Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ངག་ཆུང་ལ་ཁྲིམས་ཐག་བཅད་པ།

Posted on 2010-03-25 By དབང་ཕྱུག་ 5 Comments on གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ངག་ཆུང་ལ་ཁྲིམས་ཐག་བཅད་པ།

གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ངག་ཆུང་ལ་དུས་བཀག་བཙོན་འཇུག་ལོ་བདུན་དང་ཆབ་སྲིད་ཀྱི་ཁེ་དབང་ལོ་གཅིག་བཙན་འཕྲོགས་བྱས་འདུག ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་བའི་ཆར་གསེར་རྟ་བླ་རུང་ཆོས་སྒར་ནས་ཡིན་པ་གྲྭ་ངག་ཆུང་ཕྱི་ལོ་༢༠༠༨ ཕྱི་ཟླ་ ༧ ཚེས་ ༨ ཉིན་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་ བྱས་པ་དང། ཉེ་བའི་ཆར་དུས་བཀག་བཙོན་འཇུག་ལོ་བདུན་དང། ཆབ་སྲིད་ཀྱི་ཁེ་དབང་ལོ་གཅིག་འཕྲོག་རྒྱུ་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༧ ཚེས་ ༨ ཉིན་གྱི་དགོང་མོ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་གསེར་རྟ་བླ་རུང་ལྔ་རིག་ནང་ བསྟན་སློབ་གླིང་གི་གྲྭ་ངག་ཆུང་དང། ཁོང་གི་ཕ་གཅིག་གི་སྤུན་མཆེད་རྒན་པ་གྲྭ་བཀྲ་ཕུན་དང༌། སློབ་གླིང་དེའི་གྲྭ་འགུ་དྲག་བཅས་ཁྲིན་ཏུའུ་གྲོང་ཁྱེར་དུ་སི་ཁྲོན་ཞིང་ཆེན་ སྤྱི་བདེ་ཉེན་རྟོག་ཁང་གིས་གསང་བའི་ཐོག་ནས་འཛིན་བཟུང་བྱས་ཡོད་པ་དང༌། སྐབས་དེར་འཛིན་བཟུང་བྱས་པའི་གྲྭ་བཀྲ་ཕུན་དང༌། འགུ་དྲག་གཉིས་རྗེས་སུ་གློད་གྲོལ་བཏང་ཡོད་ནའང༌། གྲྭ་ངག་ཆུང་ལ་ཕྱི་ཕྱོགས་སུ་བོད་ནང་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལ་བརྟེན་ནས་ འཇུ་བཟུང་བྱས་པ་ཡིན་ཚུལ་གྱིས་གསང་བའི་ཐོག་ནས་བཀག་ཉར་བྱས་ཏེ་ཉེ་བའི་ཆར་མ་ གཏོགས་གཉེན་ཉེ་དང་འབྲེལ་ཡོད་སུས་ཀྱང་ཁོང་གི་གནས་སྟངས་གསལ་པོ་ཤེས་རྟོགས་གང་ ཡང་བྱུང་མེད་པ་དང། ཉེ་ཆར་ཤེས་རྟོགས་བྱུང་བའི་སྐབས་ཁོང་ལ་ཡོངས་གྲགས་མིན་པར་གསང་བའི་ཁྲིམས་ཐག་ དེ་བཅད་ནས་ཟླ་གཉིས་ཙམ་སོང་ཟིན་ཡོད་པ་རེད།

གྲྭ་ངག་ཆུང་ལགས་ནི་ད་ལྟའི་ཆར་རང་ལོ་ ༣༩ ཡིན་པ་དང། ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་སྐུ་ཚ་ཡིན་པས་ཆུང་དུས་ནས་བླ་ རུང་ཆོས་སྒར་དུ་འཛུལ་ཞུགས་ཀྱིས་ལོ་ཉི་ཤུ་ལྷག་སློབ་སྦྱོང་བྱས་པ་དང༌། བླ་རུང་ཆོས་སྡེའི་ལས་སྣེ་ཆེ་ཆུང་འདྲ་མིན་གྱི་འགན་ཁུར་མྱོང་བ་མ་ཟད། འཇུ་བཟུང་བྱེད་སྐབས་ཀྱང་ཆོས་སྡེ་དེའི་བཟང་སྤྱོད་ལས་ཁང་གི་འགན་ཁུར་བའི་གྲས་ སུ་ཡོད་པ་དང། སྐབས་དེར་ཡང་བླ་རུང་ཆོས་སྡེའི་ལས་དོན་ཞིག་གི་ཆེད་དུ་ཁྲིན་ཏུའུ་རུ་ཡོང་བ་ ཡིན་འདུག།ད་ལྟའི་ཆར་ཁོང་ཁྲིན་ཏུའུ་གྲོང་ཁྱེར་དང་ཧ་ཅང་ཐག་མི་རིང་བའི་ཡ་ཨན་ གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག །

གསར་འགྱུར།

Post navigation

Previous Post: སྨྲེ་ངགས།
Next Post: ཨེ་ཙི་ན་ཚའི་སྐོར་ལ་གླེན་པའི་དྲི་བ་བརྒྱད།

Comments (5) on “གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ངག་ཆུང་ལ་ཁྲིམས་ཐག་བཅད་པ།”

  1. སྙན་བཟང་གཡུང་དྲུང་ཚེ་རིང says:
    2010-03-25 at 6:29 pm

    སྐབས་སྐབས་སུ་བལྟས་ན་གླིང་གི་ཁྲོ་ཐུང་འདྲ་བོ། མཚམས་མཚམས་སུ་བལྟས་ན་བཙན་པོ་ཁྲི་རལ་ཅན་དང་འདྲ་བའི་མགོ་ལོག་ཟླ་བྷེ་ཁྱེད་ཀྱི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་མཆོད་དེ། ཁྱེད་ལ་ཕྱག་བགྱིས་ཏེ་ཁྱེད་ཀྱི་ཕྱོགས་སུ་མགོ་བོ་སྙེ་མ་ལྟར་ལྡེམ་པར་འདོད་དོ།

  2. བཀྲ་ཤིས། says:
    2010-03-25 at 9:37 pm

    ཆབ་སྲིད་བཙོན་པ་ཚོ་་སྙིང་རྗེ།

  3. གཞིས་ལུས་བོད་པ། says:
    2010-03-25 at 9:43 pm

    ཕྱི་ལོགས་སུ་ཞི་རྒོལ་་སྐོར་གྱི་ཁ་པར་ཞིག་བཏང་བས་ཇི་འདྲའི་ལོ་རིང་པོ་ཞིག་ལ་བཙོན་ཐག་བཅད་འདུག གནས་ལུགས་མེད་པའི་རྒྱ་སྐྱག་ཚང་འདི། ཇི་འདྲའི་ཐབས་སྡུག་ཅིག་རེད། ཆབ་སྲིད་བཙོན་པ་ཚོ་ངོ་མ་དཀའ་སྡུག་ཆེ་བ་ལའང་་་་་་་་་་་་་་

  4. lala says:
    2010-03-25 at 10:05 pm

    དམར་ཤོག་གུང་ཁྲན་སྲིད་དབང་མ་འཐོར་བར་དུ་བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་མི་སྲིད།

  5. བཀྲ་ཤིས། says:
    2010-03-26 at 11:09 am

    བཙོན་འཇུག་གི་དུས་ཡུན་ལོ་དྲུག་རེད་ཟེར། ཁོང་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ལོ་གཅིག་དང་ཟླ་བ་བརྒྱད་ཕྱིན་པ་དང་ལོ་ཕྱེད་ཀྱི་རིང་ཁོང་ལ་བཅར་རྡུང་དྲག་པོ་མི་སྤྱོད་ལས་འདས་པ་བྱས་ཡོད་ཚུལ་བཤད་ཀྱི་འདུག ནག་ཉེས་གཙོ་བོ་གསེར་རྟ་གནུབས་ཟུར་དགོན་པའི་སྤྲུལ་སྐུ་གཅིག་དང་གྲྭ་པ་ཁ་ཤས་ཀྱིས་ ༢༠༠༨ ལོ་ངོ་སྐད་འབོད་དང་སྦྱར་ཡིག་འགྲེམས་སྤེལ་བྱས་པ་དེ་དང་འབྲེལ་བ་ཡོད་ཚུལ་དང་། ཕྱི་ལོགས་སུ་གསན་ཚུལ་མཁོ་སྤྲོད་བྱས་ཡོད་ཅེས་ཉེས་འཛུགས་བྱས་ཡོད།
    དེ་རྗེས་དཀར་འོད་ཟུང་ཟད་ཀྱང་མེད་པའི་ཁང་སྟོང་ནག་ཁུང་ཞིག་ཏུ་བཅུག་ནས་ལོ་གཅིག་ལྷག་གི་རིང་ལ་བཞག་པར་བརྟེན་ཉེ་ཆར་ཁོང་གི་སྤེན་མཆེད་དང་འབྲེལ་བ་བྱུང་སྐབས་མིག་གིས་ལམ་ཁ་མཐོང་མི་ཐུབ་པར་ཆགས་ཡོད་ཚུལ་བཤད་ཀྱི་འདུག དེ་མིན་ཕྲའི་གནས་སྟངས་ད་དུང་ཤེས་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme