Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གུ་གུལ་མིག་ཤེལ།

Posted on 2013-04-182013-04-18 By ཁ་བརྡ་ 9 Comments on གུ་གུལ་མིག་ཤེལ།

བསོད་ནམས་ཟླ་བ།

བརྡ་འཕྲིན་དང་བརྙན་པར་གྱི་མཐུན་རྐྱེན་འཛོམས་པའི་གུ་གུལ་མིག་ཤེལ་ཉོས་ནས་གྱོན་མཁན་ནི་ཆ་འཕྲིན་འཕེལ་རྒྱས་ཀྱི་ལོ་རྒྱུས་གཏོད་མཁན་གྲས་སུ་བརྩི་ཆོག་ལ། ད་ལྟའི་སྤྱི་ཚོགས་ཀྱི་ངོས་ལེན་དང་བེད་སྤྱོད་གཏོང་རྒྱུར་བཀག་སྡོམ་མི་ཡོང་བ་བྱེད་རྒྱུའི་ཚོད་ལྟའི་དུས་རིམ་ཞིག་ཀྱང་ཆགས་ཡོད། མི་མང་དང་། ཁྲིམས་ལུགས་པ། བརྡ་ཁྱབ་སྤེལ་མཁན། འཕྲོད་བསྟེན་སློབ་སྟོན་པ་སོགས་ཀྱིས་བཟོ་སྐྲུན་དེས་རྐྱེན་པས་མིའི་འཕྲོད་བསྟེན་དང་། བདེ་འཇགས། སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ཐད་ལ་རེ་དོགས་འདྲ་མིན་ཡོང་གཞིར་གྱུར་ཡོད།

བདུན་ཕྲག་འདིའི་རེ་གཟའ་མིག་དམར་ཉིན་གུ་གུལ་བཟོ་ཚོང་ཁང་གིས་ Google Glass ཞེས་པའི་མིག་ཤེལ་ཞིག་ཚོང་རྭར་འགྲེམས་སྤེལ་བྱས་ཡོད། མིག་ཤེལ་དེ་ལ་དྲ་རྒྱའི་མཐུན་རྐྱེན་ལྡན་པ་དང་། 1280X720 pixel ཐོག་བརྙན་པར་རྒྱག་ཐུབ་པ། 16GB Flash Storage ཅན་གྱི་གསོག་ཆས། 5MP གྱི་དཔར་ཆས། Bluetooth (སོ་སྔོན་པོ་) WiFi ། AudioRecord སྒྲ་འཛིན། ཉིན་མང་པོར་ལྡང་བའི་(battery)མེ་བཅས་ཀྱི་མཐུན་རྐྱེན་ལྡན་ཡོད།

གུ་གུལ་མིག་ཤེལ་གྱོན་མཁན་གྱིས་དུས་ངེས་མེད་དུ་རང་གི་མཐོང་ཆོས་སུ་གྱུར་པ་རྣམས་ཕྲ་ཞིང་ཞིབ་པར་བརྙན་པར་ཐོག་ཉར་གསོག་ཐུབ་ཀྱི་ཡོད། མིག་ཤེལ་དེའི་མདུན་དུ་ཡོང་མཁན་མི་གཞན་ཞིག་ལ་ཆ་མཚོན་ན་དེའི་དོགས་ཟོན་བྱེད་གཞིར་འགྱུར། གལ་ཏེ་མི་ཚང་མས་མིག་ཤེལ་བེད་སྤྱོད་བྱས་ན་མི་དང་མི་དབར་གྱི་འབྲེལ་ལམ་དེ་ཡག་ཉེས་ཇི་བྱུང་ཤེས་ཚོད་ཐིག་པར་དཀའ། ཡོ་རོབ་ཀྱི་མངའ་སྡེ་དང་། སྒེར་གཉེར་སྐར་མ་ལྔ་ཅན་གྱི་མགྲོན་ཁང་ཁ་ཤས་ཀྱིས་གུ་གུལ་མིག་ཤེལ་དེ་རིགས་བེད་སྤྱོད་བཏང་མི་ཆོག་པའི་བཀག་སྡོམ་གཏན་འབེབས་བྱེད་རྩིས་ཡོད།

མི་མང་གི་བདེ་འཇགས་ལ་གཞིགས་ན། ལག་ཐོགས་ཁ་པར་དང་། རྣ་ཅུད་ཁ་པར། ipod, tablet སོགས་བེད་སྤྱོད་བྱས་ནས་འགྲུལ་ལམ་དུ་བརྡབ་སྐྱོན་དང་འཆི་རྐྱེན་གྱི་བརྒྱ་ཆ་ཧ་ཅང་མཐོ་པོ་ཡིན། གུ་གུལ་མིག་ཤེལ་དེ་དེ་གོང་གི་འཕྲུལ་ཆས་ལས་རང་གཞན་གཉིས་ཀའི་བདེ་འཇགས་ལ་གནོད་ཤུགས་ཆེ་བ་ཡོད་པའི་ཚོད་དཔག་ཐུབ་ཡོད།

ད་ལྟ་ཕན་ཆད་ང་ཚོའི་སྒེར་གྱི་གནས་ཚུལ་ཕོན་ཆེན་ཞིག་གུ་གུལ་གྱི་ཡིག་མཛོད་ (server) ཐོག་ཉར་གྱི་ཡོད་ལ། ད་དུང་གུ་གུལ་མིག་ཤེལ་གྱིས་ལོན་པའི་བརྙན་སྒྲ་དཔར་གསུམ་གྱིས་མི་སྒེར་གྱི་གནས་ཚུལ་མཁོ་འདོན་ཤུགས་ཚད་ཚད་ལས་བརྒལ་ཡོང་གི་ཡོད་དུས་ཡོ་རོབ་གྲོས་ཚོགས་ཀྱིས་སྒེར་གྱི་གནས་ཚུལ་བདག་དབང་དང་འབྲེལ་བའི་ཉེན་འཛུགས་བྱེད་གཞིར་གྱུར་ཟིན་ཡོད། ད་ལྟ་མིག་ཤེལ་ ༧༠༠༠ ལྷག་ཙམ་འགྲེམས་སྤེལ་ཟིན་པ་དང་། གཞན་ཁག་མང་པོ་ཞིག་བརྟག་དཔྱད་སྤུས་ཀ་ལེགས་གཏོང་གི་ཚོད་ལྟའི་ཐོག་བཞག་ཡོད།

གུ་གུལ་མིག་ཤེལ་བཟོ་མཁན་སྐུ་ཞབས་ སར་གྷི། བི་རཱིམ་གྱི་ཐོན་རྫས་གསར་པ་དེའི་སྐོར་གྱི་འགྲེལ་བཤད་ལ་གཟིགས་ན། http://www.youtube.com/watch?v=rie-hPVJ7Sw

སྣ་ཚོགས།

Post navigation

Previous Post: དགོང་གའི་མཚམས་སྤྲིན།
Next Post: ཁ་རྩང་དེ་རིང་གི་ཡུལ་ཤུལ།

Comments (9) on “གུ་གུལ་མིག་ཤེལ།”

  1. བསོད་ནམས་ཟླ་བ། says:
    2013-04-18 at 2:17 am

    “གུ་གུལ་མིག་ཤེལ་བཟོ་མཁན་སྐུ་ཞབས་ སར་གྷི། བི་རཱིམ་གྱིས་ཐོན་རྫས་གསར་པ་དེའི་སྐོར་འགྲེལ་བཤད་ལ་གཟིགས།” ཞེས་པའི་འོག་དེར་ཡུ་ཊུབ་གློག་བརྙན་ཆད་འདུག་པས་དྲྭ་ཐག་དེར་གཟིགས་ན། http://www.youtube.com/watch?v=rie-hPVJ7Sw

    གློག་ཀླད་སྐོར་གྱི་ཤེས་བྱ་རྒྱས་པར་གཟིགས་འདོད་ན་ http://sonamdawa.blogspot.in ཕེབས་པར་དགའ་བསུ་ཞུ།

  2. མྱི་དཀར says:
    2013-04-18 at 5:20 am

    གུ་གུལ་མིག་ཤེལ་ཟེར་ན་ག་རེ་རེད།

  3. བན་དེ་བ། says:
    2013-04-18 at 6:28 am

    གུ་གུལ་མིག་ཤེལ་ཟེར་ན། ལྷ་གདོན་འདྲེ་གདོན་ཤི་འདྲེ་གསོན་འདྲེ་ཁོག་ཏུ་ཞུགས་པའི་རིགས་གསལ་གསལ་ཐིང་ཐིང་དུ་རྟོགས་ཏེ་དེ་དག་མཐར་བཀྲོད་བྱེད་པར་མཁོ་བའི་བདུག་རྒྱུའི་རྫས་ཤིག་རེད། གུལ་ནག་ཀྱང་ཟེར། ཡང་ངས་གོ་བ་ལོག་སྒྲུབ་བྱུང་ཡོད་ན་དགོངས་དག་ཞུ།

  4. བླ་སྨྱོན་ says:
    2013-04-18 at 7:01 am

    འདོད་པ་ཡོད།

  5. དབང་འདུས། says:
    2013-04-18 at 7:13 am

    གུ་གུལ་ལསབཟོས་པའི་མིག་ཤེལ་ཡོད་ན་ཡག་པོ་རེད་ཧཧཧཧ། google  ཞེས་པའི་སྒྲ་དེ་བོད་སྐད་དུ་བྲིས་ན། དགུ་དགལ། ཡང་ན་གུ་དགོལ་ཞེས་བྲིས་ན་འཚམས་པོ་འདུག གུ་གུལ་ཞེས་བྲིས་ན་སྒྲ་དོན་གཉིས་ཀྱི་ཆ་ནས་ཕྱིན་ཅི་ལོག་རང་རེད།

  6. བན་དེ་བ། says:
    2013-04-18 at 7:29 am

    དགུ་བརྒལ་ཟེར་ན་གང་འདྲ་འདུག དབྱིན་སྐད་དུ་google གང་ཡིན་ཟེར་ན་google གྱི་བརྒྱུད་ནས་འཛམ་གླིང་ས་འདི་ཡི་གསར་འགྱུར་གནས་ཚུལ་ཆ་ཚང་རྟོགས་ཐུབ་པར་མ་ཟད། འདི་ཡི་བརྒྱུད་ནས་ཤེས་བྱ་ཡོན་ཏན་མང་པོ་ཞིག་བརྙེད་ཐུབ་ཅིང། གཞན་ཡང་གསང་བའི་གནས་མང་པོ་ཞིག་ཀྱང་མཐོང་ཐུབ། བྱས་ཙང་དགུ་བརྒལ་ཟེར་ན་མིང་དོན་གང་གི་ཆ་ནས་ཀྱང་འབྲེལ་ཆགས་ཡོང་བ་སྟེ། བརྒྱུད་ལམ་འདི་ལས་་་མི་མཐོང་དགུ་མཐོང། མི་བརྙེད་དགུ་བརྙེད། མི་ཐོབ་དགུ་ཐོབ། དཔེར་ན། ལ་དགུ་ལུང་དགུ་བརྒལ་ན་མི་མཐོང་དགུ་མཐོང་ལས་སོགས་འབྱུང་བས་སོ།

  7. མྱི་དཀར་ says:
    2013-04-18 at 10:22 am

    འོ་ཡ་བན་དེ་ལགས་ཧ་གོ་སོང་། བསྭོ་ང་ནི་ཡེ་ཤེས་ཆེན་པོ་སྟེ། །ཟེར་དུས་དྲི་ངན་ཞིག་བདུག་གི་འདུག་པ་དེ་ཡིན་པ་རེད།

  8. བན་དེ་བ། says:
    2013-04-18 at 12:59 pm

    མྱི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་པ་ནང་བཞིན་བྱུང་བ་འདྲ།

  9. མྱི་དཀར says:
    2013-04-18 at 8:41 pm

    མྱི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་ནས་ལོ་ངོ་སྟོང་ཕྲག་སོང་ཟིན། དེའི་རིང་མྱི་དཀར་པོའི་རིགས་ལ་བདེན་པ་ཡོད་ན་བཤད་ས་མེད་པའི་དུས་ངན་ཚེས་སྐད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme