང་ཕན་ཐོགས་མེད་པའི་སྤྱི་ཚོགས་ཟང་ཟིང་བཟོས་པ་དང་། གོང་ས་མཆོག་ཀྱང་རང་གི་དགོས་མཁོ་དང་བསྟུན་ནས་ཡར་མར་འཐེན་བཞིན་པ་འདིས། སྤྱི་ཚོགས་ཁྲོད་ནས་རང་གི་མཐོང་བརླག་སྟེ། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་སུ་གོམ་པ་རྒྱག་མ་ཐུབ་པར། རིགས་མཐུན་ཁྱུ་གཅིག་ཁྲོད་ཁ་བརྡར་་བ་ལས་ལམ་ཁ་གཞན་མེད་པའི་གནས་སུ་བསྐྱལ་འདུག

སྐུ་སྒེར་ཡིག་ཚང་ལ་གློག་འཕྲིན་བསྐུར་ནས་མཇལ་ཁ་གནང་རོགས་ཡར་ཞུ་ཕུལ་འདུག་ཀྱང་། འཇམ་ནོར་གྱིས་རང་ཉིད་གོང་ས་མཆོག་གིས་གལ་ཆེན་དུ་བརྩིས་ཏེ། ཕོ་བྲང་དུ་སྐད་བཏང་སོང་མདོག་མདོག་དང་། དེ་བཞིན་ཆུ་ཚོད་གཅིག་གི་རིང་། རང་བཙན་སྐོར་གསུངས་ཚུལ་ཐད་ལ། སྐུ་སྒེར་དྲུང་ཆེ་ཚེ་རྒྱམ་ནས་དུས་ཡུན་སྐར་མ་ཉི་ཤུ་རྩ་གྲངས་ཤིག་ལ་མཇལ་ཁ་གནང་བ་རེད་ཟེར། འདི་དག་ལ་བསྟན་ན། འཇམ་ནོར་འདིས་ཡར་སྣོན་དགོས་ན་ཡར་བསྣོན་པ་དང་མར་གཅོག་དགོས་ན་མར་བཅག་ནས་སྐད་ཆ་བཤད་ཀྱིན་ཡོད་པ་དེ་རེད།

འཇམ་ནོར་ལྟ་བུ་ཁ་ཤས་ཀྱི་སྐད་ཆ་བཤད་སྟངས་དེས། རྒྱ་གཞུང་ལ་དབུ་མའི་ལམ་གྱི་སྲིད་ཇུས་དང་། གོང་ས་མཆོག་ལྷག་བསམ་རྣམ་དག་མིན་པའི་བརྡ་གཏོང་གིན་ཡོད་ཅིང་། དབུ་མའི་ལམ་གྱི་སྲིད་ཇུས་ནི་བོད་ཀྱི་བོད་མི་ཚོར་ཁ་གཏད་དེ། ཁོང་ཚོའི་དཀའ་སྡུག་ཉུང་དུ་གཏོང་ཐབས་ཀྱི་སྲིད་ཇུས་ཁོ་ན་དེ་རེད། གལ་ཏེ་བོད་ནང་བོད་མི་ཚོའི་དཀའ་སྡུག་ལ་འགན་མེད་ན་སོ་སོའི་འདོད་མོས་རེད། དེ་བཞིན་གོང་ས་མཆོག་ནི་ས་འདིའི་སྒང་གི་མི་མཆོག་ཏུ་གྱུར་བ་ཞིག་ཏུ་བཀུར་བཞིན་པའི་གནས་བབ་བཟང་བོ་འདི། བོད་མི་ཚོའི་དོན་གྱི་གཟི་བརྗིད་ཡིན་ན། ཁོང་ཞལ་སེམས་མི་མཐུན་པའི་མི་གཡོ་སྒྱུ་ཅན་ཞིག་ཏུ་མ་བཟོ་རོགས་གནང་།

སྣ་ཚོགས།

Post navigation

Previous Post: ཁྱད་མཚར་བའི་ཐ་སྙད་ཅིག་ལས་འཕྲོས་ཏེ་བཤད་པ།
Next Post: ཨ་རིའི་VOAགསར་ཁང་དང་རབས་དྲུག་སྟེགས་མདོ།

Comments (23) on “གོ་བ་མ་ལོན་པ་རེད་དམ། ཧམ་རྫུན་རེད།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-03-23 at 7:39 pm

    གོ་བརྡ་མ་འཕྲོད་པའི་སྐད་ཆ།
    གོ་བ་ལོག་སྒྲུབ་ཀྱི་སྐད་ཆ།
    རང་བཙན་དང་དབུ་མའི་བདག་དབང།
    དུས་རབས་ཉེར་གཅིག་ནང་བོད་མིའི་ལས་དབང།
    ནང་ཁུལ་རྩོད་གླེང་ལ་མགོ་འཁོར།
    མི་ལོ་དྲུག་བཅུ་མི་ཡུལ་དུ་རྫོགས།
    བཀའ་ཤག་ཁྲིམས་ཁང་དུ་ཁ་ཆུ་ལ་ཚུད།
    དགྲ་དགའ་གཉེན་སྡུག་གི་ལས་དཀའ།
    བོད་དོན་བདེན་མཐའ་གསལ་བའི་ནུས་པ་འདི་ཚོ་ཨ་ཡིན།
    བོད་མིའི་ལས་དབང་་་་་་་་་ཨ་ཁ་་་་་་་་་་ཨ་ཁ།

  2. དགེ་འདུན says:
    2019-03-24 at 11:20 am

    ང་རང་ཚོ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལྟ་བ་དང་ལངས་ཕྱོགས་མི་འདྲ་བ་གཉིས་སུ་གྱེས་ཡོད་པ་གསལ་བོ་རེད། ཕྱོགས་གཉིས་གང་ཡིན་ཡང་༧གོང་ས་མཆོག་གི་མཚན་སྣེ་བེད་སྤྱོད་བྱེད་དགོས་ཀྱི་ཡོད་པ་དང་༧་གོང་ས་མཆོག་གི་མཚན་སྣེ་བེད་སྤྱོད་མ་བྱས་ན་རངཉིད་ཀྱི་འདོད་དོན་སྒྲུབ་ཐུབ་པའི་མེད་པ་ཞིག་ལ་ཕྱོགས་གཉིས་ཀས་ངོས་འཛིད་དང་འདོད་ཀྱི་ཡོད་པ་གསལ་བོ་རེད།
    ང་ཚོས་གཞན་གྱི་ལོ་རྒྱུས་ལ་བལྟས་ན་ཡང་དེ་དང་ཆ་འདྲ་བའི་ལངས་ཕྱོགས་དང་ལྟ་གྲུབ་མཐོང་རྒྱུ་ཡོད་པ་མངོན་གསལ་རེད། རྒྱ་གར་ལ་མཚོན་ན་ཐལ་རང་གི་རྩོད་པ་བྱེད་དུས་ཕྱོགས་གཉིས་ཀྱིས་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་གྱི་ཡོད་པ་དང་། ཀླུ་སྒྲུབ་ནི་ཕྱོགས་གཉིས་ཀྱིས་ཁས་ལེན་གྱི་ཡོད་པ་དང་ལུང་ཡང་དྲངས་ནས་སྒྲུབ་ཀྱིན་ཡོད་པ་རེད། དེས་རྐྱེན་གྱིས་ཕྱི་རབ་པ་ཚོས་ཕྱོགས་འདིན་པའི་དབུ་མ་བ་དང་ཕྱོགས་མི་འཛིན་པའི་དབུ་མ་བ་ཞེས་འབོད་སྲོལ་བྱུང་བ་དང་ཀླུ་སྒྲུབ་ནི་ཕྱོགས་མི་འཛིན་པའི་དབུ་མ་བར་བཞེད་ཀྱི་ཡོད་རེད། 
    ཕྱོགས་གཞན་ཞིག་ནི་རྒྱ་ནག་རེད། རྒྱ་ནག་གི་ནང་དུ་ཡང་ཟིན་ཀྲོང་ཧྲན་གྱི་རྗེས་འབྲག་ཡིན་པར་ཁས་ལེན་བཞིན་དུ། རྗེས་འབྲངས་པ་དེ་དག་གི་ནང་དུ་ཡང་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་བྱུང་བ་རེད། གཉིས་ཀས་ཀྱང་ཟིན་ཀྲོང་ཧྲན་དབུས་ལ་བཞག་ནས་ལྟ་བ་གཉིས་འཛིན་གྱི་ཡོད་པ་རེད། དོན་དངོས་སུ་ཁོ་གཉིས་ཀྱི་ལྟ་གྲུབ་ཅི་ཞིག་རྩོད་ཀྱི་ཡོད་དམ། 
    ཡུལ་ལུང་མི་འདྲ་བ་དང་ཆོས་དང་འཇིག་རྟེན་པའི་ལྟ་ཚུལ་ལམ་ཆོས་སྲིད་ཀྱི་ལྟ་གྲུབ་ཐད་ནས་རྒྱ་གར་ནག་གཉིས་དཔེ་མཚོན་དུ་བཀོད་ནས་བསམ་བློ་བཏང་ན་ཡང་ལྟ་བའམ་གྲུབ་མཐའ་མི་འདྲ་བ་འདི་བཞིན་བོད་ལ་ཡང་རང་བཙན་དང་དབུ་མ་གཉིས་སུ་དགེ་བའི་ལངས་ཕྱོགས་གཉིས་འབྱུང་སྲིད་ལ་ཡོང་ཆོག་པ་ཞིག་ཀྱང་རེད་སྙམ།རེད།
    རྒྱལ་བ་རིན་པོ་ཆེའི་དགོངས་པ་ཅི་ཡིན་ང་ཚོས་ཤེས་དགོས་པ་དང་ཤེས་དགོས་ངེས་ཞིག་ཀྱང་རེད། དེས་ན་ང་ཚོས་དེ་ལ་ཅི་མི་སྙམ་པར་༧གོང་ས་མཆོག་གི་དགོངས་པ་ནི་ལམ་དབུ་མ་ཡིན་པ་གསལ་བོ་རེད་ཅེས་ལེན་འདེབས་ངེས་ཡིན།  ཡིན་ཡང་མི་གཞན་དང་ཚོགས་པ་གཞིན་གྱིས་གོང་ས་མཆོག་གི་དགོངས་པ་ནི་རང་བཙན་རེད་ཅེས་སྨྲས་པ་ན་ང་ཚོས་མ་རེད་ཅེས་ནམ་ཡང་བསྒྲུབས་མི་ཐུབ། 
    ༧གོང་ས་མཆོག་གི་དགོངས་གཞི་ཅི་ཡིན་༧གོང་ས་མཆོག་གི་ཐུགས་ན་གསལ་བོ་ཡོད་རེད། དེ་ལ་བཙན་དབང་དང་བསླུ་བྲིད་ནམ་ཡང་བྱེད་ཐུབ་ཀྱི་མ་རེད། ཡིན་ན་ཡང་ང་རང་ཚོས་ཕན་ཚུན་ལ་རྩོད་པའམ་རང་ཕྱོགས་སྒྲུབ་དུས་རང་རང་གིས་ཁུངས་ལུང་དང་རིགས་པ་བཀོད་ནས་སྒྲུབ་ཀྱི་ཡོད་རེད། ཕྱོགས་གཅིག་གིས་ལུང་རིགས་དེ་ཕྱོགས་གཞན་གྱིས་ཁས་ལེན་མིན་ལ་ལྟ་དགོས་ན་ཁག་པོ་ཆགས་ཚར་བ་རེད། དེས་ལ་ཕྱོགས་གཉིས་ཀས་རྩོད་པ་ནི་རྩོད་པ་ཙམ་ཡིན་པས་ནམ་ཡང་འགྲུབ་ཐབས་མེད། གང་ལྟར་ཕྱོགས་གཉིས་ཀས་༧་གོང་ས་མཆོག་དབུས་ལ་བཞག་ནས་གུས་བཀུར་ཐོབ་པ་ནི་དགའ་འོས་པ་ཞིག་རེད། ཡིན་ཡང་སུ་འཇོན་ཐང་ཡོད་མེད་ལ་ཚང་མས་ལྟ་བསྡད་ཡོད་རེད། 
    དཔེར་ན་ཐལ་རང་གཉིས་ནམ་ཡང་གཅིག་ཏུ་གྱུར་ཐུབ་མེད་ལ། དེ་བཞིན་རྒྱ་དམར་ནག་གཉིས་གཅིག་ཏུ་གྱུར་ཐུབ་མེད། ངས་བསམ་ན་དབུ་མའི་ལམ་ལ་འདོད་མོས་ཡོད་མཁན་ཚོས་དབུ་མའི་ལམ་ན་བརྟེན་ནས་བོད་ཀྱི་ཡོད་ཚད་ལ་སྲུང་སྐྱོབ་བྱེད་པའི་འགན་དབང་ཚུར་ལེན་ཐུབ་བྱེད་གོས་ཀྱི་ཡོད་པ་དང་། རང་བཙན་འདོད་མཁན་ཚོས་རང་བཙན་གྱི་ལྟ་བ་གཞིར་བཞག་ནས་གང་མགྱོགས་རང་བཙན་ལེན་ཐབས་ལ་འབད་དགོས། 
    ཕན་ཚུན་ལག་པ་སྔ་ཕྱི་རྩོད་པ་ལས་ཕན་ཚུན་ལ་ཁག་དཀྲིས་རེས་བྱེད་པ་ནི་བཅོལ་ཆུང་གི་སྣང་ཚུལ་ཞིག་མངོན་ཡོང་གི་ཡོད། དབུ་མ་དང་རང་བཙན་འདོད་མཁན་ཚོའི་ཤེས་ཡོན་དང་འཇོན་ཐང་ངོམ་པའི་དུས་ལ་བབ་ཡོད་པ་དང་། ནང་ཁུལ་འཐབ་རྩོད་བྱེད་པ་ནི་དགོས་དངོས་ཞིག་མིན་པ་དང་སྤྱི་དོན་སྒྲུབ་པ་ལ་ཕྱོགས་གཉིས་ཀྱི་ལག་པ་མྱུར་ཚད་ལ་ལྟ་དགོས་པར་འདོད། 
    ཧཧཧ་་་བཀླགས་ཚར་བ་དང་ང་རང་གི་འདོད་ཚུལ་ཞིག་བརྗོད་འདོད་བྱུང་བ་ཙམ་ལས་གཞན་གང་ཡང་མིན། བདེ་མོ་བྱོས།

  3. དགེ་འདུན says:
    2019-03-24 at 11:21 am

    ཡིག་ནོར་བཅོས

  4. བྱང་ཆུབ་ལོ་མ། says:
    2019-03-24 at 6:32 pm

    དབུ་མའི་ལམ་ལ་འགྲེལ་བཤད་མང་དྲགས་། མགོ་རྙོག་ཆེ་དྲགས་ནས། ད་ནི་གོ་བ་ལོན་དཀའ་བ་ཞིག་ཆགས་སོང་།

  5. ནོར་བུ says:
    2019-03-24 at 9:00 pm

    དབུ་མའི་ལམ་ཡིག “ 肉包子打狗 ”

    བོད་སྐད་དུ ་ ་ ་ ་ ཤ་བག་ལེབ་ཀྱིས་ཁྱི་བརྡུང

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-03-24 at 10:11 pm

    དབུ་མའི་ལམ་གྱི་བདག་དབང་བཀའ་ཤག་ལ་ཡོད་ན་
    རང་བཙན་གྱི་བདག་དབང་སུ་ལ་ཡོད་ཁྲིམས་མཐུན་
    གྱི་གསལ་བཤད་མ་གནང་ཚེ་མི་མང་མགོ་འཐོམ་པའི་
    ཉེན་ཁ་མི་འདུག་གམ།

  7. ཀརྡོ་རབ་འབྱམས་པ་ says:
    2019-03-25 at 2:00 am

    རང་བཙན་རྩོད་ན་ལོ་རྒྱུས་ལ་གཞིར་བཞག་དགོས། ལོ་རྒྱུས་ལ་གཞིར་བཞག་ན་བོད་རང་བཙན་ནི་བོད་སྡེ་མ་གཏོགས་བོད་ཤར་ཕྱོགས་ལ་མི་ཁྱབ་ལ། ཆོལ་གསུམ་གཅིག་སྒྲིལགྱི་་དབུ་མ་རག་ན། བོད་ས་ཡོངས་རྫོགས་ལ་ཁྱབ་པས་དོན་ཆེ། བོད་པས་རང་བཙན་མ་བརྩད་པས། རྒྱ་གཞུང་གིས་ཀྱང་བོད་ས་ཡོངས་རྫོགས་གཅིག་མཚུངས་ཐོབ་ཐང་དང་། རང་དབང་སྤྲད་མི་ཐུབ་པའི་རྒྱ་མཚན་ཡང་ལྷག་མེད་པས་སོ།།

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-03-25 at 2:58 am

    རང་བཙན་དང་དབུ་མ་བཤད་ནས་་མི་ལོ་དྲུག་བཅུ་རྫོགས།
    དབུ་མའི་བདག་དབང་བཀའ་ཤག་ལ་ཡོད་ཟེར།
    རང་བཙན་གྱི་བདག་དབང་སུ་ལ་ཡོད་དམ།
    ཧཧཧ་བོད་མིའི་ལས་དབང།

  9. དགེ་འདུན says:
    2019-03-25 at 3:00 am

    འཇམ་དབྱངས་ནོར་བུ་སོགས་མི་འགའ་ཤས་ལ་མཚོན་ན་རང་བཙན་ཁ་ལ་འཁྱེར་ནས་རང་གི་གནས་བབ་ཇེ་མཐོར་གཏོང་བའི་གོ་སྐབས་ཤིག་ལ་ངོ་འཛིན་བྱེད་ཀྱིན་ཡོད་སྲིད་པ་རེད་ལ། མི་འགའ་ཤས་ཤིག་ལ་འཇམ་ནོར་སོགས་བེད་སྤྱད་ནས་རང་དོན་དང་རང་གི་དམིགས་ཡུལ་སྒྲུབ་པའི་གོ་སྐབས་ཡག་ཤོས་ཤིག་ཡིན་སྲིད། གང་ལྟ་དམ་འཛིན་བྱས་ཏེ་གོ་སྐབས་འདི་མ་ཤོར་བར་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་དུ་རྩིན་བཞིན་ཡོད་སྲིད་པ་རེད། 
    དྲང་མོར་བཤད་ན་མི་འགའ་ཤས་ཤིག་ལ་༧གོང་ས་མཆོག་དང་༧གོང་ས་མཆོག་གི་རྗེས་འབྲངས་འཁོར་དང་བཅས་བའི་མགོ་བོ་ཡར་འགྱོགས་མི་ཐུབ་པ་ཞིག་བཟོ་ཡོད་ཡོད་རེད། ཡིན་ན་ཡང་༧གོང་ས་མཆོག་གི་མཚན་སྙན་རྒྱ་ཆེན་པོ་འཛམ་གླིང་ལ་ཁྱབ་པ་དང་མི་མང་ནང་གཙི་མཐོང་ཆེན་པོ་ཡོད་ཙང་ཅི་ཡང་བྱེད་ཕོད་ཀྱི་ཡོད་མ་རེད། སེམས་ན་མི་བཟོད་པའི་ན་ཟུག་གིས་ཁེངས་བསྡད་ཡོད་པ་གསལ་བོ་ཡིན། 
    བོད་ལ་གཏམ་དཔེ་ཞིག་ཡོད། ནང་གི་མི་ལ་སྙིང་ལངས་ནས། སྒོ་ཁའི་ཁྱི་ལ་རྡོ་གཞུས། ཟེར་བ་ལྟར་༧གོང་ས་མཆོག་ལ་ཅི་ཡང་བྱེད་མ་ཕོད་ཀྱང་གོང་ས་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་མིང་གིས་བསྙད་ནས་སྐྱོན་བརྗོད་བྱེད་ཀྱིན་ཡོད་རེད། 
    ཕ་གསོད་པའི་བུ་ལ་ཡང་རྒྱུ་མཚན་ཡོད་པས་རྒྱུ་མཚན་ཕྲན་ཚེགས་དང་རྒྱུ་མཚན་ལྟར་སྣང་ཞིག་ལ་བརྟེན་ནས་གོང་ས་མཆོག་ལ་ངོ་རྒོད་བྱེད་བཞིན་ཡོད་ཀྱང་། ངོ་རྒོལ་དེ་མངོན་སུམ་མ་ཡིན་པའི་ཐོག་ནས་འགྲོ་བཞིན་ཡོད་པས་ཚང་མས་གཟབ་དགོས་པར་མཐོང་། 
    གཅན་གཟན་གྱི་སྡེར་མོ་སྤུ་གསེང་ན་ཡོད་རེད།

    ། 

  10. མཚན་བགྲོད། says:
    2019-03-25 at 7:26 am

    རྒན་འཇམ་དབྱངས་ནོར་བུས་དཀོན་མཆོག་གསུམ་དཔང་དུ་བཙུགས་ནས་༸རྒྱལ་བ་རིན་པོ་ཆེས་ཁོ་རང་ལ་བཀའ་འདི་དང་དེ་གནང་བྱུང་ཞེས་བཤད་པ་དེར་བདེན་པ་ཡིན་མིན་ཚོད་དཔག་བྱེད་འདོད་མེད་ཀྱང་། ༸རྒྱལ་བ་རིན་པོ་ཆེས་ཁོ་རང་ལ་ནང་མའི་བཀའ་མོལ་གནང་བ་དེ་ཚོ་མི་ཚོགས་ཁྲོད་ཁྲོམ་བསྒྲགས་བྱེད་འོས་པ་ཞིག་གཏན་ནས་མ་རེད། ཁོ་རང་མི་ལོ་རྒན་ཉམས་མྱོང་ཡོད་མཁན་ཞིག་ཡིན་པའི་ཆ་ནས་འདི་ཙམ་ཞིག་བསམ་བློར་མ་འཁོར་བ་ཧ་ཅང་ཐབས་སྐྱོ་པོ་རེད།

  11. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-03-25 at 8:55 am

    བཙན་བྱོལ་སྒྲིག་འཛུགས་དང་མི་སྒེར་སོགས་ནས་རང་མིང་གྲགས་
    ཐབས་སུ་གོང་ས་མཆོག་གི་མཚན་བྱེད་སྤྱོད་མ་གནང་རོགས་གནང་
    ཐུགས་རྗེའི་གཟིགས་ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་བཀའ་
    བློན་སོགས་རྐང་པ་གཉིས་འཛུགས་མིན་པའི་མི་སྣ་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་ལ་འོས་འཕེན་དགོས་པ་དེ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

  12. རྒྱ་མ་ཚ་ says:
    2019-03-25 at 1:02 pm

    མཚན་བགྲོད་ལགས་ནས་ཡག་པོ་གསུང་འདུག་ང་ཡང་བསམ་ཚུལ་དེ་མཚུང་ཡིན་མ་ཟད་ནམ་རྒྱུན་མཁས་་དབང་འཇམ་དབྱང་ནོར་བུ་ལ་འཛིན་པའི་ལྟ་ཚུལ་ང་ཚོའི་བོད་མིའི་རང་བཙན་འཐབ་བརྩོད་པ་ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་གྱི་ཡོད། འོན་ཀྱང་་སྔ་ལོ་མཁསདབངའཇམ་ངབྱང་ནོར་བུ་ལགས་ལ་༧ གོང་ས་མཆོག་གི་དམིགས་གསལ་གཟུར་མཇལ་གྱི་གོ་སྐབས་བཟང་པོ་འདི་དང་ནང་དོན་བཀའ་སློབས་གང་་ཡིན་མེན་ལ་མ་ལྟོས་པའི་
    ཐད་ཀར་སྤྱི་ཚོགས་དྲ་ལམ་ཁག་ལ་གྲགས་ནས་ཟུང་ངས་ཁོང་ལ་འཛིན་བག་འཆག་བཟང་པོ་འདི་ཡོང་སུ་ནོར་བ་ཞིག་ཡིན་པ་ཤེས་འཚོར་བྱུང་། ་རྒྱུ་མཚན་ནི་མིའི་རང་ཞིན་གྱི་ཉན་གནང་ལ་ཀླད་ཚད་ལ་གཞན་ལ་གུས་ཞབས་ལྡན་པ་དགོས་པ་དེ་འཇམ་དབྱང་ནོར་བུ་ལ་

  13. རྒྱ་མ་ཚ་ང says:
    2019-03-26 at 1:05 am

    མཚན་བགྲོག་ལགས་ནས་ཡག་པོ་གསུང་འདུག་ང་ཡང་དེ་མཚུང་ཡིན་སྔོན་མཁས་དབང་འཇམ་དབྱང་ནོར་བུ་ལགས་རང་བཙན་འཐབ་བརྩོད་པ་མཚད་ལྡ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འོན་ཀྱང་་སྔ་ལོ་་༧གོང་ས་མཆོག་གི་དམིག་གསལ་གྱི་གཟུར་མཇལ་གྱི་གོ་སྐབས་བཟང་པོ་འདི་དང་༧གོང་ས་མཆོགས་ནས་བཀའ་གང་གསུང་མེད་ལ་མ་ལྟོས་པར་ཐད་ཀར་སྤྱི་ཚོགས་དྲ་ལམ་ཁག་ལ་གྲགས་ཡས་དེ་གཅིག་ནས་གུས་ཞབས་མེད་པ་དང་གཉིས་ནས་ཆབ་སྲིད་ཀྱི་ཕྱགས་ལས་གནང་ཡས་ཀྱི་ནུས་པ་གཞན་ཆ་ཆེན་པོ་ཡོད་པ་འཚོར་གནང་བྱུང་
    ཙ བའི་འཇམ་ནོར་གྱི་བཤད་པའི་སྐད་ཆ་བདེན་པ་མ་ཡིན་པ་འཇམ་ནོར་གྱི་གསལ་གྲགས་བྱས་པའི་ཉིན་དང་པོ་ནས་གསལགསལ་རྗེན་རྗེན་བསམ་ཡོད་ཞིགས་ན་ཤེས་དགོས་ཚོད་རེད་
    གལ་ཏེ་༧གོང་ས་མཆོག་གི་ཐུག་དགོང་ལ་བོད་མི་ཚངས་མས་སླར་ཡང་རང་བཙན་བརྩོད་དགོས་་པ་ཞིག་དང་དབུ་མ་སྤང་ཀོས་ལྟོ་ཀླུང་པ་ཞིན་དུ་་གཟིགས་ཀྱི་ཡོད་ན་༧གོང་ས་མཆོག་ནས་དེ་འཇམ་ནོར་རྒྱུད་ནས་གསལ་གྲགས་གནང་དགོས་ཙ་བ་རང་ནས་མེད་པ་དབུས་བོད་མིའི་སྒྲིགས་འཛུགས་རིམ་པ་ལྟར་ཡོད་ཡོད་པ་རེད་

  14. རྒྱ་མ་ཚང says:
    2019-03-26 at 1:13 am

    དགོང་དག་་དྲ་དཔོན་ལགས་དེ་གཉིས་ནོར་སོང་

  15. སྤར་ཤད། says:
    2019-03-26 at 2:28 am

    འཇམ་དབྱངས་ནོར་བུ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཟེར་བ་དེའི་སློབ་སྟོན་པའམ་མི་སྣ་གཙོ་བོ་ཡིན་པར་གླེང་གི་ཡོད་པ་ལྟར་ན། ཁོ་བས་མདོ་སྨད་ཕྱོགས་རྒྱ་སྡེར་ངོས་འཛིན་བྱེད་ཀྱིན་པ་ལས་བོད་ཁོངས་སུ་བརྩི་ཀྱིན་མེད་པ་ན་ནིང་གི་ཁོ་བའི་བརྙན་ཐུང་ཞིག་ལས་གསལ་བོ་བཤད་སོང་། དེ་ན་ཁོ་བའི་དམིགས་ཡུལ་ངོ་མ་གང་ཡིན་མང་མང་དོགས་པ་ཟ་བཞིན་པར་ཁག་མེད་དེ། རྒྱུ་མཚན། ཁོ་བས་བོད་རང་གི་རྒྱལ་རབས་ལོ་རྒྱུས་ལ་འཁྱོག་བཤད་ཀྱིས་རྒྱ་ནག་གིས་ལོ་རྒྱུས་རྫུན་བཟོ་བྱས་པ་རྩ་འཛིན་བྱེད་ཀྱིན་ཡོད་པ་མ་ཡིན་ནམ། དེར་བརྟེན་འཇམ་ནོར་གྱིས་བསྒྲགས་དང་སྒྲོག་བཞིན་པའི་བོད་རང་བཙན་ཟེར་དེར་ངོས་འཛིན་གསལ་བོ་ཞིག་མ་ཤེས་པར་གཡམ་རྒྱུག་བྱེད་མཁན་དག་གིས་གཟབ་གཟབ་བྱེད་གལ་ཆེའོ། །

  16. རྒྱ་མ་ཚང says:
    2019-03-26 at 8:32 am

    མཚན་བགྲོད་ལགས་ནས་ཡག་པོ་བྲིས་འདུག་ སྤྱིར་བོད་མི་རིགས་འདིའི་ལས་་དབང་གི་འཐབ་བརྩོད་ནང་རངབཙན་བརྩོད་ལེན་པ་ལོས་དགོས་ དེ་སྔོན་མཁས་དབང་འཇམ་དབྱང་ནོར་བུ་ལགས་བོད་རང་བཙན་འཐབ་བརྩོད་པ་ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འོན་ཀྱང་སྔ་ལོ་༧གོངས་ས་མཆོག་གི་དམིགས་གསལ་ཟུར་མཇལ་དང་བཀའ་་གང་གནང་མིན་ལ་མ་ལྟོས་པར་ཐད་དཀར་དྲ་ལམ་ཁག་ལ་ཁྱབ་གྲགས་གནང་ནས་གཟུང་འཇམ་ནོར་མིའི་རང་གཞིན་ལ་གུས་ཞབས་མེད་པ་ཞིག་དང་དོན་དམ་པའི་རང་བཙན་འཐབ་་བརྩོད་པ་ཞིགས་དང་ལྷགས་པར་དུ་བོད་མི་རིགས་ཀྱི་ལས་དབང་ལ་བརྩོད་པའི་ཆབ་སྲིད་པ་ཞིགས་མིན་པ་དུས་དེ་ནས་གཟུང་ཁོང་གི་རང་གཟུགས་ངོ་མ་དོན་གསོང་
    ཙ་བའི་སྐབས་དེ་དུས་འཇམ་ནོར་གྲགས་་པའི་་༧གོངས་ས་མཆོག་གི་བཀའ་ཡིན་ཞེས་པ་དེ་བསམས་ཡོད་ཞིགས་ཡིན་ན་དྲང་གཏམ་མ་ཡིན་གསལ་གསལ་བརྗེམ་བརྗེན་རེད་ གལ་ཏེ་༧ གོངས་མཆོག་ནས་སླར་ཡང་བོད་མིའི་འཐབ་བརྩོད་འདི་རང་བཙན་དང་ལམ་དབུ་མ་དེ་སྤང་ཀོས་ལྟོ་ཀླུང་བ་འདྲ་ལྦ་གཟིགས་ཀྱི་ཡོད་ན་དེ་འཇམ་ནོར་རྒྱུད་ནས་ཁྱབ་གྲགས་གནང་དགོས་པ་ཙ་བ་རང་ནས་མེད་དབུད་བོད་མིའི་སྒྲིགས་འཛུགས་དང་སྐུ་དགེར་གང་ལ་ཡང་བཀའ་གནང་ཡས་ཀྱི་འཁུར་ཡུག་ཡོད་ཡོད་པ་རེད་ དེ་ན་ང་ཚོས་མཁྱེན་དགོས་པ་ནི་དང་པོ་འཇམ་ནོར་ནས་ ཟུར་མཇལ་དགོས་རེ་བ་ཞུས་དེ་ནས་དྲང་བདེན་མ་ཡིན་པའི་ཁྱབ་གྲགས་བྱེད་དགོས་པའི་རྒྱབས་ཏུ་གནས་དོན་གང་ཡོད་པ་ཚང་མས་མཁྱེན་པ་དགོས་པ་གལ་ཆེར་མཐོང་

  17. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-03-26 at 10:25 am

    ང་ཚོ་མི་ཡུལ་དུ་མི་ལོ་དྲུག་བཅུ་འགྲོ་སོང་ལ་རང་བཙན་དང་
    དབུ་མའི་ལམ་བཤད་ནས་ཉི་མ་སྐྱལ་སོང་ལ་དོན་དངོས་བཙན་
    བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅོ་ལྔའི་ནང་བོད་དོན་
    བདེན་མཐའ་གསལ་ཐབས་ཟེར་བའི་ཐ་སྙད་ཙམ་ལས་རང་བཙན་
    དང་དབུ་མའི་ལམ་གང་ཡང་བཅའ་ཁྲིམས་ནང་གསལ་མེད་པ་ནས་
    ད་ལམ་སྤྱི་འཐུས་གྲོས་ཚོགས་ནང་སྲིད་སྐྱོང་མཆོག་ནས་དབུ་མའི་ལམ་
    གྱི་བདག་དབང་དེ་བཀའ་ཤག་ལ་ཡོད་གསུང་འདུག་ན་རང་བཙན་གྱི་
    བདག་དབང་དེ་སུ་ལ་ཡོད་དེ་ཡང་གསལ་པོ་བཟོ་དགོས་པ་དེ་མང་གཙོ་
    དང་ཁྲིམས་ཀྱི་དབང་བསྒྱུར་ལ་ང་ཚོའི་འགན་འཁུར་དགོས་པ་་མ་རེད་
    དམ?

  18. དགེ་འདུན says:
    2019-03-27 at 12:23 am

    འཇམ་ནོར་གྱི་བོད་རང་བཙན་ཟེར་བ་དེ་ཁོས་བཤད་སྟངས་ན་བལྟས་ན་སྔོན་ཆད་དགའ་ལྡན་ཁོ་བྲང་གི་མངའ་ཁོངས་གང་ཡིན་པ་དེ་ལ་བཤད་ཀྱི་ཡོད་པ་འདྲ། འབྲུ་ཆུའི་ཕར་རྒྱབ་ཀྱི་ཁམས་པ་དང་། ཨ་མདོ་ས་ཆ་ཡོངས་རྫོགས་རྒྱ་ཁོངས་ཡིན་པར་ངོས་འཛིན་གྱིས་རྒྱ་སྡེར་འབོད་ཀྱི་ཡོད་ས་རེད།
    སྐད་ཆ་ག་རེ་ཡིན་ན་མིན་ན་གསལ་བོར་བཤད་དགོས་པ་དེ་གལ་ཆེན་པོ་རེད།་ཡིན་པ་འདྲ་བོ། མིན་པ་འདྲ་བོ། གསལ་ལ་མི་གསལ། ལྐོག་ལྐིག་བྱེད་པ་ཡག་པོ་མ་རེད། ཕྱི་གསལ་ནང་གསལ་བྱས་ན་ཡག་པོ་ཡོད་རེད་བསམ་སོང་།
     ཁ་སང་ན་གོ་བདེ། ནམ་ལངས་ན་འགྲོ་བདེ། སྔ་ས་ནས་ཁ་གསལ་བརྟིང་གསལ་བྱས་ན་མ་གཏོགས་རྗེས་ཕྱོགས་གོ་ནོར་འཐེབས་པ་དང་དཀའ་ངལ་འཕྲད་སྲིད་པ་རེད་སྙམ། 

  19. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-03-27 at 4:54 am

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མ་གསལ་བའི་ཐ་སྙད་
    རང་བཙན་དང་དབུ་མའི་ལམ་ལ་ང་ཡིན་ཁོ་ཡིན་གྱི་ཚང་ཁ་ཡོད་
    ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བའི་བོད་དོན་
    བདེན་མཐའ་གསལ་ཐབས་ཟེར་བའི་ཐ་སྙད་དེའི་བདག་དབང་དང་འགན་འཁུར་སུ་ལ་ཡོད་དམ།

  20. AྀBHARU JIGWANG says:
    2019-04-02 at 11:01 pm

    ༄༅། དབུ་མ་དེ་གཞུང་འབྲེལ་གྱིས་གཏན་འབེབས་གནང་བའི་སྲིད་བྱུས་གཅིག་རེད།
    རང་བཙན་རྩོད་ན་ལོས་རྩོད་རྒྱ་དམར་པོར་རྩོད།
    དབུ་རང་གཉིས་ཀ་བོད་ཁ་བ་གངས་ཅན་གྱི་དོན་རེད།
    རྩོད་མཁན་ཚང་མར་དགའ་བསུ་ཡོད།
    གཅིག་གི་གཅིག་ལ་མི་འདོད་པའི་སྐད་ཆ་བཤད་མི་རུང།

  21. ཀརྡོ་རབ་འབྱམས་པ་ says:
    2019-04-03 at 10:49 am

    ཡང་ན། ཟམ་གདོང་རིན་པོ་ཆེའམ། འབུམ་རམས་པ་བསྟན་འཛིན་རྡོ་རྗེ། ཡང་ན། སྤེན་པ་ཚེ་རིང་ངམ། ཀརྨ་དགེ་ལེགས། ཧཧ། ངའི་འུ་ཐུག་པའི་རྨོངས་འཆར་ཙམ་མོ།། ཧཧཧ།། །།

  22. AྀBHARU JIGWANG says:
    2019-04-14 at 5:33 pm

    དེ་རིང་ཁ་ས་་་ཡས་ཡས་ལ་འབུམ་རམས་པ། མས་མས་ལ་འབུམ་རམས་པ་ཡིན་ཞེས་ཕལ་ཆེར་
    ལྷ་ལུང་དཔལ་རྡོར་དངོས་སྤྱུལ་་ཡིན་མདོག་བྱེད་ནས་བོད་པའི་སྤྱི་ཚོགས་ཆུང་ངུའི་ནང་
    མ་ངོམས། མ་རྩོད། ཨ་མས་འོ་མ་བཏུང་ནས་་་བོད་གངས་ཅན་གྱི་་རྒྱུད་པ་་་བཅོས་མིན་ཡིན་ན་
    གདོང་པ་ཕར་རྒྱབ་ལ་བལྟས་ནས་་ངོམས་། གདོང་པ་ཕར་བལྟས་ན་རྩོད།
    ངོམས་རྩོད་གང་བྱེད་རྒྱུ་ཡོད་ཀྱང་་་ཚུར་ནང་ལོགས་སུ་མ་རེད།
    ཕར་ལོགས་སུ་ཕ་ས་བཙན་འཕྲོག་བྱེད་མཁན་དེ་ལ་ཡ་ལན་སློག་དང་་་ཆོལ་གསུམ་བོད་མིས་དེ་ལ་
    དགའ་བསྟོད་བྱེ་པ་ལས་ནང་རྩོད་བྱེད་ན་སུ་གཅིག་གི་མི་དགའ།

  23. ཨོ་རྒྱན་སྐྱབས། says:
    2019-04-19 at 2:13 pm

    རྒྱ་ནག་གིས་མ་འོངས་ལོ་བཅུའི་ནང་བོད་རིགས་ས་ཁུལ་གྱི་གྲོང་ཁྱེར་ཆེ་ཁག་ལ་རྒྱ་རིགས་ཀྱི་མི་འབོར་ཤུགས་ཆེ་སྤོས་ནས། ས་ཁུལ་དེ་དག་རྒྱ་རིགས་ཀྱིས་བདག་སྐྱོང་བྱེད་དགོས་པའི་ཡིག་ཆ་ཐོན་འདུག

    བྱས་ཙང་། ཆབ་མདོ། ལྷ་ས། གཞིས་རྩེ། ནག་ཆུ། ཀན་རྩེ། རེབ་གོང་། སྡེ་དགེ་བཅས་ལ་རིམ་བཞིན་རྒྱ་རིགས་མི་འབོར་ཤུགས་ཆེ་གནས་སྤོས་ཀྱི་གྲ་སྒྲིག་ཨང་གསར་རེད་འདུག གཙོ་བོ་རེབ་གོང་ཁུལ་ལ་ཉེ་འཁོར་གི་ཁ་ཆེ་གཙོ་བོར་གྱུར་བའི་མི་རིགས་གཞན་གནས་སྤོས་བྱ་རྒྱུ་དང་། བོད་ལྗོངས་ལ་རྒྱ་རིགས་ལས་མི་རིགས་གཞན་སྤོ་མི་ཆོག་ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme