Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསེར་མདོག་གི་ལང་ཚོ།

Posted on 2011-04-27 By ཁ་བརྡ་ No Comments on གསེར་མདོག་གི་ལང་ཚོ།

སྐྱོ་བྲག་དགའ་དབང་།
ང་ཚོའི་འཛམ་གླིང་འདིར་སྲོག་ཆགས་ཀྱི་རིགས་དུ་མ་འཕེལ་ནུབ་བྱུང་བ་ལས་འགྲོ་བ་མི་རྣམས་ལ་གཞན་དང་ཐུན་མིན་གྱི་ནུས་པ་དམིགས་བསལ་ཡོད་པ་ནི་སོ་སོའི་བསམ་སྤྱོད་ཕན་ཚུན་དུ་བསྟན་ཏེ་ལེགས་སྤེལ་ཉེས་འགོག་ལ་འཇུག་ཐུབ་པ་དེ་ཡིན། ནུས་པ་དེ་ཉིད་བེད་སྤྱོད་ཀྱིས་ཉེར་མཁོའི་ཆ་རྐྱེན་དུ་མ་བཟོ་སྐྲུན་བྱས་པའི་ཆ་ཤས་སུ་ཆེས་ཉེན་ཁ་ཆེ་བའི་དེང་དུས་ཀྱི་མཚོན་ཆ་རྣམས་བྱུང་ཡོད། གལ་ཏེ་ང་ཚོའི་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པའི་བྱམས་པ་དང་སྙིང་རྗེ། གུ་ཡངས་དང་བསམ་ཤེས་དག་ལ་གཅེས་འཛིན་དང་ནན་ཏན་གྱི་སྒོ་ནས་བསམ་སྤྱོད་བཟང་པོ་གོང་སྤེལ་གྱི་ཐབས་ཇུས་མ་བསྟེན་ན་འཇིག་རྟེན་འདིའི་སྣོད་བཅུད་རྩ་གཏོར་དུ་འགྲོ་བ་ལ་དཀའ་ཚེགས་གང་ཡང་མེད། དེ་དག་གོང་སྤེལ་དུ་འགྲོ་བའི་ཐབས་ལམ་བཟང་ཤོས་དང་ཟབ་ཤོས་དེ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡིན་པའི་དངོས་ར་འཕྲོད་དེ་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་ཡོངས་ནས་སློབ་སྦྱོང་དང་ཉམས་ལེན། གཅེས་འཛིན་དང་དར་སྤེལ་ཧ་ལས་པ་བྱེད་ཀྱིན་ཡོད།
ང་ཚོ་བོད་ལ་ཆ་མཚོན་ན་སྔར་གྱི་རྒྱལ་བློན་ལོ་པཎ་དག་གི་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་གི་རིག་གཞུང་འགྲན་རྩོད་ཁྲོད་ནས་ཆེས་ཡང་རྩེར་སོན་པའི་ནང་ཆོས་དར་ཁྱབ་བྱུང་སྟེ། སྤྱི་ཚོགས་དང་སྒེར་པའི་མི་ཚེ་འདི་དང་མ་འོངས་སྐྱེ་བ་རྣམས་སུ་ཕན་ཐོགས་ཡོད་པའི་དོན་གནད་དུ་མ་ཞིག་ཉིན་རེའི་འཚོ་བའི་ནང་དུ་བེད་སྤྱོད་བྱ་བཞིན་ཡོད་པ་དེ་ནི་ཆེས་དགའ་མོས་དང་མིག་ལྟོས་བྱ་སར་གྱུར་ཏེ་འཛམ་གླིང་སྐྱེ་བོ་མང་པོས་ང་ཚོ་བོད་ཀྱི་མི་རིགས་དང་རིག་གཞུང་ལ་མིག་གདངས་ནས་བལྟས་ཡོད། ང་ཚོ་འདི་བཞིན་དགའ་མོས་དང་མིག་ལྟོས་བྱ་ས་ཞིག་དང་། སྣོད་བཅུད་ཉམས་ཆག་མེད་པར་བདེ་སྐྱིད་ངང་འཚོ་གནས་ཐུབ་དགོས་ན། ང་ཚོས་ངེས་པར་དུ་རིག་གཞུང་དང་ལེགས་བྱང་དག་རྒྱུད་འཛིན་བྱེད་ཐུབ་པ་བྱ་དགོས། རྒྱུད་འཛིན་བྱ་བར་ཐབས་ལམ་དུ་མ་ཡོད་པ་ལས་གལ་ཆེ་ཤོས་ཤིག་ནི་སློབ་སྦྱོང་དཔྱིས་ཕྱིན་དུ་བྱས་ཏེ་གལ་གནད་ཆེ་བའི་དོན་དག་རྣམས་ཁ་གསལ་གོ་བདེའི་སྙན་རྩོམ་གྱི་ལམ་ནས་ཁྱབ་སྤེལ་བྱ་བ་དེ་ཡིན།
ཐེངས་འདིར་ཁོ་བོའི་ཆོས་མཆེད་དམ་པ་མཁས་མཆོག་བསོད་ནམས་ཆོས་དབྱིངས་ལགས་ཀྱིས་གསེར་མདོག་གི་ལང་ཚོ་ཞེས་པའི་དེབ་ཅིག་པར་སྐྲུན་གནང་བ་ནི་ཆེས་དགའ་འོས་པ་ཞིག་རེད། གང་ཡིན་ཞེ་ན། སྐྱེ་བ་དང་ཚེ་རབས་དུ་མའི་བག་ཆགས་ལྟ་བུས་ཚིག་རྒྱན་རིག་པ་ལ་ཧ་ཅང་དགའ་ཞིང་དུངས་པའི་བརྩོན་པ་ལྷུར་བླངས་པའི་གོམས་གཤིས་རྒྱུན་ཆགས་སུ་ཡོད་སྟབས་སྙན་ཞིང་འཇེབ་པའི་ཚིག་སྦྱོར་བཟང་བ་མ་ཚད་དོན་གྱི་ཆ་ནས་ཀྱང་ཕན་ཐོགས་ཆེན་པོ་འབྱུང་ངེས་ཡོད་དེ། སྤྱི་ཚོགས་ཐོག་ཡར་རྒྱས་མེད་པ་དང་། ནོར་འཁྲུལ་ཤོར་བ་ནི་མ་ཤེས་པ་ལས་བྱུང་ཞིང་། མི་ཤེས་པའི་གཉེན་པོ་ངོ་མ་ནི་དངོས་ཡོད་གནས་ཚུལ་གྱི་ཤེས་བྱ་ལ་སྦྱོང་བརྩོན་བྱེད་པ་དེ་ཡིན། བུད་མེད་ཤེས་རབ་ཀྱི་རང་བཞིན་རྣམ་རིག་ཧ་ཅང་བཀྲ་བ་ཡོད་པ་དེ་འཁུམས་སུ་མ་བཅུག་པར་ཤེས་བྱའི་ཐང་ཆེན་ལ་ཁ་ཕྱོགས་ན་འཛམ་གླིང་གི་བུད་མེད་སྤྱི་དང་མཚུངས་པར་ང་ཚོའི་བཙུན་མ་ཚོས་ཀྱང་ཆོས་དང་འཇིག་རྟེན་གང་ཐད་ནས་ལེགས་སྐྱེས་འབུལ་ཐུབ་ཀྱི་ཡོད། རང་ཉིད་ཀྱིས་ཆོས་རྣམ་དག་བྱེད་པ་དང་བླ་མ་ཡང་དག་ཅིག་ལ་བསྟེན་དགོས་ན། བྱ་བ་གང་ཞིག་བྱེད་དགོས་པ་དང་ཁྱད་ཆོས་གང་ཞིག་ཚང་དགོས་པ་གསལ་བོར་སྟོན་བྱེད་ཀྱི་མེ་ལོང་ལྟ་བུ་ནི་རྗེ་བཙུན་མི་ལའི་དངོས་བྱུང་གི་ལོ་རྒྱུས་དེ་རེད། དོན་གནད་དེ་དག་གསལ་སྟོན་བྱས་ཡོད་སྟབས་དེབ་འདི་ནི། སྙན་ཚིག་གི་སྡེབ་སྦྱོར་བཟང་བའི་གསེར་མདོག་གི་ལང་ཚོ། དྲང་བདེན་གྱི་གནས་ཚུལ་བརྗོད་པའི་གསེར་མདོག་གི་ལང་ཚོ། སྤྱི་ཚོགས་ཀྱི་སློབ་སྟོན་ཡིན་པའི་གསེར་མདོག་གི་ལང་ཚོ། ནང་ཆོས་ཀྱི་དོན་སྙིང་ལྡན་པའི་གསེར་མདོག་གི་ལང་ཚོ་ཞིག་ཡིན་པ་མ་ཚད། རྩོམ་པ་པོའི་ཐད་ནས་གཞིག་ན་འཛམ་གླིང་ཡང་རྩེར་གོམ་པ་སྤོས་པའི་རྐང་རྗེས་ཀྱི་ཟུར་ཁ་ཞིག་དང་། ཀློག་པ་པོའི་ཐད་ནས་གཞིག་ན་གཤིས་སྤྱོད་བཟང་ཕྱོགས་སུ་སྒྱུར་ཐབས་གསལ་སྟོན་བྱས་པའི་བསླབ་བྱ་ཞིག་ཀྱང་ཡིན་པ་རེད།
འཕོ་འགྱུར་ཧ་ཅང་ཆེ་བའི་དུས་རབས་འདིར་ང་ཚོའི་རྒན་པ་ཚོས་འཕྲལ་དང་ཕུགས་ཀྱི་ཁེ་ཕན་གྱི་གདམ་ག་མ་ནོར་བར་བྱས་ཏེ་སློབ་སྦྱོང་གི་དུས་སྐབས་བཟང་ཤོས་གཞོན་ནུའི་མི་ཚེ་ཆུད་ཟོས་སུ་མ་བཏང་བར་ཤེས་ཡོན་གྱི་ར་བར་བཙུད་དེ་སློབ་སྦྱོང་གི་སྐུལ་ལྕག་ནན་མོ་བྱ་བ་དང་། གཞོན་པ་ཚོས་ཀྱང་ཕ་མས་ཁྲག་གསོག་རྣག་གསོག་བྱས་པའི་ཟས་གོས་གྱི་ན་ལ་ལོངས་སྤྱད་དེ་དྲོ་འཇམ་གྱི་ཉི་མའི་འོག་ཏུ་སོས་དལ་དུ་སྡོད་པ་དང་། རང་རིགས་སྤུན་ཟླའི་བར་དུ་འཕྲོག་བཅོམ་དང་འཁྲུགས་རྩོད་བྱས་པར་དཔའ་བོ་བླ་མེད་དུ་བརྩི་བའི་རང་གཞན་གཉིས་ཕུང་གི་ལྐུགས་ལས་དུད་འགྲོ་ལས་ཀྱང་དམན་པ་དེ་དག་ལ་མགོ་མི་འཁོར་བར་སྔ་དེང་གི་ཤེས་བྱ་རྣམས་ལ་སློབ་སྦྱོང་ཧུར་ཐག་བྱས་ཏེ་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཐུབ་པ་བྱེད་པ་ནི་མི་ཚེའི་དོན་སྙིང་ལྡན་པ་ཞིག་ཡིན་པ་ཤེས་པར་བྱ་དགོས་སོ། །
རྒྱལ་ཁམས་པ་དགའ་དབང་ནུབ་ཕྱོགས་ཨ་རིའི་ཡུལ་དུ་སྡོད་པ་ན་སྦྱར་རོ། །

སྣ་ཚོགས།

Post navigation

Previous Post: བློ་བཟང་སེང་གེ་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་།
Next Post: མཁྱེན་ཡངས་རྒྱ་ཆེའི་སྙན་ངག་པ་གཙོས་པའི་རྩོམ་པ་པོ་དང་ཤེས་ལྡན་པ་ཡོངས་ཀྱི་སྙན་ལམ་དུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme