Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཱན་རྡི་རྗེས་ནི་དབང་ཕྱུག་ཆེན་མོར་དད་མཁན་ཞིག་ཡིན།

Posted on 2014-11-152014-11-15 By ཁ་བརྡ་ 16 Comments on གཱན་རྡི་རྗེས་ནི་དབང་ཕྱུག་ཆེན་མོར་དད་མཁན་ཞིག་ཡིན།

དྲན་དཀར་དཔལ་ཡོན།

unnamedགཱན་རྡི་རྗེས་ནི་དབང་ཕྱུག་ཆེན་མོར་དད་མཁན་ཞིག་ཡིན། ཡིན་པ་མ་ཟད། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་སྣང་སྲིད་ཀུན་ཁྱབ་རྟག་བརྟན་མི་འགྱུར་བའི་རྒྱུ་འབྲས་ཀྱི་སྲིད་གཞུང་ཉིད་དབང་ཕྱུག་ཆེན་པོར་བཀའ་བསྩལ་འདུག་ཅེས་སུ་སྒྲོགས་པར་མཛད། འོ་ན་ཁོང་གི་དད་ཡུལ་གྱི་དབང་ཕྱུག་དེ་ཅི་ཡིན་ནམ་ཞེས། རྟོག་ལྡན་འགས་འདྲི་བར་གདོན་མི་ཟ།
ཡོངས་གྲགས་ཀྱི་ཕྱི་བའི་གཞུང་ལུགས་སུ་གསལ་བའི་དབང་ཕྱུག་ནི་ཁྱད་པར་བརྒྱད་དང་ལྡན་པ་ཞིག་ཏུ་འདོད། བརྒྱད་པོ་གང་དང་གང་ཡིན་ནམ། ང་ཚོས་གནའ་རབས་ཀྱི་འཇིག་རྟེན་མིག་དགེ་སློང་ཚུལ་ཁྲིམས་རྒྱལ་བ་མཆོག་བརྒྱུད་ནས་ཅུང་ཙམ་གླེང་ཆོག

གང་ཞིག་ཕྲར་གྱུར་གཅིག་པུ་སྐྱེ་གནས་འདུག །
དེ་ཡི་འདི་ཀུན་སྐྱེ་ཞིང་འཇིག་པར་བྱེད།།
དེ་ནི་དབང་བདག་མཆོག་སྦྱིན་ལྷ་མཆོད་བྱ།།
ཡོན་ཏན་བྱེད་པ་ཤིན་ཏུ་ཞི་བ་ཐོབ།།

༡༽ ཕྲ་བ།
སྐྱེས་པ་པོ་འདི་ཤེས་པ་ཡོད་མིན་ཏེ།།
བདག་གི་བདེ་སྡུག་བདག་ལ་རང་དབང་མེད།།
དབང་ཕྱུག་གིས་བཏང་ཡང་ན་གཡང་ས་འམ།།
མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར།།

༢༽ ཡང་བ།
མཁའ་དང་རླུང་དང་ས་དང་ནི།།
ཆུ་དང་མེ་དག་གནས་བྱེད་ཅིང་།།
སྡུད་པ་དང་ནི་རྒྱས་བྱེད་པས།།
དེས་ན་ཡང་བར་བརྗོད་པ་ཡིན།།

༣༽ མཆོད་པར་བྱ་བ།
འཇིག་རྟེན་གསུམ་ན་མཆོག་གྱུར་དང་།།
གནས་པ་དག་དང་རྒྱུ་བ་དང་།།
འབྱུང་པོ་ཀུན་གྱི་བརྗེད་པས་ན།།
དེས་ན་མཆོད་པར་བྱ་བ་ཡིན།།

༤༽ བདག་པོར་གྱུར་པ།
འབྱུང་བོ་ཀུན་ལ་དབང་བྱེད་ཅིང་།།
གནས་པ་དག་དང་རྒྱུ་བ་དང་།།
གསང་བ་གང་འདོད་དེ་བྱེད་པས།།
དེས་ན་བདག་པོ་གྱུར་ཅེས་བྱ།།

༥༽ དབང་དུ་གྱུར་པ།
བདག་ལ་རག་ལས་དབང་ཅན།།
འགའ་ལའང་འཇིགས་པ་ཡོད་མིན་ཏེ།།
ཐམས་ཅད་དབང་དུ་གྱུར་པས་ན།།
དེས་ན་དབང་དུ་གྱུར་ཅེས་བྱ།།

༦༽ གར་ཡང་ཕྱིན་པ།
ཡུལ་དང་བཟའ་བ་བཅའ་བ་དང་།།
གཞན་ཡང་ཡིད་ཀྱི་གང་བསམས་པ།།
ཡིད་ཀྱི་རྗེས་འགྲོ་མི་སྡོད་ལ།།
དེས་ན་གར་ཡང་ཕྱིན་ཞེས་བྱ།།

༧༽ འདོད་དགུར་ལྡན་པ།
སྙིང་སྟོབས་རྡུལ་དང་མུན་པ་གསུམ།།
དེ་དག་གང་ལ་གནས་འགྱུར་བ།།
མིག་འབྱེད་ཙམ་གྱིས་བྱེད་འགྱུར་པ།།
དེས་ན་འདོད་དགུར་ལྡན་ཞེས་བྱ།།

༨༽ དགའ་མགུར་གནས་པ།
ཐར་པའམ་ཡང་ན་ལྷ་ཡི་ལུས།།
གང་དུ་བདག་ཉིད་འདོད་པ་དག །
ཐམས་ཅད་འདོད་པས་བྱེད་འགྱུར་པ།།
དེས་ན་དགའ་མགུར་གནས་ཞེས་བྱ།།

དབང་ཕྱུག་རྒྱུར་སྨྲ་བ་དག་གིས་ཡོན་ཏན་བརྒྱད་དང་ལྡན་པའི་དབང་ཕྱུག་མཆོད་པར་བྱེད་དོ། ཞེས་འགྲེལ་བ་སྤྱན་རས་གཟིགས་བརྟུལ་ཞུགས་སུ་བཀོད། མདོར་བསྡུ་བྱས་ཞུས་ན་མུ་སྟེགས་མཁས་པར་གྲགས་པའི་དབང་ཕྱུག་ནི་རྟག་བརྟན་མི་འགྱུར་བའི་རྒྱུ་འབྲས་གྱི་སྲིད་གཞུང་ཞིག་ཏུ་ཁོང་ཚོས་འདོད། འདི་ལ་ཚངས་པ་ཟེར་ཞིང་འདི་མངོན་དུ་བྱས་པའི་གང་ཟག་ནི་འཕགས་པར་འདོད།
སངས་རྒྱས་པའི་གཞུང་ལུགས་རྣམས་སུ་ཚངས་པའི་ཐ་སྙད་ཡང་ཡང་བྱུང་བ་མ་ཟད་ཚངས་པ་མཚུངས་པར་སྤྱོད་པའི་ཚུལ་ཁྲིམས་ཀྱང་ཚངས་པའི་ཚུལ་དང་མཐུན་མི་མཐུན་ཀྱིས་འབྱེད། ང་ཚོའི་ཚངས་པ་གང་ཡིན་ནམ། ང་ཚོས་ཅིའི་ཕྱིར་ཚངས་སྤྱོད་ཀྱི་ཚུལ་ཁྲིམས་བསྲུང་གི་ཡོད་དམ། ང་ཚོས་ཅིའི་ཕྱིར་ཚངས་པའི་ཚུལ་དང་མི་མཐུན་པ་ལས་དབང་པོ་སྒོ་གསུམ་བསྡམས་པ་ཡིན་ནམ།
ཅིའི་ཕྱིར་རང་གི་སྡོམ་པ་རྩྭ་ལྟར་བོར་རྗེས་སུ་ཚངས་པ་མི་ཤེས་པའི་ངུ་སྐད་འདོན་གྱི་ཡོད། བསོད་ཟད་པོ། རྟོག་ཟད་པོ། དགྲ་མགོ་འཕངས་མཐོ་ན་བུ་ངན་པས་ཕར་སྡང་ཟེར་བ་རེད་ལགས།

རྩོམ་རིག

Post navigation

Previous Post: བྱེས་ཀྱི་ས་སྐྱ་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན།
Next Post: རྐྱང་ཡིག་ཀ་བཤད་མ་བཞུགས་སོ།

Comments (16) on “གཱན་རྡི་རྗེས་ནི་དབང་ཕྱུག་ཆེན་མོར་དད་མཁན་ཞིག་ཡིན།”

  1. མེ་ཏོག་དཀར་པོ says:
    2014-11-16 at 2:46 am

    བོད་ནང་པ་མང་པོ་ཞིག་གིས་མེས་པོ་འདི་ནང་པར་བཀའ་དྲིན་ཆེ་མདོག་དང་ནང་པ་ཡིན་མདོག་བྱས་དང་བྱེད་བཞིན་པར་དགའ་བསུ་མེད། ཁོང་ནི་ཧིནྡུ་མཁྲེག་འཛིན་པ་ཞིག་ཡིན། ཧིནྡུ་དང་མུས་ལིམ་ལ་ལྟ་སྟངས་འདྲ་མཉམ་ལྟར་སྣང་བ་ནི་མུས་ལིམ་མི་འབོར་མང་བས་མགོ་མནོན་མ་ཐུབ་པས་ཡིན། ནང་པ་ནི་ནམ་རྒྱུན་ཧིནྡུ་བས་བཤད་པ་ལྟར་ཧིནྡུའི་ཆ་ཤས་སུ་ཁས་ལེན་བཞིན་ཨམ་བྷེ་ཀར་ལ་མནོན་ཤུགས་གང་མང་བཏད་པའི་སྐད་ཆ་འདུག
    དེ་ཡིན་དུས་བོད་པས་དགའ་ན་ལྷ་ན་མ་དགའ་ན་བདུད་དུ་ལྟ་བ་ལྟར་མིན་པར་དོན་ངོ་མའི་གནས་ཚུལ་ཡིན།

  2. འབྲོག་ཕྲུག says:
    2014-11-16 at 8:17 am

    གན་དྷི་རྗེ་ཟེར་བ་འདི་ཆོས་ལུགས་ཧིན་དུ་རེད་ཟེར་ནས་ཡོངས་གྲགས་རེད། ཧིན་དུ་ཡིན་པའི་རྗེས་ལ་ཕྱི་རོལ་པ་རེད་ཟེར་ནས་ལུང་རིགས་བཙལ་སྡད་ན་དུས་ཚོད་འཕྲོག་བརླག་མ་རེད་བས་་་ཨ།་

  3. ཀརྨ་བློ་གསལ་ says:
    2014-11-16 at 9:06 am

    ཧིན་རྡི་འབོད་པའི་ཕྱི་རོལ་བ།
    སངས་ཆོས་བན་བོན་འདྲེས་པ་ཅན།
    ཕྱི་ནང་གང་ཡིན་ད་དུང་དཔྱད་དགོས་པ།
    དཀོན་མཆོག་གསུམ་ཁར་བླ་མ་བསྣན་ལ་ལྟོས།

  4. ཁྱུང་སེ། says:
    2014-11-16 at 9:29 am

    དབང་ཕྱུག་རྟག་བརྟན་རྟག་བརྟན་འཇིག་རྟེན་བྱེད་པོར་འདོད་པའི་ཧིན་དྷུ་ཟེར་ནས་ཇི་ལྟར་སྨད་རུང་བོད་རྒྱུད་ནང་བསྟན་འདི་ཡང་དེ་ཡི་ཁོངས་གཏོགས་རེད་་་་འོན་ཀྱང་ཕྱིས་སུ་གདོད་མའི་བོད་ཀྱི་རིག་གཞུང་ལྟ་གྲུབ་མང་པོ་ཞིག་མཉམ་བསྲེས་བྱས
    ནས་བོད་རྒྱུད་ནང་བསྟན་ཟེར་བ་ང་རྒྱལ་དང་སྤོབས་སེམས་སྐྱེ་རྒྱུ་འདི་བྱུང་བ་རེད།

  5. རིག་ཡག། says:
    2014-11-16 at 10:23 am

    ཆབ་སྲིད་པ་ལ་དད་མོས་བྱེད་པ་ནི་རང་ཉིད་རྨོངས་དྲགས་པ་མ་རེད་དམ།

  6. གནམ says:
    2014-11-16 at 10:42 am

    འཕྲོས་བཤད་མས་བཤད་ཅོ་བརྒྱད་བྱས་ཡོད་པ་འདྲ། ང་འདྲ་མོ་དྲེད་ཕོ་སྤྲུའུ་གསོད་འདྲ་བོར་བཟོས་སོང་། བརྗོད་བྱ་དང་བརྗོད་བྱེད་ཀྱི་ཚིག་ཚོགས་བཀླགས་ཚར་དུས། ཅི་ཡང་ལེན་རྒྱུ་མེད་པར། མཆན་སྟོང་དང་ཀླད་སྟོང་ལ་བཏང་ནས་བཞག་སོང་། ཧ་ཧ་ཧ།

  7. མེ་ཏོག་དཀར་པོ says:
    2014-11-16 at 11:46 am

    ནང་བསྟན་བྱེད་པོ་ལུམ་བི་ནིར་༢༦༠༠ གོང་དུ་འཁྲུངས། བོན་སྟོན་བྱེད་པོའི་འཁྲུངས་ཡུལ་ནི་མེད། འཁྲུངས་ལོ་མེད། ངོ་མ་བོན་ཟེར་བ་ཁུངས་མེད་རང་རེད། ཁུངས་མེད་ཀྱིས་ཁུངས་ལྡན་ཟུག་པ་དེ་ལས་ཡ་ང་བ་གང་ན་ཡོད།

  8. བསོད་ནམས་རྡོ་རྗེ། says:
    2014-11-16 at 11:47 am

    གྭན་རྡི་རྗེས་ཆོས་ལུས་གང་རེད་དམ།

  9. ཀརྡོ་གཉེར་ཕྱག་པ་ says:
    2014-11-16 at 11:57 am

    གྷན་དྷི་ རྗི་ཡི་། ཆོས་ལུགས། ཧིན་དུ་རེད། དེ་ཡིན་པའི་ རྟགས་ལ། ཁོང་འཆི་ཁར། རྰམ། རྰམ། ཟེར་ནས་ གྲོངས་པ་རེད།

  10. དྲན་དཀར་དཔལ་ཡོན་ says:
    2014-11-16 at 7:39 pm

    ཧཱེེ་་་རཱམ་རཱམ་ཞེས་བོས་པ་ནི། ཚངས་པ་ཞེས་བོས་པ་རེད། ཚངས་པ་མངོན་དུ་བྱ་བགྱིར་སྒུག་ཡོད་ཅེས་ནམ་རྒྱུན་ཁོང་གིས་གསུང་གིན་ཡོད་འདྲ།

  11. བཀྲ་ཤིས། says:
    2014-11-16 at 7:46 pm

    དགའ་བྱེད་ལ་ཟེར་བ་མ་རེད་དམ།

  12. ཤར་པ་ says:
    2014-11-16 at 9:27 pm

    བྱང་སེམས་རེད་དམ

  13. ཀརྡོ་གཉེར་ཕྱག་པ་ says:
    2014-11-17 at 2:56 am

    རཱམ་ནི། ཚངས་པ་hinjbrá་་རཱམ་རཱམ་ཞེས་བོས་པ་ནི། ཚངས་པ་ཞེས་བོས་པ་རེད། ཚངས་པ་མངོན་དུ་བྱ་བགྱིར་སྒུག་ཡོད་རམ་
    རཱམ་nihjkkernnrjjrjdhdhdhddshjdhdjudjuduརརརརརརརརརརར་ར་ར་་ར་རཔཔམམམམརམ་་་་་་དམ་་མཀཀཀཔཀཀ་སགག་ས་ད
    རཱམ་ནི། ཚངས་པ་མིན་པར། དགའ་བྱེད་དེ། སི་ཏྰ་རཱམ། སི་ཏྰ་རཱམ། ཞེས་མཎི་ལྟར་འདྲེན་པ་ལྟར་རོ།།

  14. ཀརྡོ་གཉེར་ཕྱག་པ་ says:
    2014-11-17 at 2:58 am

    རཱམ་ནི། ཚངས་པ་མིན་པར། དགའ་བྱེད་དེ། སི་ཏྰ་རཱམ། སི་ཏྰ་རཱམ། ཞེས་མཎི་ལྟར་འདྲེན་པ་ལྟར་རོ།།

  15. བདེན་པའི་ཕོ་ཉ་ says:
    2014-11-17 at 5:40 am

    ཧིན་དྷི་ཆོས་ལུགས་ཡིན་ཀྱང་འཛམ་བུ་གླིང་པ་རྣམས་ལ་་ཚེ་མེད་ཞི་བའི་ལམ་བསྟོན་ཆེན་པོ་ཞིག་རེད་

  16. དྲན་དཀར་དཔལ་ཡོན་ says:
    2014-12-11 at 9:23 pm

    བཅོམ་ལྡན་འདས་ཀྱིས་ཧིན་རྡིའི་རིག་བྱེད་ཀྱི་གཞུང་ལ་ལེགས་བཅོས་སམ་དག་ཐེར་མཛད་པ་དེ་ལས་ཧིན་རྡི་རྣམས་ཀྱི་གོམ་པ་གང་ཕྱིར་ནུར་བྱེད་མི་རུང་ཅེས། གཱན་རྡི་རྗེས་གསུངས་འདུག ཕྱི་རོལ་པའི་རྣམ་པ་བཟུང་བའི་བཅོམ་ལྡན་འདས་ལ་དད་མོས་ཤུགས་དྲག་གནང་མཁན་ཞིག་རེད་ཅེས་ཀྱང་བཤད་མི་ཆོག་པ་མེད། གང་ལྟར་ཀྱང་གཱན་རྡི་རྗེས་འཚེ་བ་མེད་པའི་ལམ་ཆབ་སྲིད་ཀྱི་ནང་དུ་བཅུགས་ནས་འཛམ་གླིང་དུ་དར་སྤེལ་གཏོང་བའི་སྤྱོད་ལམ་ལ་ནང་པར་མཁས་ཆེས་པ་སུས་ཀྱང་བསྡུར་སྟབས་མེད་པ་ལྟར་གྱུར་པ་ལ་བརྟག་ན་ཁོང་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞིག་འཇིག་རྟེན་དུ་བྱོན་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme