Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསུམ་གཅིག་བཞི་ཉིན་གྱི་གྲོས་ཆོད་དོན་ཚན་བརྒྱད།

Posted on 2012-03-182012-03-18 By ཤར་ཕྱོགས་ཁུག་རྟ། 4 Comments on གསུམ་གཅིག་བཞི་ཉིན་གྱི་གྲོས་ཆོད་དོན་ཚན་བརྒྱད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས།

གྲོས་ཆོད།

༡༽གཞིས་བཞུགས་བོད་མི་རྣམས་ཀྱིས་རང་ཡུལ་ནང་རྒྱ་དམར་གྱི་དྲག་རྩུབ་ཀྱི་བཙན་གནོན་ཁོ་ནའི་འོག་དཀའ་སྡུག་རྒྱུན་མི་ཆད་དུ་མྱངས་དགོས་ལ་འུ་ཐུག་ཐབས་མེད་བཟོད་བྲལ་དུ་གྱུར་ཏེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་མི་རྣམས་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ་སོགས་གདུང་འབོད་ཤུགས་དྲག་དང་བཅས་རང་ལུས་ཚུན་ཞུགས་འབུལ་གྱིས་ལེགས་སྐྱེས་སུ་འབུལ་གནང་གི་གཟི་བརྗིད་ལྡན་ཞིང་། བློས་བཏང་ཆེན་པོའི་དཔའ་མཛངས་ཀྱི་སྙིང་སྟོབས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡི་རངས་བསྔགས་བརྗོད་དང་འབྲེལ་རྩ་ཆེའི་སྐུ་སྲོག་ཤོར་བ་རྣམས་དང་། འཛིན་བཟུང་དོ་དམ་འོག་སྡུག་སྦྱོང་མནར་གཅོད་མི་ཟད་པ་མྱོང་བཞིན་པ་བཅས་ལ་སྙིང་དབུས་ནས་གུས་བཏུད་དང་གདུང་སེམས་མཉམ་བསྐྱེད་ཞུ་བ་དང་ཆབས་གཅིག་རྒྱ་གཞུང་གིས་འཚེ་མེད་ཞི་བའི་ལས་འགུལ་བའི་དགོས་འདུན་ཁག་ལ་ཡ་ལན་བདག་སྤྲོད་བྱ་རྒྱུའི་རྣམ་པ་ཙམ་ཡང་མེད་པར་དྲག་གནོན་བྱས་པར་སྐྱོན་བརྗོད་ཤུགས་ཆེ་བྱ་རྒྱུ་ཡིན།

༢༽རྒྱ་ནག་དམར་གཞུང་གིས་བོད་མིའི་ཐོག་བཙན་གནོན་གྱི་སྲིད་བྱུས་ཐབས་སྡུག་འདི་རིགས་འཕྲལ་ནས་མྱུར་དུ་མཚམས་འཇོག་གིས་བོད་མི་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་འཁོད་ཡོད་པའི་མི་རིགས་རང་སྐྱོང་དང་། གཞི་རིམ་གྱི་ཐོབ་ཐང་ཁག་ལག་བསྟར་དོན་འཁེལ་ངེས་པར་ཡོང་བའི་འགན་ལེན་བྱ་དགོས།

༣༽དེའི་ཕྱིར་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་སྲིད་བྱུས་དེ་དག་དངོས་སུ་ལག་བསྟར་ཡོང་ཆེད་བོད་རྒྱ་གཉིས་དབར་ཞི་མོལ་གྱི་ལས་དོན་འཕྲལ་དུ་འགོ་འཛུགས་བྱ་དགོས།

༤༽བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་རྒྱལ་སྤྱིའི་ཕྱོགས་ལྷུང་མེད་པའི་རང་དབང་ཅན་གྱི་སྐུ་ཚབ་ཚོགས་པ་བོད་ནང་འཕྲལ་གཏོང་བྱ་དགོས་པ་དང་། དེ་མིན་དངོས་ཡོད་གནས་སྟངས་འཚོལ་ཞིབ་བྱེད་པོའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པ་བོད་ནང་འཕྲལ་མར་ཡོང་འཇུག་དགོས། དེ་བཞིན་རང་དབང་ལྡན་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་པ་རྣམས་དང་། ཚོགས་སྡེའི་སྐུ་ཚབ། སྒེར་པའི་ཡུལ་བསྐོར་སྤྲོ་འཆམ་པ་ཚོར་བོད་ནང་འགྲོ་ཆོག་པའི་རང་དབང་སྤྲོད་དགོས།

༥༽རྒྱ་གཞུང་གིས་བོད་ནང་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་ཆེ་དང་། བོད་མི་འབྲོག་པ་རྣམས་གནས་གཅིག་ཏུ་བཙན་སྡོད་བྱེད་དུ་འཇུག་པ་སོགས་ཀྱིས་བོད་དུ་རྒྱའི་མི་འབོར་གནས་སྤོ་བྱེད་པའི་ཆ་རྐྱེན་རྒྱ་ཆེ་བསྐྲུན་ཏེ་ཕ་མེས་ནས་བརྒྱུད་པའི་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་བརླག་ཏུ་གཏོང་རྒྱུའི་ཕུགས་བསམ་ངན་ཞིང་། བོད་མིའི་སེམས་ཚོར་ལ་དོ་ཕོག་འགྲོ་བའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དངོས་སུ་ལག་བསྟར་བྱས་དང་བྱེད་བཞིན་པ་རྣམས་འཕྲལ་མྱུར་མཚམས་འཇོག་གིས་ཡུལ་གྱི་བདག་པོ་བོད་མི་རྣམས་ལ་འཕྲལ་ཕུགས་བདེ་ཐབས་ཀྱི་ཁེ་ཕན་དང་། ཐོབ་ཐང་གང་ཅིར་བལྟ་སྐྱོང་གི་འགན་ལེན་ངེས་པར་བྱ་དགོས།

༦༽ པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་བཏང་སྟེ་ད་ལྟའི་འབར་མའི་སྲིད་གཞུང་ལྟར་གཞུང་དང་མང་ཚོགས་དབར་ཡིད་ཆེས་ཆེ་རུ་གཏོང་དགོས།

༧༽ འཛམ་གླིང་གི་དབུ་ཁྲིད་རྣམ་པས་རྒྱ་ནག་འགོ་ཁྲིད་ཚོར་དྲང་བདེན་གྱི་གནས་ལུགས་གསེད་དཀྲོལ་གནང་སྟེ། བོད་མིའི་དགོས་འདུན་རྣམས་འགྲུབ་ཐབས་དང་ཚེ་སྲོག་སྐྱོབ་ཐབས་བཅས་པར་ནུས་ཐོན་གྱི་འགན་འཁུར་འཕྲལ་མར་ལེན་གནང་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ།

༨༽ ད་ཕན་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་དང་། བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་བསྟན་པ་དང་། གྲོས་ཚོགས་ནང་གྲོས་ཆོད་བཞག་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག རྒྱ་རིགས་མང་གཙོ་ལས་འགུལ་གྱི་ཚོགས་པ་ཁག དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་སྐྱེ་བོ་སྒེར་བཅས་ཡོངས་ཀྱིས་འཚེ་མེད་ཞི་བའི་རྣམ་པ་ཅི་རིགས་ཀྱི་སྒོ་ནས་རྒྱབ་སྐྱོར་གྱི་ལས་འགུལ་སྣ་ཚོགས་སྤེལ་བར་ཐུགས་རྗེ་ཆེ་ཞེས་ཞུ་བ་དང་སྦྲགས། ད་དུང་བོད་དོན་བདེན་མཐའ་གསལ་ཐབས་སྤྱི་དང་། ལྷག་པར་དེང་སྐབས་བོད་ནང་གི་ཛ་དྲག་དཀའ་ངལ་རྣམས་འཕྲལ་ནས་མྱུར་དུ་སེལ་བའི་བདེན་རྒྱབ་དཔུང་རོགས་སྔར་བཞིན་ཡོང་བ་ཞུ་རྒྱུ། ལྷག་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་བོད་ནང་ཛ་དྲག་གི་གནས་སྟངས་ལ་རྟོག་ཞིབ་ཆེད་འཕྲལ་དུ་སྐུ་ཚབ་བསྐོ་གཏོང་ཡོང་བའི་འབོད་བསྐུལ་བསྐྱར་ནན་དུ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ལ།།

གསར་འགྱུར།

Post navigation

Previous Post: གྲངས་ཀར་འགྱུར་བཞིན་པའི་མེ་ལྕེ།
Next Post: ཁྲིམས་ཁང་གི་རྒྱ་སྒོ་གཏོར་བའི་ངོ་རྒོལ།

Comments (4) on “གསུམ་གཅིག་བཞི་ཉིན་གྱི་གྲོས་ཆོད་དོན་ཚན་བརྒྱད།”

  1. མངའ་རིས་ཕྲིན་ལས། says:
    2012-03-18 at 8:56 pm

    གྲོས་ཆོད་དོན་ཚན་བརྒྱད་པོ་དེ་ཧ་ཅང་ཡག་པོ་འདུག འོན་ཀྱང་དེ་དག་ནི་རྒྱ་ནག་གཞུང་དང་། རྒྱལ་སྤྱི་ལ་འབོད་བསྐུལ་ཙམ་ལས་ལས་འགུལ་སྤེལ་ཕྱོགས་ཀྱི་སྐོར་གང་ཡང་གསུང་མི་འདུག ༡ གཙོ་ཆེ་བཀའ་སྤྱི་གཉིས་ཀྱི་དབུ་ཁྲིད་ནས་ཕྱི་སྡོད་བོད་རིགས་རྣམས་ཀྱི་ལས་འགུལ་གཙོ་བོ་རྒྱལ་སྤྱིའི་གསར་ལམ་BBC དང་།CNN སོགས་བརྙན་འཕྲིན་དང་རླུང་འཕྲིན་རྣམས་ཀྱི་རྒྱུད་ནས་བོད་ནང་གི་རྒྱལ་བཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རང་ལུས་མཆོད་མེར་སྒྲོན་པ་དང་། ཞི་བའི་ངོ་བརྒོལ་སྐད་འབོད་བྱས་པ་རྣམས་དུས་ཐོག་ཏུ་འཛམ་གླིང་རྒྱ་ཁྱབ་ཏུ་གནས་ཚུལ་མཁོ་གཏོང་ཐུབ་པ་བྱ་ཆེད་འགྲོ་སོང་དང་ཐབས་ལམ་ཡོད་དགུ་གནང་རྒྱུ་གལ་ཆེ་བར་མཐོང་། ༢ གཙན་བྱོལ་ནང་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། སྐྱེ་བོ་སྒེར་པ་སུ་ཞིག་གིས་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་ཚེ་དེ་ལ་ངེས་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱབ་སྐྱོར་དང་བདག་སྤྲོད་བྱ་རྒྱུ་གལ་ཆེ་བར་སེམས། དོན་ཚན་དེ་གཉིས་གཙོ་ཆེ་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་གང་ཡིན་ལ་མ་ལྟོས་པར་སྤྱི་འཐུས་ལྷན་ཚོགས་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་མཚོན་གྱི་ཚོགས་སྡེ་གལ་ཆེ་ཞིག་ཡིན་པར་སོང་། མི་མང་གི་ལས་འགུལ་གང་དང་གང་སྤེལ་བ་དེ་དག་ལ་བདག་སྤྲོད་བྱ་རྒྱུ་ནི་ལས་འགན་རྩ་ཆེ་ཤོས་དེ་རེད། དཔེར་ན་ཉེ་ཆར་རྡ་ས་ནས་ལྷ་ས་ཞེས་པའི་གོམ་བགྲོད་པ་ཚེ་བརྟན་མ་བུ་གསུམ་དང་། ཨ་རིར་ཤིང་ཟ་རིན་པོ་ཆེ་དབུས་པའི་ཟས་བཅད་པ་གསུམ་སོགས་ལ་སྤྱི་འཐུས་ལྷན་ཚོགས་ནས་ཡ་ལེན་དང་། བདག་སྤྲོད་བྱས་པ་ཞིག་ཁྱོན་ནས་གོ་རྒྱུ་མེད་པ་གང་ཡིན། ཆབ་སྲིད་ཀྱི་ལངས་ཕྱོགས་མ་མཐུན་པ་རེད་ཟེར་ནས་འགྲེལ་བཤད་སྐྱོན་རྒྱུ་ཡིན་ནམ།

  2. གྲགས་པ་གནམ་ཐོས། says:
    2012-03-18 at 11:29 pm

    སྤྱི་འཐུས་ཚོས་གནང་སྟངས་དེར་བལྟས་ཚེ་ཅུང་རེ་བ་ཡོད་པར་མཐོང་བས་ཐུགས་རྗེ་ཆེ། དེ་མིན་གང་ཟག་སྒེར་བ་རེ་ཟུང་འདོད་པ་མ་ཁེངས་པའི་རྒྱབ་སྐྱོར་གྱི་འགྲོ་གླེང་སྡེང་ཆ་བེད་སྤྱོད་ཙམ་བྱས་ཏེ་སྡོད་པའི་སྣང་ཚུལ་མཐོང་དུས་སྐྱོ་བ་སྐྱེས། དེ་ལྟར་མ་ཡིན་པར་ཚང་མས་ཆུང་ས་བསྐྱུར་ཏེ་སྤྱི་དོན་གལ་ཆེར་དགོངས་བཞེས་དང་ལངས་ཕྱོགས་གཅིག་མཐུན་གྱི་གང་དགའཅི་དྲག་ཀྱི་སྐུ་ལུས་མེ་མཆོད་སུ་ཕུལ་བའི་དཔའ་ཚོ་ཚོགས་འདུའི་རིང་སོ་སོའི་སེམས་སུ་ཉུང་ཐར་ཚོགས་ཐེངས་རེར་ཐེངས་གཉིས་དྲན་པ་གནང་རོགས།

  3. གྲགས་པ་གནམ་ཐོས། says:
    2012-03-18 at 11:32 pm

    སྤྱི་འཐུས་ཚོས་གནང་སྟངས་དེར་བལྟས་ཚེ་ཅུང་རེ་བ་ཡོད་པར་མཐོང་བས་ཐུགས་རྗེ་ཆེ། དེ་མིན་གང་ཟག་སྒེར་རེ་ཟུང་འདོད་པ་མ་ཁེངས་པའི་རྒྱབ་སྐྱོར་གྱི་འགྲོ་གླེང་སྡེང་ཆ་བེད་སྤྱོད་ཙམ་བྱས་ཏེ་སྡོད་པའི་སྣང་ཚུལ་མཐོང་དུས་སྐྱོ་བ་སྐྱེས། དེ་ལྟར་མ་ཡིན་པར་ཚང་མས་ཆུང་ས་བསྐྱུར་ཏེ་སྤྱི་དོན་གལ་ཆེར་དགོངས་བཞེས་དང་ལངས་ཕྱོགས་གཅིག་མཐུན་གང་དགའཅི་དྲག་ཀྱི་སྐུ་ལུས་མེ་མཆོད་སུ་ཕུལ་བའི་དཔའ་ཚོ་ཚོགས་འདུའི་རིང་སོ་སོའི་སེམས་སུ་ཉུང་ཐར་ཚོགས་ཐེངས་རེར་ཐེངས་གཉིས་དྲན་པ་གནང་རོགས།

    མཆན་ཞོག

  4. ཀིརྟི་སྐྱབས། says:
    2012-03-19 at 12:41 am

    རྡོག་རྩ་གཅིག་སྒྲིལ་འདོད་ན་་མི་དེའི་་སྐྱོན་རྐྱང་རྐྱང་བྲིས་ནས་་་ཡོང་ཐབས་མེད་་མི་སྐྱོན་མེད་འཛམ་པོ་གླིང་ན་མེད་ཞེས་དཔེ་ལྟར་་་སྐྱེ་པོ་སྒེར་ལ་སྐྱོན་ཕྲན་བུ་ཞིག་ཡོད་ཀྱང་་་བཟོད་པར་གསོལ་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme