Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གུང་ཁྲན་ཏང་གི་དམག་དཔུང་ལ་ལྟ་བ།

Posted on 2008-06-16 By དབང་ཕྱུག་ No Comments on གུང་ཁྲན་ཏང་གི་དམག་དཔུང་ལ་ལྟ་བ།

རྐང་རྗེན་པ།

ཉེ་ལམ་གསུམ་པའི་ཚེས་བཅུ་ནས་བཟུང་སྟེ་བོད་ས་ཡོངས་སུ་ཞི་བའི་ཡར་ལངས་བྱས་ཤིང༌། ཉམ་ཆུང་བོད་རིགས་ཞིང་འབྲོག་མི་མང་ཕལ་ཆེ་བའི་ལག་ཏུ་མཚོན་ཆ་ཁབ་རྩེ་ཙམ་མེད་པར་ཁུ་ཚུར་གནམ་ལ་འཕྱར་ཏེ་རྒྱ་འོག་གི་དཀའ་སྡུག་འགྲེལ་བརྗོད་བྱེད་སྐབས། རྒྱ་གཞུང་གིས་དྲག་པོའི་དམག་དཔུང་བེད་སྤྱོད་ཀྱིས་ལྕགས་འཁྲབ་འཁོར་ལོ་དང་མེ་སྒྱོག་སོགས་དེང་རབས་མཚོན་ཆ་འཁྱེར་བའི་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་དམག་མི་སོགས་ཁྲི་གཉིས་ལྷག་བཏང་སྟེ་མི་མང་དམར་གསོད་དང༌། ཉེས་རྡུང༌། བཙན་འཕྲོག་དང་གཏོར་བཅོམ། བཙོན་འཇུག་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་མཐོང་དུས། གུང་ཁྲན་ཏང་གི་དམག་དཔུང་ནི་ཕྱིའི་དགྲ་བོ་འདུལ་བའི་ཐོ་བ་དང༌། ནང་མི་སེར་སྐྱོབ་པའི་དཔུང་དམག་ཅིག་མ་ཡིན་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་དམར་པོ་དེ་ཡང་བསྐྱར་དྲན་འོང་བ་ཞིག་རེད།
རྒྱུན་རིང་གི་ལོ་རྒྱུས་ལ་བལྟས་ཡོང་ན། གུང་ཁྲན་ཏང་གི་དམག་དཔུང་ནི་བཀྲ་མ་ཤིས་པ་ཞིག་སྟེ། ཕྱིའི་བཙན་འཛུལ་ལ་ངོ་རྒོལ་གྱིས་རྒྱལ་སྐྱོབ་དམངས་ཕན་གྱི་བྱ་བ་ཞིག་བྱས་མྱོང་མི་འདུག་པ་མ་ཟད། ནང་དམེ་རྐྱང་རྐྱང་གི་འཐབ་ར་ལས་ལས་བརྒལ་ཐུབ་མེད། ང་ཚོས་ཆེས་གསལ་བོར་མཐོང་བ་ནི། ལོ་རབས་སུམ་ཅུ་དང་བཞི་བཅུའི་ནང་དུ་ལྐོག་གཡོ་ངན་ཇུས་ཀྱི་འཕག་འཚག་ཤིག་རྒྱབ་པ་དང༌། ལོ་རབས་བརྒྱད་ཅུ་བའི་ནང་རང་ཁྲག་ཧམ་འཐུང་དང་མི་སེར་གསོད་གཏུབ། ཉིས་སྟོང་བརྒྱད་ལོར་ཉེས་མེད་བོད་མི་སེར་སྐྱ་ཡོངས་ལ་ཁྲག་དྲི་བྲོ་བའི་གཡུལ་འཐབ་ཐེངས་གཅིག་བཤམས་པ་བཅས་རེད།
དེ་ཡང་ལོ་རབས་སུམ་ཅུ་བའི་ནང་ཉི་ཧོང་གིས་བཙན་འཛུལ་བྱེད་སྐབས་གུང་ཁྲན་ཏང་གི་དམག་མིས་དམག་ས་མདུན་མར་གོ་མིན་ཏང་གི་དམག་དཔུང་གཡོ་བཙོང་བྱས་པའི་ནག་ཉེས་དང༌། དགྲ་ཕར་རྒོལ་གྱི་དཔའ་རྟགས་རྐུ་འཁྱེར་བྱས་པ་འབའ་ཞིག་ཡོད་མོད། དེ་མིན་སྐབས་དེར་ཡུལ་དམག་དང་སྡེ་དམག་སྡེབས་ལངས་བྱས་པའི་བྱས་རྗེས་ཙམ་ཡོད་པ་ལས། གུང་ཁྲན་ཏང་གི་དམག་དཔུང་རང་ལ་སྤོབས་པ་བྱེད་འོས་པ་དང༌། ངོམ་རིན་ཡོད་པའི་དཔའ་རྟགས་དང་ལག་རྗེས་ཤིག་ལོ་རྒྱུས་ཀྱི་ཤོག་དཀར་ངོས་སུ་བདེན་གཏམ་གྱི་ཡིག་གེར་འགོད་ཐུབ་མེད། དེ་དང་མཐུད་ནས་ཤ་ཁྲག་རུས་རྒྱུད་གཅིག་པའི་གོ་མིན་ཏང་གི་དམག་དཔུང་ལ་ལྐོག་གཡོ་ངན་ཇུས་ཀྱིས་ནང་དམེ་ཁོ་ནའི་འཁོར་ལོ་བསྐོར་ཏེ་རྒྱ་རིགས་ཁྲི་ཕྲག་མང་པོའི་མགོ་བོ་ཐང་ལ་གཡུགས་མྱོང་བས་ཞིབ་ཏུ་བསམ་ན་རྒྱ་རིགས་མི་མང་ཚོ་ཡང་སྐྱུག་བྲོ་ཞིང་ཞེ་མེར་བ་ཞིག་ཡིན།
ལོ་རབས་བརྒྱད་ཅུ་བའི་ནང་ལྷ་སར་བོད་རིགས་མི་མང་གིས་རང་དབང་དང་འདྲ་མཉམ་དགོས་པའི་དགོས་འདུན་བཏོན་པའི་སྐབས་དང༌། རྒྱ་ནག་པེ་ཅིན་དུ་རྒྱ་རིགས་སློབ་མ་ཁྲི་ཕྲག་མང་པོས་མང་གཙོ་དང་འདྲ་མཉམ་དགོས་པའི་རྣམ་འགྱུར་སྟོན་སྐབས། ཡ་ང་བ་དང་བག་ཚ་བ་མེད་པར་གུང་ཁྲན་ཏང་གི་དམག་འཐབ་ཐེངས་གཅིག་བྱས་མྱོང་བ་དང༌། དེའི་སྐབས་སུ་ལྕགས་འཁྲབ་འཁོར་ལོ་དང་ཐན་ཁེ། མེ་སྒྱོགས་སོགས་དེང་རབས་ཀྱི་མཚོན་ཆ་བཟུང་བའི་རྒྱ་དམག་གི་ཁ་གཏད་དུ་ཡོད་པ་ནི་མི་དམངས་དཀྱུས་མ་དང་སློབ་མ་རྐྱང་རྐྱང་ཡིན་ལ། ཁོང་ཚོའི་ལག་པ་སྟོང་བ་ཡིན་པ་མ་ཟད། མི་རིགས་དང་མི་དམངས་ལ་ལྷག་བསམ་རྣམ་དག་ཡིན། ཡིན་ནའང་གུང་ཁྲན་ཏང་གིས་སྐད་ཅིག་དེ་ཉིད་དུ་དམར་གསོད་བཏང་ནས་རོ་ཡི་རི་བོ་བརྩིགས་ཤིང༌། ཁྲག་གི་ཡུར་ཆུ་བཞུར་ཏེ་གུང་ཁྲན་ཏང་གི་དམག་མིས་སྙིང་སྟོབས་ངོམ་ཡོད། འདི་ལྟར་བལྟས་ཡོང་ན། རྒྱ་ནག་གིས་འགྲོ་སོང་གི་བརྒྱ་ཆ་བདུན་ཅུ་བཏང་སྟེ་གསོ་སྐྱོང་དང་ཡར་རྒྱས་བཏང་བའི་དམག་མི་དག་གི་སྙིང་སྟོབས་ངོམ་ས་དང༌། དེང་རབས་མཚོན་ཆའི་ཟིལ་ཤུགས་ངོམ་ས་ཉམ་ཆུང་མི་སེར་གྱི་ཚེ་སྲོག་ཆགས་ཡོད་སྟབས། རྒྱ་ནག་གི་དབང་འཛིན་པ་ཚོ་དང་མི་སེར་གྱི་བར་དུ་ཞེ་འཁོན་དང་སྡུག་ནད་དྭངས་ཐབས་མེད་པ་མ་ཟད། ཆེས་མུན་ནག་དང་ཆེས་གདུག་རྩུབ། ཆེས་ཀླ་ཀློ་ཡིན་པའི་གུང་ཁྲན་ཏང་གི་དམག་དཔུང་གི་སྡུག་ཉེས་ནམ་མཁར་མི་ཤོང་བ་ཡིན།
དུས་རབས་ཀྱི་བང་ཁ་ཞི་བདེར་སྙེག་པའི་ཉིས་སྟོང་བརྒྱད་ཀྱི་ལོ་འདིར་ཡང༌། བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་རང་དབང་དང་ཐོབ་ཐང་གི་དགོས་འདུན་འདོན་མཁན། ཞིང་གྲོང་དང་གྲོང་བརྡལ། འབྲོག་སྡེ་དང་དགོན་པ། སློབ་གྲྭ་དང་གྲོང་ཁྱེར་སོགས་བོད་ས་ཁྱོན་ཡོངས་ནས་སེར་སྐྱ་མི་མང་གིས་ཞི་བའི་འབོད་ཚིག་དང༌། ལག་པ་གནམ་དུ་བཀྱག་སྟེ་མངོན་འདོད་གསལ་བརྗོད་ཀྱིས་འོས་ལངས་བྱས་པར། རྒྱ་གཞུང་གི་དྲག་པོའི་དམག་དཔུང་གིས་གཡུལ་བཤམས་ཏེ། དེང་རབས་ཐོན་གསར་གྱི་ལྕགས་འཁྲབ་འཁོར་ལོ་དང་ཐན་ཁེ། མེ་སྒྱོག་སོགས་ཀྱི་མཚོན་ཆ་བཟུང་བའི་བཅིངས་འགྲོལ་དམག་མི་འབོར་ཆེན་བཏང་ནས་ཞིང་འབྲོག་མི་མང་གིས་མཚོན་པའི་ཉམ་ཆུང་བོད་མི་ཡོངས་ལ་དྲག་པོའི་རྒོལ་རྡུང་ཁྲོད་ཡ་ང་སྙིང་རྗེ་དང་ངོ་ཚ་ཁྲེལ་མེད་ཀྱིས་དམར་གསོད་དང༌། ཉེས་རྡུང༌། བཙོན་འཇུག་སོགས་ཉེས་མེད་ཉེས་འགེལ་བྱེད་བཞིན་པ་འཛམ་གླིང་མི་མང་གིས་དངོས་སུ་ཤེས་རྟོགས་བྱུང་ཡོད་ཀྱང༌། ད་དུང་རྒྱ་རིགས་མི་མང་དང་ཕྱིའི་རྒྱལ་ཁབ་ཁག་ཏུ་གཡོ་ཧམ་གྱིས་རྫུན་ཚིན་འབའ་ཞིག་སྒྲོག་བཞིན་པ་ནི་རྒྱ་གཞུང་གི་གདོང་རིས་ངོ་མ་དེ་རེད། འདི་ལྟ་བུའི་མི་སེར་དམར་གསོད་གཏོང་མཁན་གྱི་རྒྱལ་ཁབ་ཅིག་སུ་ལ་མཁོ། འདི་ལྟ་བུའི་རང་གི་མི་སེར་གྱི་ཐོག་ཏུ་དྲག་པོའི་དཔུང་འཇུག་བྱེད་མཁན་གྱི་དམག་མི་ཞིག་གང་དུ་ཡོད། དེ་ནི་རྒྱ་ནག་ཁོ་ན་ཡིན་ལ། འདི་ནི་རྒྱ་ནག་མི་མང་གིས་ཀྱང་ངེས་པར་དུ་ཤེས་དགོས་པ་ཞིག་རེད།
ཉེ་ལམ་ལྷ་སའི་བརྙན་འཕྲིན་ནང་དུ། རྒྱ་ཡི་དཔོན་རིགས་འགས་འཐབ་ས་དང་པོའི་སྟེང་དུ་བྱས་རྗེས་འཇོག་བཞིན་པའི་དམག་མི་ལ་གཟིགས་གསོལ་ཞེས་དམག་མི་ཁྱུ་ཞིག་ལ་བྱ་དགའ་ལེགས་སྐྱེས་སྤྲོད་བཞིན་འདུག དམག་མི་ཚང་མར་དགའ་སྣང་ཞིག་འདུག་མོད། ངའི་སེམས་ལ་གྲང་འདར་ཞིག་རྒྱབ་བྱུང༌། ཁྱེད་རང་དམག་མི་ཞིག་གི་ངོས་ནས་ཞུས་ན། རང་གི་མི་སེར་གྱི་མགོ་དང་བྲང་ཁོག་ཏུ་མེ་མདའི་ཁ་གཏད་རྒྱུ་ནི་ཁྱེད་ཀྱི་འཐབ་ས་དང་པོ་དེ་ཡིན་ནམ། མ་མཐའ་ཡང༌། ཁྱེད་ལ་དམག་འཐབ་ཇུས་འགོད་བྱེད་ས་དང༌། མཚོན་ཆ་བེད་སྤྱོད་གཏོང་ས་ཆུང་དྲག་འདུག་པའི་ཚོར་བ་ཞིག་མི་སླེབས་སམ།
དོན་དངོས་ཀྱི་རི་མོ་ས་ལ་ལྷུང་བ་འདི་དག་ལ་བལྟས་ཏེ། ངས་གུང་ཁྲན་ཏང་གི་དམག་དཔུང་ནི་བཀྲ་མ་ཤིས་པ་ཞིག་སྟེ། ཕྱིའི་བཙན་འཛུལ་ལ་ངོ་རྒོལ་གྱིས་རྒྱལ་སྐྱོབ་དམངས་ཕན་གྱི་བྱ་བ་ཞིག་བྱས་མྱོང་མི་འདུག་པ་མ་ཟད། ནང་དམེ་རྐྱང་རྐྱང་གི་འཐབ་ར་ལས་ལས་བརྒལ་ཐུབ་མི་འདུག་ཟེར་གྱི་ཡོད།

སྣ་ཚོགས།

Post navigation

Previous Post: བོད་ཀྱི་བུད་མེད་ཚོ་ནུབ་ཕྱོགས་མི་ལ་ཆང་ས་རྒྱག་པའི་རྒྱུ་མཚན།
Next Post: རྒད་པོ་གྲྭ་ཆས་ཅན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme