Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསུང་འཕྲིན་ཡར་སློག་གི་གྲོས་ཆོད་མར་སློག་གནང་བ།

Posted on 2011-03-202011-03-20 By དབང་ཕྱུག་ 23 Comments on གསུང་འཕྲིན་ཡར་སློག་གི་གྲོས་ཆོད་མར་སློག་གནང་བ།

སྤྱི་འཐུས་ལྷན་ཚོགས་ནས་ཚེས་བཅོ་བརྒྱད་ཉིན་ཡར་ཕུལ་བའི་གྲོས་ཆོད་དེར། ༸གོང་མཆོག་གིས་དགོངས་བཞེས་མ་གནང་བའི་སྐོར་གྱི་ཡིག་ཆུང་ཞིག་ཚེས་༡༩ ཉིན་སྐུ་སྒར་ཡིག་ཚང་ནས་གྲོས་ཚོགས་ལ་གནང་ཡོད་པའི་ནང་། ༼ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༨ ཉིན་འཁོད་པའི་ཡིག་ཆུང་དང་མཉམ་དུ་དེ་ག་གྲོས་ཚོགས་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་གསུང་འཕྲིན་ཐོག་བགྲོ་གླེང་གནང་རྗེས་བཞག་པའི་གྲོས་ཆོད་ཡིག་ཆ་ཨང་ ༢༠༡༡།༡༤།༡ འཁོད་པ་སྙན་ཞུའི་ཆེད་འདི་གར་གནང་འབྱོར་བཞིན་༧གོང་ས་མཆོག་ལ་ལྷ་སྙན་སྒྲོན་འབུལ་ཞུས་པར། སྔོན་དུ་གསུང་འཕྲིན་དུ་ཞིབ་གསལ་འཁོད་པ་བཞིན། ༸གོང་ས་མཆོག་གི་དགོངས་བཞེས་ཐག་གཅོད་ལ་འགྱུར་བ་མེད་གཤིས་གྲོས་ཆོད་ནང་གསལ་ལ་དགོངས་བཞེས་གནང་ཐབས་མ་གྱུར་པས་ཕྱིར་སློག་ཞུ་དགོས་བཀའ་ཕེབས་འདུག་པ་བཞིན་འདི་མཉམ་ཕྱིར་འབུལ་ཞུས་པ་དེ་ལུགས་མཛད་ཕྱོགས་ཡོད་པ་དགོངས་འཇགས་ཞུ་༽ཞེས་བཀོད་འདུག

གསར་འགྱུར།

Post navigation

Previous Post: ཁ་འབྲལ་མི་ཕོད་པ
Next Post: བོད་ཁྱི་དང་བོད་མི། ད་དུང་བྲན་གཤིས།

Comments (23) on “གསུང་འཕྲིན་ཡར་སློག་གི་གྲོས་ཆོད་མར་སློག་གནང་བ།”

  1. མེ་ཏོག་དཀར་པོ། says:
    2011-03-20 at 5:58 pm

    ཡར་ཞུ་ཕྱིར་སྩལ་གནང་བར་ཐུགས་རྗེ་བཀའ་དྲིན་བླ་མེད་ཆེ།

  2. ཀླུ་སྨྱོན། says:
    2011-03-20 at 6:31 pm

    གསུང་འཕྲིན་མར་གནང་ཡར་འབུལ་རེད། །
    བོད་དོན་འདི་ཚོ་ཨ་ལ་ལ། །

  3. དབང་འདུས། says:
    2011-03-20 at 6:43 pm

    མི་རིགས་གཞན་གྱིས་དབང་འཛིན་པ་བརྗེ་བསྒྱུར་གྱི་ཆེད་དུ་རང་སྲོག་བློ་གཏོང་དང་འབྲེལ་ཁྲག་དང་ཚེ་སྲོག་གི་མཆོད་པ་འབུལ་བཞིན་པའི་དུས་འདིར། བོད་མི་རྣམས་ཀྱིས་དབང་འཛིན་བརྗེ་བསྒྱུར་མི་ཡོང་བར་སྐྱེ་རབས་ཕྲེང་བ་ཀུན་ཏུ་སྐྱབས་འགྲོའི་སྲིད་གཞུང་བརྟན་འཛུགས་གནང་ཆེད་མིག་ཆུ་དང་འགྱོད་གདུང་གི་ལོ་རྒྱུས་བསྐྲུན་བཞིན་པ་དེ་ལ་བལྟས་ནས། ཕྱི་རྒྱལ་གྱི་ཞིབ་འཇུག་པ་ཚོས་བོད་མི་དམངས་དང་སྤྱི་འཐུས་ལྷན་ཚོགས་ལ་དམངས་གཙོའི་ལྟ་གྲུབ་རྣལ་མ་ཞིག་མེད་པའི་ཚོད་དཔག་བྱེད་བཞིན་པར་འདུག དངོས་གནས་མིག་རྒྱང་རིང་པོའི་ལྟ་གྲུབ་ཅིག་དགོས་པར་ངེས།

  4. གཅན་བཟོད་རྒྱམ། says:
    2011-03-20 at 6:50 pm

    ནོར་ཝེ་རླུང་འཕྲིན་ཐོག་ན་འཐུས་མི་འགས་གོ་སྐབས་འཚོལ་བཞིན་འདུག་མོད། ད་ནི་ང་ཚོས་འོས་ཤོག་བླུགས་ཚར་བ་ཡིན་པས་ཚར་སོང་བ་རེད། ངོ་མ་འདི་ཚོ་སྐབས་འཚོལ་བའི་སྐད་ཆ་བཤད་ལོབས་སུ་སོང་འདུག་ཡ། ཁ་སྔོན་གྲོགས་ཚོགས་ནང་ནས་སྐད་ཆ་གཞན་ཞིག་བཤད་སོང་ང་། དེ་རིང་ཡང་སྐད་ཆ་དེ་མ་ཡིན་པ་ཞིག་བཤད་ནས་ཅིག་རྟོགས་སོང་མདོག་མདོག་བྱེད་ཀྱིན་འདུག རང་ཚུགས་མེད་པ། ཅི་བཤད་འདི་བཤད་མེད་པ་རང་ཡ།

  5. ཀརྡོ་རབ་འབྱམས་པ་ says:
    2011-03-20 at 9:55 pm

    ༸གོང་ས་མཆོག་གི་དགོངས་བཞེད་དང་། བོད་མི་རིགས་ཀྱི་དད་འདུན་བར་གྱི་སྙིང་སྟོབས་ཞན་པའི་སྤྱི་འཐུས་ཀྱི་གྲོས་ཁ་ལ་འཛམ་གླིང་མི་དམངས་ཀྱིས་མིག་གཅེར་ནས་འདུག་པས་་་ ད་མང་པོ་མི་ལབ།

  6. བསྟན་འཛིན says:
    2011-03-20 at 11:13 pm

    སྤྱི་མཐུས་མང་ཆེ་བ་དམིགས་ཡུལ་ངེས་བཟུང་མེད་པ་གསལ་བོ་རེད། མང་ཚོགས་་ཕལ་ཆེ་བས་མུན་ནག་ལག་བསྙོབ་བྱེད་བཞིན་པ་ནི་བོད་པ་གཅིག་པོ་མིན། འོན་ཀྱང་བོད་པའི་སྤྱི་འཐུས་དང་རྒྱྱལ་ཁབ་གཞན་གྱི་འཐུས་མི་བསྡུར་ན་ཡོན་ཏན་ཡོད་མེད་གནམ་ས་ལྟ་བུའི་ཁྱད་པར་ཡོད། དེ་མང་ཚོགས་ཀྱང་གོང་ལྟར་རོ།

  7. རིག་པའི་རྡོ་རྗེ། says:
    2011-03-21 at 12:08 am

    གང་ལྟར་༧གོང་ས་ཆེན་པོའི་ཐུགས་བཞེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཡོད།
    ༧གོང་ས་མཆོག་གི་སྐུ་ཚེ་བརྟན་གྱུར་ཅིག   བོད་རྒྱལ་ཁབ་རྒྱལ་གྱུར་ཅིག   མང་གཙོ་རྒྱལ་གྱུར་ཅིག

  8. ཤར་རལ་གྲི says:
    2011-03-21 at 2:27 am

    ལུགས་ཀྱི་བསྟན་བཅོས་ལས།
    བདག་ལ་བྱིན་ཟེར་དམན་པའི་ཚིག།
    མི་སྦྱིན་ཟེར་བ་དམན་པས་དམན།།
    འདི་ཁྱེར་ཟེར་བ་མཆོག་གི་ཚིག།
    མི་འཁྱེར་ཟེར་བ་དེ་བས་མཆོག། ཅེས་གསུངས་པ་ལྟར་ཕན་ཚུན་བར་འདི་འདྲའི་ཡིད་ཆེས་དང་བློས་ཐོངས་ཤིག་ཡོད་པ་ལ་ཕྱོགས་གཉིས་ཀར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

  9. ཨ་ཁུ་སྟོན་པ། says:
    2011-03-21 at 3:34 am

    ༈ ད་ལམ་༧གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་པ་དེ་དུས་ཚོད་ཏག་ཏག་ཞིག་རེད། ད་ང་རང་ཚོ་བོད་མི་མང་གི་ངོས་ནས་གན་འཁུར་ཆ་ཚང་འཁྱེར་ནས་ཕྱག་ལས་གནང་དགོས། ག་དུས་ཡིན་ཡང་བོད་ཀྱི་སྲིད་གཞུང་གི་དབང་ཆ་ཡར་ལ་ཀྱང་ཕུལ་ནས་བསྡད་ན་འགྲིག་གི་མེད། ང་རང་ཚོ་༧གོང་ས་དད་གུས་ཡོད་པ་ཡིན། ༧གོང་ས་མཆོག་གི་སྐུ་ངལ་ལ་གཟིགས་གཞིགས་གནང་དགོས། ༧གོང་ས་མཆོག་གིས་མཁྱེན་གཟིགས་ལ་བོད་གཞུང་གི་དབང་ཆ་དེ་མི་མང་རང་ལ་བརྩི་སྤྲོད་བྱས་ན་ལན་འགན་གྲུབ་ཐུབ་ཀྱི་ཡོད་པ་དགོངས་པ་རྒྱ་ཆེན་པོ་ཞིག་བཞེས་ཡོད། ང་རང་ཚོས་ག་དུས་ཡིན་ཡང་བོད་གཞུང་གི་སྲིད་དབང་དེ་༧གོང་ས་མཆོག་ལ་ཕུལ་བ་དེ་ང་རང་ཚོའི་བོད་གཞུང་གི་ལས་བྱེད་བཀའ་བློན་བཀའ་ཤག་ཚོ་ལ་འཇོན་སྟངས་མེད་ནས་ཡིན་ནམ། ཡང་ན་༧གོང་ས་མཆོག་དཔེ་ལས་ཡིན་པ་ཡིན་ན་གོ་དཀའ་བའི་གནས་སུ་འགྱུར་གྱི་འདུག །དེ་ལྟར་མ་ཡིན་ན། ད་ལྟ་༧གོང་ས་བཞུགས་པའི་སྐབས་ནས་འགན་འཁུར་བཞེས་ནས་སྐུ་དྲག་གི་རིང་ལུགས་སྤངས་ནས་མང་གཙོའི་ལམ་ནས་ཕྱག་ལས་ཐུགས་དྲང་པོའི་ཐོག་ནས་གནང་སྟེ་༧གོང་ས་མཆོག་ཐུགས་བློ་བདེ་པོ་བཟོ་དགོས་པ་དེ་ང་ཚོས་ལས་འགན་ཞིག་ཡིན་པ་མཁྱེན་ནས་ཕྱག་ལས་གནང་རོགས་མཛོད།།
    ——————————————————————————————

    ༈ ༧གོང་ས་མཆོག་བགྲེས་ཡོལ་ཕེབས་པ་ནས་ཟུང༌། བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་དེ་ཡང་འགྱུར་བ་གཏོང་དགོས་ཀྱི་ཡོད། གང་ཡིན་ཞེས་ན། ད་ལྟའི་བོད་གཞུང་དེ་མང་གཙོའི་གཞུང་ཞིག་ཡིན། དེར་བརྟེན་གཞུང་གཅིག་ལ་མིང་གཉིས་ནམ་ཡང་ཡོང་ཐབས་མེད། དངོས་ཡོད་ཡིན་ན་ང་རང་ཚོའི་གཞུང་མང་གཙོ་ཆག་པ་ནང་ཟུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་དེ་རང་གཤུགས་ཀྱི་མེད་པ་ཆག་དགོས་ཀྱི་ཡོད། དེ་ལྟར་མ་ཡིན་ན་དེའི་གོང་གི་གཞུང་གི་མཚན་སྡེ་སྲིད་དང༌། ཕག་གྲུ་དང༌། ས་སྐྱ་དང༌། རིན་སྤུང་པ་སོགས་ཀྱི་མཚན་དང་དུས་དྲན་སོགས་སྲུང་བརྩི་བྱེད་དགོས་ཀྱི་ཡོད། ད་ལྟ་བོད་གཞུང་དེ་མང་གཙོ་མཚན་ལྡན་ཞིག་ཡིན་པ་ཡིན་ན། དེ་དང་མཚུངས་པའི་གཞུང་གི་མཚན་དང་ལས་སྣེ་སོགས་ཀྱི་མཚན་ཡང་སྲིད་གཞུང་རང་ཞིག་ཡིན་པའི་ཐོག་ནས་མཚན་སོགས་སྒྱུར་བ་གཏོང་དགོས་ཀྱི་འདུག །དཔེར་ན། དང་པོ་གཞུང་དེ་ལ་མང་གཙོའི་གཞུང་དང༌། གཉིས་པ་བཀའ་བློན་ཁྲིད་པ་ལ་སྲིད་འཛིན་དང༌། གསུམ་པ་བཀའ་ཤག་ལ་སྲིད་བློན་སོགས་ཀྱི་སྒྱུར་ངེས་པར་དུ་གཏོང་དགོས་ཀྱི་ཡོད། བོད་གཞུང་གི་ལས་སྣེ་རྣམས་ཐུགས་རྗེ་གཟིགས་དགོངས་པ་རྒྱ་ཆེར་གཟིགས་རོགས་གནང༌། བོད་རྒྱལ་ལོ།། །།

  10. ཨ་ཁུ་སྟོན་པ། says:
    2011-03-21 at 3:46 am

    ༈ ༧གོང་ས་མཆོག་གི་གསུང་འཕྲིན་མར་བཀའ་ཤག་ལ་ཕྱིར་སློག་གནང་བ་ལ་གུས་པས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན། མ་འོངས་སྔོན་སུས་ཀྱི་དེ་འདྲའི་ཕྱག་ལས་བཟང་པོ་མཛད་པ་དེ་ལ་ཁྱེད་༧གོང་ས་ཐམས་ཅད་མཁྱེན་པ་ཡིན་པ་མངོན་སུམ་གྱི་ར་ཕྲོད་ཐུབ་ཀྱི་འདུག །དེ་བཞིན་༧གོང་ས་མཆོག་གིས་གསུངས་པ་ལྟར་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་དེ་ངེས་པར་ད་ནས་ཟུང་མཚམས་འཇོག་གནང་དགོས། །གང་ལ་ཞེས་༧གོང་ས་མཆོག་གི་བཀའ་ཡིན། ཁོང་༧སྐྱབས་མགོན་གོང་ས་མཆོག་གིས་ཐུགས་བསམ་རྒྱ་ཆེ་གཏིང་ཟབ་ཞིག་བཞེས་ནས་གསུངས་པ་ཞིག་ཡིན། དེ་ལ་ང་ཚོ་བོད་མི་ཚང་མའི་བརྩི་སྲུང་གནང་དགོས། བོད་རྒྱལ་ལོ།།

  11. ཚངས་དབྱངས། says:
    2011-03-21 at 3:53 am

    རྒྱལ་བ་ཐམས་བཅད་མཁྱེན་པ་ངོ་མ་མིང་དོན་མཚུངས་འདུག ད་རྒྱལ་བ་རིན་པོ་ཆེ་རི་དྭགས་རྙི་ལས་འགྲོལ་བ་ཞིན། ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་མེད་སྟབས། དུས་ཚོད་དོ་དོ་ཅོག་རྒྱ་ནག་ལ་དམིགས་ནས། ཨ་ཞང་རྒྱ་ནག་ལོ་ལོ་བཟོ་ལྟ་ཡག་པོ་ཞིག་བཟོ་ས་རེད་འདུག ད་རེས་སྡུག་གྱོང་འདི་བོད་གཞུང་དང་བོད་མི་དམངས་མིན་པར་རྒྱ་ནག་སྲིད་གཞུང་རེད། རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ཀྱི་ཐུགས་འགན་མེད་སྟབས། རང་དབང་རེད། ད་ལྟོས་ཨང་རྒྱ་ནག་འདི་མྱང་ས་རེད།

  12. དཀོན་མཆོག་ཆོས་འཕེལ། says:
    2011-03-21 at 4:20 am

    ད་བློ་བདེ་སོང་། སྤྱི་འཐུས་ཚོས་ཚེས་ཉི་ཤུའི་འོས་ཤོག་ལ་རེ་བ་བརྒྱབ་ཚར་བ་རེད། ད་ནི་ཚེས་ཉེར་གཅིག་རེད། འོས་ཤོག་གི་སྒྲུང་དང་རེ་བ་རྫོགས་པ་རེད། ད་འདི་ཚོས་གསུང་འཕྲིན་ལ་ལོག་འགྲེལ་དང་། ལས་འགན་ལ་གཡོལ་ཐབས་གཉིས་ཀ་མི་བྱེད་པའི་ཡིད་ཆེས་ཅུང་འཕར་སོང་། སྤྱི་འཐུས་རྣམ་པས་རང་མདོག་ངོ་མ་བསྟན་ནས་གླེང་རོགས། རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ལ་ལོག་འགྲེལ་མི་བྱེད་པར་གླེང་རོགས། རེ་བ་དེ་ཙམ་ད་དུང་ཡང་ཡོད།

  13. ལ་སྟོད་བུ། says:
    2011-03-21 at 7:39 am

    རྒྱ་ནག་ལ་ཕམ་ཁ་དང་བོད་མི་ཡིས་འཇོན་སྟངས་ལ་བལྟ་རྒྱུའི་དུས་ཚོད་རེད།
    ད་བར་དུ་རྒྱ་ནག་གིས་ཏ་ལིའི་རུ་ཚོགས་དང་སྲིད་དབང་སྒེར་སྤྱོད་པ་དང་ཏ་ལི་སྒེར་གྱི་གནད་དོན་ལས་སོགས་ཐམས་ཅད་གནད་དོན་འདི་ཡིས་རྒྱ་ཁ་གཅིག་ཆོད་ཀྱིས་ཀུ་རུ་ཁའི་རྒྱ་གྲམ་གྱིས་རྒྱས་བཏབ་སོང།
    ལོ་ངོ་དུ་མའི་རིང་༧གོང་ས་༧་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་དང་ལམ་དབུ་མ་ལས་སོགས་བསྟུན་མཁས་ཀྱིས་གོ་སྐབས་བཟང་པོ་རྒྱ་ནག་ལ་གནང་རྐྱང་གནང་ཡོད།
    འོན་ཀྱང་རྒྱ་ནག་གིས་དེར་ཡ་ལན་གང་ཡང་མེད་པར་སྣང་ཆུང་དུ་གཏོང་རྐྱང་བྱས་ཏེ་གོ་སྐབས་བཟང་པོ་དེ་ཆུད་ཟོས་སུ་བཏང་ཡོད།

    དེ་ནས་བོད་མི་གཞོན་སྐྱེས་པ་ལས་སོགས་མང་པོ་ཞིག་གིས་༧གོང་ས་༧་མཆོག་གིས་བཏོན་གནང་པའི་ལམ་དབུ་མ་དང་རང་སྐྱོང་ལྗོངས་དང་འཚེ་བ་མེད་པའི་ཐབས་ལམ་དེ་དག་ལ་མ་འདོད་མ་འོས་ཡིད་མ་ཚིམས་པའི་སྐད་ཆ་སྦོམ་པོ་མང་པོ་བཤད་མྱོངས།
    ད་འཇོན་སྟངས་ཡོད་ན་རང་བཙན་རྩོད་ནས་ཡུལ་གྲུ་ཀུན་གྱིས་ངོས་ལེན་དང་རྒྱབ་སྐྱོར་ཡོད་པར་བྱས་ཏེ་རྒྱ་ནག་ལ་གདོང་ལེན་བྱེད་པའི་དུས་ཡིན་པས།
    རྟ་ཕོ་ལ་རྒྱུགས་རྒྱུ་ཡོད་ན་བྱང་ཐང་ཐང་ལ་ཟད་པ་མེད།
    མཆོད་ལྔའི་མཆོད་པ་རྫིག་ཡོད་ན་ཉི་མའི་དཀྱིལ་ལ་ཐོན།
    བྱ་ཕོ་ཡིན་ན་སྐད་རྒྱབ་རེན་བྱ་མོ་ཡིན་ན་སྒོང་ང་གཏོང་རེན།
    ཡར་ཁག་མར་ཁག་དཀྲི་ས་མེད་པས་ཨ་མའི་བུ་ལ་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་པའི་དུས་ཡིན་པས་འཇོན་སྟངས་ཡོད་མཁན་གྱི་འཇོན་སྟངས་བཏོན་རེན་ཡོད།

    ད་རྒྱ་ནག་མྱངས་རྒྱུ་རེད།
    ལམ་དབུ་མ་དང་རང་སྐྱོང་ལྗོངས་ལས་སོགས་རྒྱ་ནག་ལ་ཕན་པའི་གོ་སྐབས་ཐམས་ཅད་ཀྱི་དུས་ཚོད་རྫོགས་ནས།
    གཞོན་ནུའི་ཚོགས་པ་གཙོས་པས་རང་བཙན་རྩོད་ནས་དར་ཆ་འཕྱར་རྒྱུའི་དུས་ཚོད་སླེབས་སོང།

  14. དེ་ཉིད་། says:
    2011-03-21 at 7:57 am

    ད་ཐེངས་༧གོང་ས་མཆོག་སྒེར་གྱི་ཐུགས་བཞེད་ལ་ང་ཚོས་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས་པ་ཡིན། ད་ལྟའི་བར་དུ་རྒྱ་ནག་གིས་བོད་ཀྱི་གནད་དོན་གལ་ཆེ་ཆུང་གང་ཞིག་ཡིན་རུང་༧གོང་ས་མཆོག་སྒེར་གྱི་སྟེང་ལ་ནག་འདེད་ཀྱིས་ང་ཚོ་ལ་རྣམ་འགྱུར་ཡང་པོ་གང་ཡང་བྱུང་མེད།
    ད་དུང་བོད་པ་ནང་ཁུལ་གྱི་ཚོགས་པ་ཁག་འགའ་དང་མི་སྣ་སྒེར་བ་རེ་ཟུང་གིས་ཡང་༧གོང་ས་མཆོག་གི་མིང་བྱང་ཉིད་ཁ་ལ་འཁྱེར་ནས་གནད་འགག་གི་སྐབས་སུ་ཞལ་འདེབས་བསྡུ་སློང་བྱེད་པ་ལས་ལས་ཀ་ཡག་པོ་ཞིག་རྩ་བ་ཉིད་ནས་བྱས་མྱོང་མེད།

    ད་ནི་དངོས་གནས་ཉི་མ་སྤྲིན་པའི་འོག་ནས་ཐོན་ཟེར་བའི་དཔེ་ལྟར། ༧གོང་ས་མཆོག་ཡོངས་སུ་ཐོན་ན་བཟང་བ་ཡིན།

  15. ཀརྡོ་རབ་འབྱམས་པ་ says:
    2011-03-21 at 7:57 am

    ལ་སྟོད་བུ་ལགས།
    འདི་འདྲའི་རང་ངར་སློང་དྲག་ན། ཕན་པ་ལས་གནོད་ཆེ་བ་མི་སྲིད་དམ། ཕྱེད་སྐུ་རེ་ཡིན་ཡང་་་ ངས་སེམས་གཏིང་ན། ཞེད་སྣང་ཅིག་འདུག་པས། ཁ་ནས་ཤོར་སོང་།

  16. དེ་ཉིད་། says:
    2011-03-21 at 8:02 am

    ལ་སྟོད་བུ་ལགས་སུ་གསལ་བཤད་ཚིག་འགའ།

    གཞོན་ནུ་ཚོགས་པ་སོགས་ཀྱིས་བོད་དོན་ལ་ཕན་པའི་ལས་དོན་གང་ཡང་སྒུབ་དཀའ་ནི་རེད། ཁོང་ཚོ་ནི་སྐབས་འཚོལ་རིང་ལུགས་པ་དང་ཁྱབ་བསྒྲགས་ཤོག་ཁག་རེད་མ་གཏོགས། ༧གོང་ས་མཆོག་ནང་བཞིན་ཁ་ཞེ་གཉིས་མེད་དེ་འདྲ་ཅང་མ་རེད། རབ་ཡིན་ན། གཞོན་ནུ་ཚོགས་པ་ལ་སོགས་པ་འདིར་མ་དྲངས་རོགས།

  17. ལ་སྟོད་བུ། says:
    2011-03-21 at 10:14 am

    ཀརྡོ་ལགས་བློ་ཞུམ་མི་དགོས།
    བསམ་ཕོད་པ།
    ཤོད་ཕོད་པ།
    བྱེད་ཕོད་པ།
    དེ་གསུམ་ཚང་དགོས་ཀྱི་འདུག
    ཞེད་སྣང་བྱེད་རྒྱུ་ཡོད་པ་མ་རེད།

  18. དྲི་མེད་ལྷག་བསམ། says:
    2011-03-21 at 1:39 pm

    བོད་མི་ཞིག་ཡིན་པའི་ཅ་ནས་སྐུ་བགྲེས་ཡོལ་ཕེབས་པར་དགའ་བསུ་ཞུ། སྐུ་བཞུགས་ཐོག་འདིར་མི་རབ་གསར་བ་ལ་ལམ་སྟོན་དང་འགན་ཁུར་སྤྲོད་དགོས་པ་ལས། གཤེགས་ཚར་རྗེས་ཀརྨ་པའི་ཞལ་ཆེམས་ལྟར་ལྟ་ཉན་མེད་པར་ང་བདེན་ཁོ་རྫུན་གྱིས་དུམ་བུར་འཐོར་རྒྱུ་རེད། སྐུ་བཞུགས་སྐབས་སུ་མ་ཤེས་ན་བློ་འདྲི་ས་དང་། མ་འཇོན་ན་བཀའ་སློབ་གནང་མཁན་ཡོད་རེད། གཞུང་འཐུས་ཚང་སྲ་བརྟན་ཞིག་ཆགས་རྗེས་སྐུ་གཤེགས་ན་ཐུགས་བདེ་བ་དང་། གཞུང་འཛིན་མི་སྣ་ལས་ཀ་ལ་རྒྱུས་ཡོད་དང་བྱེད་བདེ་བ། དབུ་ཞབས་ཚགས་ཚུད་པ། སྲིད་གཞུང་སྲ་བརྟན་གཡོ་གུལ་བྱེད་སླ་བོ་མེད་པ་ཆགས་རྒྱུ་ངེས་ཅན་རེད།

  19. ཟླ་བ་འཇིགས་མེད། says:
    2011-03-21 at 2:37 pm

    ད་གསུང་འཕྲིན་གྱི་དགོངས་དོན་ལག་བསྟར་ཆེད་འཆར་འགོད་ཚོགས་ཆུང་ཞིག་འཛུགས་རྒྱུ་ཐག་གཅོད་གནང་འདུག་གཱ ད་ཡར་སློག་མར་སློག་ཡོང་ས་མ་རེད། རྒྱལ་བའི་བཀའ་ལ་འགྱུར་བ་ཡོད་པ་མ་རེད། སྤྱི་འཐུས་རྣམ་པ་གཙོས་པའི་བོད་མི་མང་ལ་དཀའ་ངལ་ཡོད་ཀྱང་གནད་དོན་འདིར་གདོང་ལེན་བྱེད་དགོས་པ་རེད། གཡོལ་ཐབས་ཡོད་མ་རེད།

  20. བཟོད་པ་ལྷ་རྩེ། says:
    2011-03-21 at 3:10 pm

    ༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་པ་ནི་ཕ་བཟང་གི་བུ་ལ་སྦྱོངས་བརྡར་སྤྲོད་པ་བཞིན་ལགས་ཀྱང་། ད་ལྟ་ཕྱི་རྒྱལ་ཁག་ཏུ་ཡོད་པའི་ཕྱི་འབྲེལ་ཚང་མ་༸གོང་ས་མཆོག་གི་སྐུ་ཚབ་ལས་བོད་གཞུང་གི་གཞུང་ཚབ་ཞིག་ཏུ་ངོས་འཛིན་བྱ་མཁན་མེད་པས་དེ་དག་ནི་དཀའ་ངལ་ཞིག་ཡིན་ལགས་དེ་དག་ལ་མདོང་ལེན་ཅི་འདྲ་ཞིག་བྱ་དགོས། རེད་ཡ་བོད་གཞུང་གི་ཕྱི་རྒྱལ་རྒྱལ་ཁབ་ཁག་ནས་བཙན་བྱོལ་གཞུང་དེ་ངོས་ལེན་ཡོད་པ་བཟོ་རྒྱུ་དེ་ཁ་ཚ་དགོས་བཏུགས་ཞིག་ཏུ་མཐོང་ལ་བཀའ་ཁྲི་སུ་འཁེལ་ཀྱང་ལས་དོན་དང་པོ་དེ་ལྟར་བྱ་དགོས་པ་གནད་ཤིན་ཏུ་ཆེ་སྙམས།

  21. བན་ནག་ཚང་ says:
    2011-03-21 at 5:07 pm

    གཞོན་ནུ་ཚོགས་པ་སོགས་ཀྱིས་བོད་མི་རིགས་ཀྱི་དོན་ལ་ཕན་པའི་ལས་དོན་སྒྲུབ་ནི་རེད་ཡག

  22. ཆུ་བ་འཕྲིན་བཟང says:
    2011-03-22 at 12:58 am

    ༧གོང་ས་མཆོག་གི་བགྲེས་ཡོལ་ཕེབས་གནང་གིས་གསུང་འཕྲིན་གཉིས་དངོས་སུ་སྤྱི་ཚོགས་ཁྲོད་ཁྱབ་པ་ནས་བཟུང། རྡ་ས་གཙོ་བཅས་བོད་རིགས་འདུས་སྡོད་ཀྱི་ས་གནས་དང་རླུང་འཕྲིན་དྲ་རྒྱ་སོགས་སུ་འ་འུར་ཟང་ཟིང་ཀྱིས་མཐོ་དམན་བར་གསུམ་ཚང་མིའི་སེམས་འཚུབས་དང་འགྲེལ་བཤད་སྣ་ཚོགས་ཤིག་རྒྱག་དང་རྒྱག་བཞིན་རེད། ཡིན་ཡང་ད་དུང་འབབས་ས་གཅིག་ཐོག་ལ་འབབ་ཐུབ་མེད་པ་མ་ཟད་ཁ་ཕྱོགས་གང་ཞིག་ལ་འགྱུར་གྱིན་པ་སུ་ལའང་གསལ་ཆ་མེད། གལ་ཏེ་ཁྱོད་ཀྱིས་བོད་སྐད་དང་བོད་ཡིག་གཙང་མ་ཞིག་ཤེས་ན། ༧ཁོང་གིས་གསུང་འཕྲིན་གཉིས་ཀ་མགོ་མཇུག་ཚང་མ་ཞུབ་ཉན་དང་ཞུབ་ཀློགས་ཐང་འགའ་བྱོས་དང། ད་གཟོད་ཁྱོད་ཀྱིས་སེམས་ཁོང་གི་དོག་པ་རྣམ་རྟོག་ཡོད་ཚད་སེལ་བ་མ་ཟད་དྲེང་ངེས་ཀྱིས་འགྲེལ་བཤད་ག་གེ་མོ་དེ་ཚོ་ཡང་ཉན་དགོས་དོན་མེད། དེ་ནི་ཆུ་ཚོད་འཕྲོ་སླགས་རེད་ཅེས་བཤད་ན་མི་འགྲིག་པ་མེད། དེ་བས་ང་ཚོས་ངེས་པར་བསམ་བློ་གཏོང་དགོས་བ་དེ་གང་ཡིན་ཞེ་ན། སང་ཉིན་གྱི་བོད་གཞུང་གསར་བ་དང་དེའི་འཕོ་འགྱུར་རེད། ད་དུང་བཀའ་ཁྲི་གསར་བ་དང་༧གོང་ས་མཆོག་བགྲེས་ཡོལ་ཕེབས་མིན་གྲོས་ཚོགས་ཀྱིས་ཐེག་གཅོད་མ་བྱས་བའི་དུས་ཡིན་ཟླ་གཉིས་གསུམ་འདི་ནི། ང་ཚོ་ལ་མཚོན་ན་དུས་ཚོད་གལ་ཆེན་ཞིག་ཡིན་པས་ངེས་པར་དམ་འཛིན་བྱས་ནས། རྒྱལ་སྤྱིའི་གསར་ལམ་ལས་མཚོན་པའི་རྒྱ་ནག་ལ་བརྡའ་ལན་གསལ་བོ་སྤྲོད་རྒྱུ་དང། ༧གོང་ས་མཆོག་སྐུ་སྒེར་ངོས་ནས་སྔར་བཞིན་བགྲེས་ཡོལ་ཕེབས་རྒྱུའི་ཐུགས་ཐེག་གཙང་བཅད་ཐོག་རྒྱ་ནག་ལ་འདུས་བའི་མི་ལོ་སུམ་བཅུའི་རང་ལྷག་བསམ་རྣམ་དག་གིས་བོད་རྒྱ་གཉིས་ཕན་གྱི་སྲིད་ཅེས་ལ་གྲུབ་འབྲས་ངེས་ཅན་ཐོན་མེད་པའི་སླར་ཡང་འཁང་ར་ཤུགས་དྲག་བྱེད་རྒྱུ་དང། གཞུང་དམངས་གཉིས་ཀྱིས་ངོས་ནས་ཡང་བཀའ་ཁྲི་གསར་བ་ཐུགས་གཏན་ཁེལ་རེག་བར་མུ་མཐུད་གསོལ་འདེབས་བྱེད་རྒྱུ་དང་བོད་ཕྱི་ནང་གཉིས་ཀྱི་མི་མང་གིས་བསམ་ཚུལ་གང་མང་བསྡུ་རྒྱུ། བཀའ་ཁྲི་གསར་བའི་དམ་འབུལ་བྱས་ཟིན་ཉིན་ནས་སྲིད་དབང་ཡོད་ཚད་ཀྱིས་འགན་གཙང་ལེན་དང་གོང་བཞིན་རྒྱ་ནག་ལ་བརྡའ་ལན་གསལ་བོ་ཞིག་སྟེར་རྒྱུ་དང། ༧གོང་ས་མཆོག་གིས་འདུས་བའི་མི་ལོ་ལྔ་བཅུའི་རང། བོད་ཀྱི་ཆོས་སྲིད་གཉིས་ཀྱིས་ཐུགས་བཞེས་བ་ལ་བཀའ་དྲིན་རྗེས་ཀྱི་ཐུགས་རྗེ་ལེགས་འབུལ་ལས་མཚོན་པའི་མཛད་སྒོ་རྒྱ་ཆེན་བོད་ཕྱི་ནང་གཉིས་ཀ་ནས་བྱེད་རྒྱུ། དེ་ཡང་མི་ལོ་ལྔ་བཅུའི་དཀའ་སྡུག་ཁྲོད་ཀྱི་༧གོང་ས་མཆོག་གིས་ཐུགས་ངལ་དང་མཛད་འཕྲིན་ལས་མཚོན་པའི་གློག་བརྙན་དང་ལོ་རྒྱུས་ཕྱོགས་སྒྲིགས་གསར་ཏུ་བྱས་ནས་ བོད་ཕྱི་ནང་གཉིས་ལས་མཚོན་འཛམ་གླིང་ཡུལ་གྲུ་གང་སར་འགྲེམ་སྤེལ་བྱེད་རྒྱུ་དག་ནི༎ ཁོ་བོས་རྨི་ལམ་དུ་ཡང་འཁོར་བའི་བསམ་ཚུལ་ཙམ་ཡིན། དེ་མིན་ཕྱིར་འཁོར་ནས་ལོ་རྒྱུས་ལ་འཁར་ར་རེ་བྱས། ཚུར་འཁོར་ནས་འཐུས་མི་ཚོར་ཁ་རྡུངས་ཙམ་བྱས་ནས་སྤྱི་སྒེར་སུ་ལའང་མི་ཕན་པ་ངོམ་གསལ་ཡིན་པས་ངལ་བ་དོན་མེད་དུ་བསམ། དྲ་གྲོགས་ཚོས་བསམ་ཚུལ་རེ་གླེང་རྒྱུ་རེ་བ་ཡིན། བོད་རྒྱལ་ལོ

  23. ten zin pema says:
    2011-03-22 at 2:57 am

    ༸གོང་ས་མཆོག་སྐུ་ཚེ་རི་རབ་བཞིན་དུ་བརྟན་པར་ཤོག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme