Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསུམ་བཅུའི་དུས་དྲན། ཁྱེད་ཀྱི་ལས་དབང་དེ་གང་དུ་ཡོད་དམ།

Posted on 2010-03-102010-03-10 By རིག་འབྱུང་དོན་གྲུབ་བཀྲ་ཤིས་

little-kidསྐར་ཆེན།

གསུམ་བཅུའི་དུས་དྲན། དེ་རིང་། ཁྱེད་དགུང་ལོ་ང་གཅིག་ལ་སླེབས་པའི་དེ་རིང་། ངའི་ཕ་ཡུལ་དུ། ཡུལ་མི་ཚོས་རང་དབང་གི་སྒོ་ནས་དབུགས་གཏོང་དཀའ་བར་མ་ཟད་ཁོང་ཚོའི་སྨྲ་སྒོ་ཡོངས་སུ་བསྡམས་ནས་ཡོད། ཐ་ན། ཁོང་ཚོར་ཕྱི་ལོགས་སུ་རང་དབང་སྒོས་འགྲོ་བསྐྱོད་ཀྱང་བྱེད་དབང་མེད། ཁོང་ཚོའི་སྨྲ་སྒོ་བསྡམས་བྱེད་མཁན་དེ། རྒྱ་ནག་དམར་པོའི་མེ་མདའ་ཡིན། ཁོང་ཚོའི་རྐང་ལག་བསྡམས་མཁན་དེ་རྒྱ་དམར་གྱི་ལྕགས་སྒྲོག་ཡིན། ཁོང་ཚོའི་རང་དབང་འཕྲོག་མཁན་དེ་ཡང་རྒྱ་ནག་དམར་པོ་ཡིན། དེ་རིང་། ཕྱི་ལོགས་ནས་་ཕ་ཡུལ་དུ་ཁ་པར་གཏོང་བ་ནི། ཡུལ་མི་རྣམས་བཙོན་ལ་འདེད་པ་དང་གཅིག་མཚུངས་ཡིན། གསུམ་བཅུའི་དུས་དྲན། ད་ལྟ། ཁྱེད་ཀྱི་ལས་དབང་དེ་གང་དུ་ཡོད་དམ།

གསུམ་བཅུའི་དུས་དྲན། ཁྱེད་རང་ཐོག་མར་། ཕྱི་ལོ་༡༩༥༩ལོར་ངེད་ཀྱི་རྩ་བའི་བླ་མ་དང་མཉམ་དུ་བཙན་བྱོལ་ལ་འབྱོར་བ་རེད། འོན་ཀྱང་། དེ་དུས། སུས་ཀྱང་ཁྱེད་ཀྱི་ལས་དབང་ཐག་ཆོད་ཀྱི་མེད། དེ་ཡང་། ཕྱི་ལོ་༡༩༦༠ཟླ་༣པའི་ཚེས་༡༠ ཉིན་། ངེད་ཀྱིས་རྩ་བའི་བླ་མས་འདི་ལྟར་གསུངས་ཡོད། དེང་དུས་ཀྱི་ཤེས་རིག་སློབ་སྦྱོང་སོགས་བྱེད་སྒོ་གང་ཅིར་ལྷག་བསམ་དུང་ལས་དཀར་ཞིང་། བཟོད་བསྲན་ལྕགས་ལས་སྲ་བའི་འབད་བརྩོན་ལྷུར་ལེན་གྱིས་བསྟན་པ་སྤྱི་དོན་ཐོག་སྲོག་བཏང་བའི་རང་རིགས་གྲོགས་མཆེད་རྣམས་ཀྱི་བཀའ་དྲིན་གསབ་ཐུབ་པ་དང་། རང་ཡུལ་རྒྱ་ཆེའི་མི་མང་རྣམས་གཞན་དབང་ལས་གྲོལ་བ། རང་གི་ལུང་བར་རང་དབང་རང་རིགས་རང་ཉིད་ཀྱིས་ཅི་བདེར་ལོངས་སུ་སྤྱོད་ཐུབ་པ་བཅས་གང་མྱུར་ཡོང་བའི་འབད་བརྩོན་ལྷོད་མེད་མུ་མཐུད་དུ་བསྐྱེད་དགོས་ཞེས་གསུངས་ཡོད། དེ་དུས་ནས། ཁྱེད་ཀྱི་ལས་དབང་འདི་མུ་མཐུད་དུ་མཐུད་རྒྱག་དགོས་བ་ངེད་ཀྱི་རྩ་བའི་བླ་མས་མཁྱེན་ནས་ཡོད། ཁྱེད་ཀྱི་ལས་དབང་འདི་ལོ་གཅིག་དང་ཟླ་གཅིག་གི་ནང་ཚུད་ལ་ཐག་མི་ཆོད་པ་ཡང་། ངེད་ཀྱི་རྩ་བའི་བླ་མས་མཁྱེན་ནས་ཡོད། དུས་ཚོད་དེ་ནས་བརྩིས་ན། ཏག་ཏག་ལོ་ངོ་༥༠ལྷག་ཕྱིིན་པའི་དེ་རིང་ཡང་། རང་ཡུལ་རྒྱ་ཆེའི་མི་མང་རྣམས་གཞན་དབང་ལས་གྲོལ་ཐུབ་མེད་ལ་རང་རིགས་གྲོགས་མཆེད་རྣམས་ཀྱི་བཀའ་དྲིན་ཡང་གསབ་ཐུབ་མེད། གསུམ་བཅུའི་དུས་དྲན། ད་ལྟ་ཁྱེད་ཀྱི་ལས་དབང་དེ་གང་དུ་ཡོད་དམ།

གསུམ་བཅུའི་དུས་དྲན། ཁྱེད་ཀྱི་ལས་དབང་ལ་ཡང་འགྱུར་བའི་རིམ་པ་བྱུང་བ་རེད། ཐོག་མར། འབོད་ཚིག་གཅིག་དང་ལངས་ཕྱོགས་གཅིག་གི་འོག་ནས་ཁྱེད་ཀྱི་ལས་དབང་གི་ཉིན་མོ་སྲུང་བརྩིབྱས་བ་རེད། ཐོག་མའི་ཆར་། ཁྱེད་ཀྱི་ལས་དབང་དེ་ཡང་རང་དབང་རང་བཙན་གྱི་ལས་དབང་རེད། ཉིན་མོ་དེ་ཡང་རང་བཙན་འཐབ་རྩོད་ཀྱི་་ཉིན་མོ་རེད། དེ་ནི་ཕྱི་ལོ་༡༩༧༤བར་དུ་རེེད། དེའི་རྗེས་སུ། གནས་སྟངས་འགྱུར་བ་རེད། མི་རྣམས་ཀྱི་ལྟ་ཚུལ་འགྱུར་བ་རེད། བསམ་ཚུལ་ཡང་འགྱུར་བ་རེད། བོད་དོན་ཡང་འགྱུར་བ་རེད། བོད་དོན་དེ་ཡང་རྒྱལ་སྤྱིའི་གནདདོན་ཅན་ཏུ་གོམ་པ་སྤོ་འགོ་ཚུགས་པ་རེད། རྒྱ་ནག་དམར་པོས་ཀྱང་འགྱུར་བའི་རྣམ་འགྱུར་བསྟན་པ་རེད། འོན་ཀྱང་། རྣམ་འགྱུར་་དེ་དག་ནི་བསླུུ་བྲིད་དང་གཡོ་སྒྱུས་བསྒྲིབས་པའི་རྣམ་འགྱུར་རེད། དུས་དེ་ནས། ཁྱེད་ཀྱི་ལས་དབང་དེ་། དབུ་མའི་ལམ་གྱི་འོག་ཏུ་ཕྱིན་པ་རེད། ངེད་ཀྱི་རྩ་བའི་བླ་མ་དང་གཞུང་གི་ངོས་ནས་། ཁྱེད་ཀྱི་ལས་དབང་དེ་དབུ་མའི་ལམ་གྱི་སྒང་ལ་བཞག་པ་རེད། འབོད་ཚིག་དེ་ཡང་དབུ་མའི་ལམ་ཆགས་པ་རེད། འོན་ཀྱང་། ངེད་ཀྱི་མི་མང་གི་ཁྲོད་དུ། མུ་མཐུད་དུ། རང་བཙན་གྱི་དར་ཆ་བཟུང་ནས་ཁྱེད་ཀྱི་ལས་དབང་གླེང་མཁན་བྱུང་བ་རེད། ལས་དབང་གླེང་མཁན་དེ་ཚོ་ད་ལྟ་ཡང་མཚམས་ཆད་མེད། ཁྱེད་ཀྱི་ལས་དབང་ལ་ཐག་གཅོད་མ་བྱུང་བ་ཡིན་ཙང་། ༡༩༨༩ལོར་བོད་ནང་དུ་ཞི་རྒོལ་བྱུང་བ་རེད། བོད་ནང་གི་བོད་རྒྱ་ཆེའི་མི་མང་རྣམས་ཡར་ལངས་བ་རེད། རང་གི་གཅེས་བའི་སྲོག་ལ་མ་འཛེམས་པར་ཡར་ལངས་བ་རེད། ཁྱེད་ཀྱི་ལས་དབང་ཐག་གཅོད་པའི་ཆེད་དུ་ཡར་ལངས་བ་རེད། ཆེས་ཡིད་སྐྱོ་ཞིང་སེམས་ཕམ་པ་ཞིག་ལ། ལོ་དེར། ཁྱེད་ཀྱི་ལས་དབང་གླེང་མཁན་གྱི་དབུ་འཁྲིད་གཞན་ཞིག་དགོངས་པ་ཆོས་དབྱིངས་སུ་འཐིམས་སོང་། དབུ་འཁྲིད་ཁོང་ནི་བོད་མི་རིགས་ཀྱི་དཔའ་བོ་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་རེད། ཁྱེད་ཀྱི་ལས་དབང་ཐག་མ་ཆོད་གོང་། ཁོང་དགོངས་པ་ཆོས་དབྱིངས་སུ་འཐིམས་པ་རེད། གསུམ་བཅུའི་དུས་དྲན། ད་ལྟ་ཁྱེད་ཀྱི་ལས་དབང་དེ་གང་དུ་ཡོད་དམ།

དུས་རྗེས་ཀྱི་ལོ་ཟླ་དག་ནི་རབ་རིབ་རེད། དུས་རྗེས་ཀྱི་ལོ་ཟླའི་ནང་། ཁྱེད་ཀྱི་ལས་དབང་གི་ཉིན་མོར། བཙན་བྱོལ་མི་མང་རྣམས་ཁྲོམ་ལ་བུད་ནས་སྐད་འབོད་བྱས་བ་རེད། འབོད་ཚིག་འདྲ་མིན་གྱི་འོག་ནས་སྐད་འབོད་བྱས་བ་རེད། ལས་དབང་རང་བཙན་ལ་སྒོམ་མཁན་ཚོས་། རང་བཙན་ལབ་ནས་སྐད་འབོད་བྱས་བ་རེད། ལས་དབང་དབུ་མ་ལ་སྒོམ་མཁན་ཚོས་། རང་བཙན་ལས་དམའ་བའི་སྐད་ཞིག་བརྒྱབ་པ་རེད། སྐད་འབོད་རྒྱག་མཁན་གཉིས་ཀས་ཁྱེད་ཀྱི་ལས་དབང་གླེང་བ་རེད། འོན་ཀྱང་། ཁྱེད་ཀྱི་ལས་དབང་ཐག་ཆོད་མེད། ཁྱེད་ཀྱི་ལས་དབང་གི་ཉིན་མོ་སྲུང་བརྩི་ཞུ་གིན་ཞུ་གིན། བགྲང་བྱ་གང་འཚམ་འདས་བ་རེད། དེ་ཡང་། ཕྱི་ལོ་༢༠༠༢ལོ་ནས་བཟུང་བོད་རྒྱའི་འབྲེལ་མོལ་ཟེར་བ་ཞིག་བསྐྱར་དུ་མཐུད་བརྒྱབ་པ་རེད། རེ་བ་རབ་རིབ་ཞིག་གི་སྣེ་མོར་ཐག་པ་བརྒྱབ་ནས་འབྲེལ་མོལ་བྱས་བ་རེད། ངེད་ཀྱི་བཀའ་ཤག་གིས་འབྲེལ་མོལ་གྱི་ཐག་སྣེ་དེ་ལ་རེ་བ་ཆེན་པ་བཅིངས་བ་རེད། རེ་བ་བཅིངས་པས་མ་ཚད། མི་མང་རྣམས་ལ། ཁྱེད་ཀྱི་ལས་དབང་གི་ཉིན་མོར་སྐད་འབོད་ཀྱང་མ་བྱེད་ལབ་པ་རེད། མི་མང་རྣམས་ཀྱིས་ཀྱང་བཀའ་ཤག་གི་བཀའ་ལ་སྲུང་བརྩི་དང་། ཁྱེད་ཀྱི་ལས་དབང་གི་ཉིན་མོར་སྐད་འབོད་མ་བྱས་བ་རེད། འོན་ཀྱང་། ཁྱེད་ཀྱི་ལས་དབང་ཐག་མ་ཆོད་པ་རེད། ཐག་མ་ཆོད་པའི་རྐྱེན་གྱིས། ཕྱི་ལོ་༢༠༠༨ལོར་བོད་ནང་དུ་ཞི་རྒོལ་ཆེན་མོ་བྱུང་བ་རེད། ཞི་རྒོལ་དེས་འཛམ་གླིང་ས་ཡི་དཀྱིལ་འཁོར་ཡོམ་ཡོམ་དུ་སྒུལ་བ་རེད། འཛམ་གླིང་མི་མང་གི་མིག་ཐང་ལ་། བོད་དོན་ཟེར་བའི་བསུབ་རྒྱུ་མེད་པའི་རླབས་ཆེ་བའི་རྐང་རྗེས་ཤིག་བཞག་པ་རེད། རྐང་རྗེས་དེ་ད་དུང་ཡང་གསོན་པོར་གནས་ཡོད། འོན་ཀྱང་། འོན་ཀྱང་། ཁྱེད་ཀྱི་ལས་དབང་གི་ཉིན་མོ་དེར། ངེད་ཀྱི་ཡུལ་མི་མང་པོའི་ཚེ་སྲོག་ཤོར་བ་རེད། ངེད་ཀྱི་ཡུལ་མི་མང་པོ་མུན་ནག་གི་བཙོན་ལ་ཚུད་པ་རེད། ངེད་ཀྱི་ཕ་ཡུལ་དུ། བུ་ཕྲུག་མང་པོ་དྭ་ཕྲུག་ཆགས་པ་རེད། གསུམ་བཅུའི་དུས་དྲན། ད་ལྟ། ཁྱེད་ཀྱི་ལས་དབང་དེ་གང་དུ་ཡོད་དམ།

གསུམ་བཅུའི་དུས་དྲན། དེ་རིང་། རྒྱ་བལ་འབྲུག་གསུམ་གཙོས་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་ན། ཁྱེད་ཀྱི་ལས་དབང་གི་ཉིན་མོ་སྲུང་བརྩི་བྱེད་བཞིན་ཡོད།
སེམས་ཤུགས་ངར་མ་དང་སྐད་འབོད་མཐོན་པོའི་སྒོ་ནས། ཁྱེད་ཀྱི་ལས་དབང་གི་ཉིན་མོ་སྲུང་བརྩི་བྱེད་བཞིན་ཡོད། ད་དུང་། འཛིན་སྐྱོང་བཀའ་ཤག་དང་གྲོས་ཚོགས་ཀྱིས་། ཁྱེད་ཀྱི་ལས་དབང་གི་ཉིན་མོ་སྲུང་བརྩིའི་གཏམ་བཤད་གནང་གི་ཡོད། མ་འོངས་རྒྱང་གཟིགས་དང་གནས་སྟངས་གསལ་གཟིགས་ཀྱི་གཏམ་བཤད་གནང་གི་ཡོད། གསུམ་བཅུའི་དུས་དྲན། ད་ལྟ། ཁྱེད་ཀྱི་ལས་དབང་དེ་གང་དུ་ཡོད་དམ། ད་ལྟ། ཁྱེད་ཀྱི་ལས་དབང་དེ་གང་དུ་ཡོད་དམ།

རྩོམ་རིག

Post navigation

Previous Post: གསུམ་བཅུ་དུས་དྲན་སྟེང་གྲོས་ཚོགས་ཀྱི་གསུང་བཤད།
Next Post: བོད་ཀྱི་རྒྱལ་དར་བཙན་འཕྲོག་དང་མེ་བསྲེགས།

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme