Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསེར་ཁབ་དང་དངུལ་ཁབ་དུག་སེལ་བྱེད་སྟངས་ཀྱི་བསམ་ཚུལ།

Posted on 2013-11-132013-11-13 By ཁ་བརྡ་ 13 Comments on གསེར་ཁབ་དང་དངུལ་ཁབ་དུག་སེལ་བྱེད་སྟངས་ཀྱི་བསམ་ཚུལ།

དཀར་མཚོ་སྐྱིད་ཀྱིས་བསྡུ་སྒྲིག་བྱས།

0བོད་ལུགས་གསོ་རིག་གི་སྨན་བཅོས་བྱེད་པའི་རྒྱུད་རིམ་གྱི་ནང་དུ་གསེར་ཁབ་དང་དངུལ་ཁབ་ཀྱི་ནད་བཅོས་ལ་ཕན་ནུས་ཆེན་པོ་ཞིག་ཡོད་པ་ནི་ལག་ལེན་དངོས་ཀྱི་ཁྲོད་དུ་མངོན་སུམ་ཚད་མས་ཡོངས་སུ་གྲུབ་པ་ལྟར་དུ། དེང་གི་དུས་སུ་ཚན་རིག་གི་ལྟ་བ་ཡར་རྒྱས་སུ་ཕྱིན་པ་དང་མཉམ་དུ་བོད་ལུགས་གསོ་རིག་གི་གསེར་ཁབ་དང་དངུལ་ཁབ་བེད་སྤྱོད་བྱེད་ཆོག་མིན་གྱི་ཐད་དུ་གནས་ཚུལ་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་པའི་སྐབས་འདིར། དེ་དག་དུག་སེལ་བྱེད་སྟངས་ཀྱི་སྐོར་ལ་༼འཚོ་བྱེད་བགྲོ་གླེང༽་གི་སྐད་འཕྲིན་ནང་དུ་ཨ་རིར་བཞུགས་པའི་སྨན་པ་རྣམས་གཙོ་བྱས་པའི་བོད་ཀྱི་ཕྱི་ལོགས་ཀྱི་སྨན་པ་རྣམས་ཀྱིས་བསམ་ཚུལ་འདྲ་མིན་ཞིག་གསུངས་ཡོད་པ་རྣམས་ཕྱོགས་གཅིག་ཏུ་དགོད་པར་བྱ་སྟེ།
དེ་ཡང་བོད་དང་རྒྱ་གར་གཉིས་ཀྱི་ནང་དུ་བོད་ལུགས་སྨན་པ་རྣམས་ཀྱིས་མི་རིགས་དབྱེར་མེད་ཀྱི་ནད་པ་རྣམས་ལ་བོད་ལུགས་གསོ་རིག་གི་གསེར་ཁབ་དང་དངུལ་ཁབ་བེད་སྤྱོད་བྱས་ནས་སྨན་བཅོས་གནང་དང་གནང་བཞིན་པ་ཡིན། ཡིན་ནའང་། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨ་རི་སོགས་སུ་བོད་ལུགས་གསོ་རིག་གི་གསེར་ཁབ་དང་དངུལ་ཁབ་ཕལ་ཆེར་བེད་སྤྱོད་བྱེད་ཆོག་གི་མེད་པ་རེད།

དེའི་རྒྱུ་མཚན་ནི། སྤྱིར་བོད་ལུགས་ཀྱི་གསོ་རིག་ནི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དེ་དག་གི་ཁྲིམས་ལུགས་ཀྱི་ནང་དུ་ངོས་ལེན་མེད་པ་དང་། ད་དུང་རྒྱལ་ཁབ་དེ་དང་དེ་དག་གི་ནང་དུ་དེང་གི་དུས་སུ་མིའི་རིགས་ཀྱི་ཚུལ་ལུགས་དང་མི་མཐུན་པའི་སྤྱོད་ལམ་འདྲ་མིན་ཡོངས་སུ་དར་བའི་དབང་གིས་AIDS་ལ་སོགས་པའི་ནད་རིགས་སྣ་ཚོགས་བྱུང་དང་འབྱུང་བཞིན་པ་ལ་བརྟེན་ནས་ཉེན་ཚབས་ཆེ་བའི་འགོས་ནད་ཀྱི་རིགས་ཁྱབ་བརྡལ་དུ་ཕྱིན་ཡོད།
དེར་བརྟེན། འཚོ་བྱེད་སྨན་པ་རྣམས་ཀྱིས་ནད་པ་དག་ལ་སྨན་བཅོས་བྱེད་པའི་སྐབས་སུ་སྨན་བཅོས་ཀྱི་ལག་ཆ་དག་ལ་དུག་སེལ་བྱེད་པ་ནི་དགོས་ངེས་ཀྱི་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། བོད་ལུགས་གསོ་རིག་གི་གསེར་ཁབ་དང་དངུལ་ཁབ་དུག་སེལ་བྱེད་སྟངས་ཀྱི་སྐོར་ལ་༼འཚོ་བྱེད་གླེང་མོལ༽་གྱི་སྐད་འཕྲིན་གྱི་ནང་གི་འཚོ་བྱེད་སྨན་པ་རྣམས་ཀྱི་བསམ་ཚུལ་གཙོ་ཆེ་བ་ནི། ཁ་ཤས་ཀྱིས། ནད་པར་གསེར་ཁབ་བེད་སྤྱོད་བྱས་པའི་རྗེས་ལ་གསེར་ཁབ་དེ་ཆུའི་ནང་དུ་གཙང་མ་བཀྲུས་ནས་ཉི་མར་ཆུ་ཚོད་ཕྱེད་ཀའི་རིང་ལ་བསྐམས་པ་དང་དེ་ནས་Alcohol་ནང་དུ་བཞག་ནས་དུག་སེལ་བྱེད་ཀྱི་ཡོད་པར་གསུངས་པ་དང་། ཡང་ཁ་ཅིག་གིས། གསེར་ཁབ་བེད་སྤྱོད་བྱས་པའི་རྗེས་སུ་གསེར་ཁབ་དེ་མེའི་ནང་དུ་བསྲེགས་པ་དང་དེ་ནས་འབྱིད་བརྡར་བཏང་ནས་དེའི་སྟེང་གི་དྲི་མ་ནག་པོ་རྣམས་དག་པར་བྱས་པའི་རྗེས་སུ་Alcohol་ནང་དུ་བཞག་ནས་དུག་སེལ་བྱེད་ཀྱི་ཡོད་པར་གསུངས་ཡོད།

འགའ་ཞིག་གིས། གོང་གི་དེ་ལྟར་དུ་བྱས་ནའང་གསེར་ཁབ་དང་དངུལ་ཁབ་ལ་དུག་སེལ་བརྒྱ་ཆ་བརྒྱ་བྱེད་ཐུབ་ཀྱི་ཡོད་མེད་མི་ཤེས་པར་མ་ཟད། དེང་གི་ཚན་རིག་གིས་དེ་དག་ལ་བརྟག་དཔྱད་བྱས་ནས་ངོས་ལེན་བྱས་མེད་པས་ད་དུང་གསེར་ཁབ་དང་དངུལ་ཁབ་བེད་སྤྱོད་བྱེད་ཐུབ་ཀྱི་མི་འདུག་པར་གསུངས་ཡོད། ཡང་འགའ་ཞིག་གིས། གོང་གི་བྱེད་ཐབས་དེ་དག་བེད་སྤྱོད་བྱས་པའི་རྗེས་སུ་ནང་ཆོས་ཀྱི་ཆོ་གའི་ཕྱག་ལེན་དང་སྔགས་ཀྱི་ནུས་པ་ལ་བརྟེན་ནས་གསེར་ཁབ་དང་དངུལ་ཁབ་ལ་དུག་སེལ་བྱེད་དགོས་པར་གསུངས་ཡོད།
གཞན་དག་གིས། ནད་པར་གསེར་ཁབ་བེད་སྤྱོད་བྱེད་པའི་ཚབ་དུ་རྒྱ་ནག་དང་། ཉི་ཧོང་། ཀོ་རི་ཡ་སོགས་སུ་བཟོ་སྐྲུན་བྱས་པའི་སྐམ་ཁབ་བེད་སྤྱོད་བྱས་ན་འགྲིག་གི་ཡོད་ཚུལ་གསུངས་ཡོད། ཡང་གཞན་དག་གིས། བོད་ཀྱི་སྨན་རྩིས་ཁང་གཙོ་བོར་གྱུར་བའི་བོད་ལུགས་གསོ་རིག་གི་སྨན་ལས་པ་ཡོངས་ཀྱིས་འགན་བླངས་ཏེ་གསེར་ཁབ་དང་དངུལ་ཁབ་ལ་སོགས་པའི་ཆ་དཔྱད་ཀྱི་རིགས་མཐའ་དག་བེད་སྤྱོད་བྱེད་པའི་ཐབས་ལམ་གསར་བ་དང་དེ་དག་གཙང་སེལ་བྱེད་པའི་ལག་ལེན་གསར་བ་གསར་གཏོད་བྱེད་དགོས་པར་གསུངས་ཡོད།

ཟུར་བརྗོད། འདི་ནི་༼འཚོ་བྱེད་གླེང་མོལ༽་གྱི་སྐད་འཕྲིན་ནང་གི་སྨན་པ་ཨེ་པ་བསོད་ནམས་རིན་ཆེན་དང་། སྨན་པ་སྐལ་དབང་། སྨན་པ་གངས་ལྷ་མེ་ཏོག སྨན་པ་ཁ་བ་དཀར་པོ། སྨན་པ་འབྲོང་རྒོད། སྨན་པ་ཁ་བའི་མེ་ཏོག སྨན་པ་ཟླ་བ་སོགས་ཀྱི་དགོངས་ཚུལ་གཞིར་བཞག་ནས་བཀོད་པའོ།།

གསོ་རིག

Post navigation

Previous Post: བོད་ཀྱི་རང་སྲེག་ཞི་རྒོལ་ཆེན་མོ་རགས་གླེང་།
Next Post: རྟེན་འབྲེལ་འཚམས་རྟགས་སུ་ཕུལ་བ་ཕ་ལམ་རྡོ་རྗེའི་དཀྱིལ་འཁོར།

Comments (13) on “གསེར་ཁབ་དང་དངུལ་ཁབ་དུག་སེལ་བྱེད་སྟངས་ཀྱི་བསམ་ཚུལ།”

  1. གཅན་ཚ བཟོད་རྒྱམ། says:
    2013-11-13 at 7:54 am

    ང་སྨན་པ་འདྲ་ཅང་མིན་མོད། རྒྱུན་ཤེས་སུ་བསམ་ནས་བཀླགས་པ་ཡིན། ཡག་བྱུང་།

  2. གསལ་འབར་ says:
    2013-11-13 at 10:31 am

    གསེར་ཁབ་དང་དངུལ་ཁབ་ནི་བོད་པ་རང་གི་རིག་གཞུང་དང་འབྲེལ་བའི་སྨན་དཔྱད་ཅིག་སོང་ཙང་དེའི་ཚབ་སྐམ་ཁབ་བེད་སྤྱོད་གཏོང་ཡག་དེ་ཏོག་ཙམ་བོད་པའི་སྨན་གཞུང་ལས་ཆ་རྐྱེན་ཉུང་དུ་འགྲོ་བའི་རྣམ་པ་ཞིག་ཡིན་དུས། བྱུང་ན་གསེར་ཁབ་དང་དངུལ་ཁབ་བེད་སྤྱོད་ཐུབ་ན་བོད་པའི་གསོ་རིག་གི་གཟི་བརྗིད་རང་དུ་མཐོང།

  3. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-11-13 at 12:37 pm

    ཨེ་པ་བསོད་ནམས་རིན་ཆེན་ནི་་་་་ཁོ་ཅིག་ཡིན་བསམ་བསྡད་ཡོད་རེད། དོན་དངོས་སུ་ཁོ་རང་གིས་ཅང་ཤེས་གི་མ་རེད། གཞན་པ་དེ་ཚོའི་མིང་ལ་བལྟས་ན་སྨན་པ་འདྲ་ཨེ་ཡིན་བསམ་པ་འདུག 
    གསེར་ཁབ་དང་དངུལ་ཁབ་ལབ་ཀྱང་་དོན་ལ་རྒྱ་ནག་གི་སྐམ་ཁབ་ཟེར་བ་དེ་མ་རེད་དམ། ང་རང་གིས་གསལ་བོ་མི་ཤེས། ཁབ་ཆུ་ལ་ཁྲུས་པ་དང་མེ་ལ་བསེགས་ན་ཡང་དུག་འདོན་བྱེད་ཁག་པོ་རེད་སྙམ། འབུ་ཕྲ་ཁ་ཤས་མེ་ཡིས་བསྲེགས་ཐུབ་ཡ་ཡོད་མ་རེད་ཟེར་བ་གོ་མྱོང་། ཞིབ་འཇུག་གང་ཡག་བྱས་ན་ཡག་པོ་ཡོད་རེད་བསམ། བསམ་ཚུལ་ཡིན།

  4. མྱི་རྡང says:
    2013-11-14 at 6:46 pm

    ངོ་མ་བཤད་ན་འཚོ་བྱེད་གླེང་སྟེགས་སུ་ནམ་རྒྱུན་བགྲོ་གླེང་བྱེད་བཞིན་པའི་སྨན་པ་དེ་ཚོའི་བོད་ཡིག་གི་ཆུ་ཚད་དེ་འདྲ་ཡག་པོ་མ་རེད།སྐམ་ཁབ་ཀྱི་གཞུང་ལུགས་མ་སྦྱང་བར་ནད་པ་ལ་ཁབ་ལག་ལེན་བྱེད་མཁན་མང་བས་གཟབ་རྒྱུ་གལ།

  5. སྤོབས་པ་མཐའ་ཡས། says:
    2013-11-14 at 7:24 pm

    གསེར་དང་དངུལ་གོང་ཆེ་བས་མིའི་ཤ་གསེང་ལ་བཙུགས་ན་ནད་སེལ་བར་ནུས་པ་ལོས་ཡོད་བསམ་པ་ཡིན་ནམ། མ་གཞི་བོད་སྨན་ལ་ཡིད་ཆེས་གང་ཡང་མེད། ཡིད་ཆེས་ཙམ་ལས་དངོས་སུ་སྨན་རྫས་ཞིབ་འཇུག་གི་ལམ་ནས་ནད་བཅོས་ཐུབ་པར་དཔང་རྟགས་ངོ་འཕྲོད་པ་ཧ་ཅང་ཉུང་ཉུང་རེད།

  6. བན་དེ་བ། says:
    2013-11-14 at 8:19 pm

    ལོ་ངོ་སྟོང་ཕྲག་མང་པོར་བརྒྱུད་དེ་རྣམ་འཔྱོད་རིག་པས་དཔྱད་ཅིང་འོང་བའི་ཉམས་མྱོངས་རིམས་པས་མི་ཡི་ལུས་ཁམས་ལ་ཕན་པར་གྲགས་པའི་གསེར་ཁབ་དང་དངུལ་ཁབ་དེ་ཚོར་དེང་སང་ཚན་རིག་དར་རྒྱས་ཡོད་པའི་མགོ་སེར་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་པར་དགོས་པ་དང་རྒྱུ་མཚན་ལོས་ཡོད།

  7. དགེ་འདུན་རྒྱ་མཚོ། says:
    2013-11-14 at 8:44 pm

    སྐབས་རེར་སྐྲ་སེར་ཚོ་ལས་རིག་པ་ཡག་ཞིག་མེད་ནི་འདྲ་ཟིག་རེད།
    སྐབས་རེར་སྐྲ་སེར་ཚོ་ལས་རིག་པ་སྐྱོ་ཞིག་མེད་ནི་འདྲ་ཟིག་རེད།
    ངོ་མ་བཤད་ནི་ཡིན།
    འདི་ཚོ་གང་ལ་སྐད་ཅོར་བརྒྱག་མཁན་མང་ན་དེའི་རྗེས་སུ་བརྒྱུག་ནི་རེད།

  8. མགོན་པོ་དོན་འགྲུབ། says:
    2014-06-30 at 9:28 am

    ཡག་གི ཐུགས་རྗེ་ཆེ

  9. གནམ says:
    2014-06-30 at 9:01 pm

    ཉིན་ཞིག་བོད་པའི་སྨན་པ་ཞིག་aidsའགོས་ནད་ཁྱབ་བརྡལ་བའི་ཉེས་ཅན་འོག་ཁྲིམས་སྦྱོར་མ་བྱས་བར་དུ། ག་རེ་འདྲ་ཞིག་ལབ་ལབ་རེད།
    གསར་ཡིན་ན་འདྲ། དངུལ་ཡིན་འདྲ། ལྕགས་ཡིན་འདྲ། ཕན་ན་ཕན་མཉམ་དང་གནོད་ན་གནོད་མཉམ་རེད། འདི་ལ་ཁྱེད་པར་ཞིག་མི་འདུག་བསམ། ཡིན་ན་ཡང་། མ་འདྲ་བ་ཞིག་ཡོད་པ་ནི། ལྕགས་ནི་བེད་སྤྱོད་རེ་རེ་བྱས་ནས་མར་གཡུག་རྐྱང་ཡིན་པས། aids དང་འགོས་ནད་བསྒོས་བའི་ཉེས་བ་མི་འབྱུང་།

  10. སྤོབས་པ་མཐའ་ཡས། says:
    2014-07-01 at 12:32 am

    བོད་ཀྱི་སྲོན་རྒྱུན་སྨན་བཅོས་པ་ཟེར་བ་འདི་རིགས་བླ་རྫུན་མ་རུང་བ་ཚོའི་བྱེད་སྟངས་བཞིན་དུ། གང་ན་ཁྲིམས་འགལ་མགོ་སྐོར་གཏོང་ཐུབ་མི་ཐུབ་ལ་བརྟག་དཔྱད་བྱས་ན་མ་གཏོགས་དེ་མིན་བོད་སྨན་ནི་རྨོངས་དད་ཙམ་ལ་གཞིར་བཞག་པའི་བཅོས་ཀ་ཙམ་རེད། ཚན་རིག་དང་མཐུན་པའི་བརྟག་དཔྱད་ཅིག་བྱས་ན་རྫུན་རྐུབ་རལ་རྒྱུ་མ་གཏོགས་ཅི་ཡོད།

  11. སྤོབས་པ་མཐའ་ཡས། says:
    2014-07-01 at 12:37 am

    མགོ་སེར་ཚོས་དོ་སྣང་བྱས་ནས་རིན་ཐང་ཆེ་ཡོང་རྒྱུ་ཅི་ཡོད། དེ་ལྟར་ན་དོལ་རྒྱལ་རྡོ་རྗེ་ཤུགས་ལྡན་གྱི་རྒྱབ་སྐྱོར་གྱིས་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་མཁན་ཡང་མང་ཆེ་བ་མགོ་སེར་བ་རེད། དེས་དོལ་རྒྱལ་གྱི་རིན་ཐང་མཐོ་རུ་སོང་བ་གང་ཡང་མ་རེད།

  12. བཙན་བྱོལ་བ་ says:
    2014-07-01 at 5:34 am

    བོད་ཀྱི་ཐུན་མིན་གསོ་སྤྱད་རིགས་མི་ཉམས་གོང་འཕེལ་དང་དུས་རབས་དང་བསྟུན་པའི་འགྱུར་བ་གཏོང་རྒྱུར་གལ་ཆེ། དེ་མིན་ཡར་རྒྱས་མི་ཡོང་།

  13. ཀརྨ་བློ་གསལ་ says:
    2014-07-01 at 6:06 am

    བོད་ཀྱི་གསོ་བ་རིག་པར་ཁྱད་ཆོས་ཡོད་ད་ཡོད། སྔར་བཙན་པོའི་དུས་སུ་མིག་གཤག་བཅོས་གནང་བ་རེད། ག་རེ་ཡིན་ད། ཨེམ་རྗེ་དེ་འ་ཞའམ། ད་སྐབས་ཀྱི་མཚོ་སྔོན་ནས་གདན་དྲངས་པ་ཡིན་ས་ཡོད། དེ་མིན་མཛེ་ནད་ལ་ལག་འཁེལ་ཡོད་མི་འདུག བཙན་པོ་ཞིག་ལའང་མཛེ་ནད་བྱུང་རྗེས་དང་བླངས་ངང་གསོན་པོ་དུར་དུ་སྦས་བཅུག་ཡོད་པ་རེད། ཨ་ཨ་ཨ། རླབས་ཆེན་རེད་ད། དེང་སྐབས་མཐོ་རིམ་དཔོན་རིགས་་ཁྲོད་དུ་སྐྱེས་མཆོག་འདི་འདྲ་བྱུང་མི་སྲིད། བོད་ཚང་མར་མཛེ་ནད་འགོས་ནས་གྲོངས་ནའང་། མ་ཤེས་མདོག་མདོག་གནང་གི་རེད།

    ཡང་ཅིག་ལྷག་འདུག བཙན་པོ་དེར་ག་རེ་བྱས་ནས་མཛེ་ནད་བྱུང་པ་རེད་དམ། གཡོག་མོ་ག་གེ་མོར་ལུས་འབྲེལ་བྱུང་ནས་འགོས་པ་རེད་དམ། བཙན་པོའི་གདུང་རྒྱུད་ལ་མཛེ་རྒྱུད་ཡོད་པ་རེད། ཨེམ་རྗེ་དཀར་མཚོ་སྐྱིད་ལགས་སུ་སྐྱབས་འཇུག་ཞུ་གི་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme