Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསུང་འཕྲིན་ཕྱིར་སློག་གི་གྲོས་ཆོད་བཀླགས་རྗེས།

Posted on 2011-03-182011-03-18 By དབང་ཕྱུག་ 2 Comments on གསུང་འཕྲིན་ཕྱིར་སློག་གི་གྲོས་ཆོད་བཀླགས་རྗེས།

སྲོང་བཙན་བུ།

ད་རེས་ཀྱི་གསུང་འཕྲིན་ནང་། བཙན་པོའི་རྒྱལ་རབས་ནས་སིལ་བུའི་དུས་སྐབས། ས་སྐྱ་ནས་སྡེ་པ་གཙང་པ། གོང་ས་ལྔ་པ་ཆེན་པོ་ནས་ད་ལྟའི་བར་བཅས་ཀྱི་བརྒྱུད་རིམ་སྤྱི་བབ་དྲན་སྐུལ་དང་བཅས་ཏེ། མ་འོངས་པར་ང་ཚོས་གདོང་ལེན་བྱེད་དགོས་ངེས་གཏན་ཡིན་པའི་དཀའ་ངལ་ཁག་ཅིག་ལ་ད་ནས་གདོང་ལེན་ཡོང་ཐབས་དང་། ཡང་ན། གོང་ས་མཆོག་ཞལ་མ་བཞུགས་པའི་ཉིན་མོར་འཕྲད་ངེས་པའི་དཀའ་ངལ་ཁག་ཅིག་ད་ལྟ་ཞལ་བཞུགས་པའི་སྐབས་ནས་གདོང་ལེན་བྱེད་ཕྱོགས་ཤིག་བསྟན་ཡོད་པ་ཡིན་སྟབས། བཀའ་དགོངས་འདི་སྒྲུབ་པ་ལ་འགལ་རྐྱེན་བྱེད་མཁན་བྱུང་བ་ཡིན་ན། དེ་ནི་བོད་ཀྱི་རྩ་དོན་ལ་ཤ་ཚ་དང་སེམས་ཁུར། འགན་ལེན་གྱི་བསམ་བློ་བཅས་མེད་པ་ལ་ངོས་འཛིན་བྱས་ཆོག་པ་ལྟ་བུ་ཡིན། དེ་རིང་ཁ་སང་གྲོས་ཚོགས་འཐུས་མི་ཚོས་གླེང་སྟངས་རིགས་གཅིག་ནི་འདི་དང་ཐག་ཉེ་བ་ཞིག་རེད། མ་གཞི་ནས་གྲོས་ཚོགས་སྐབས་བཅུ་བཞི་པས་གྲོས་ཚོགས་ར་བ་རང་ནས་དགྲ་དགའ་གཉེན་སྡུག་གི་བཤད་རེས་བྱས་ཏེ། བོད་གཞིས་བྱེས་མི་མང་བློ་ཕམ་ཡིད་ཆད་ཀྱི་གནས་སུ་བསྐྱལ་མཁན་ཡིན་སྟབས། མང་ཚོགས་ནང་བློ་འཚབ་ཆེན་པོ་ཡོང་གི་ཡོད། གསུང་འཕྲིན་ལ་སེམས་འཚབ་དང་འཐུས་མི་ཚོའི་གནང་ཕྱོགས་གཉིས་ལས་ཕྱི་མ་ལ་སེམས་འཚབ་བྱེད་མཁན་ཉུང་ཉུང་མ་རེད།
ད་རེས་གསུང་འཕྲིན་ལ་བགྲོ་གླེང་འདི་འཆར་ཅན་གྱི་འགྲོ་སྟངས་སུ་བྱས་པས་བགྲོ་གླེང་གི་དུས་ཚོད་ཅུང་ནོར་ཡོད། ཚེས་ཉི་ཤུའི་ཉིན་གྱི་འོས་ཤོག་ལ་རེ་བ་བྱེད་མཁན་འཐུས་མི་སྐོར་ཞིག་གིས། མིག་ཆུ་འདོན་ཁུལ་དང་། སེམས་རྩ་འཁོལ་མདོག་ཙམ་ལས། མ་འོངས་བོད་ཀྱི་རྩ་དོན་ལ་འགན་འཁྱེར་སྟངས་སྐོར་གླེང་རྒྱུ་བཞག་ནས། ད་ལྟ་ཕན་ལ་མང་ཚོགས་ཀྱི་ངོ་ཚབ་གསལ་ཤོས་ཀྱི་རྣམ་འགྱུར་མེད་པ་ལ། ད་རེས་གློ་བུར་ཐོལ་རྒྱག་ལྟ་བུར་མང་ཚོགས་ཀྱི་བསམ་ཚུལ་ལ་ཁ་གཡར་ནས་མིག་ཆུ་འདོན་པ་དང་། སྐད་ངག་འདར་བའི་ཟོལ་དུ་བྱེད་པ་སོགས་ཀྱི་རྣམ་འགྱུར་བསྟན་ནས་གོང་ས་མཆོག་གི་དགོངས་གཞི་སྒྲུབ་རྒྱུར་འགོག་རྐྱེན་བཟོ་བཞིན་པ་འདིར་བློ་ཕམ་བྱེད་མཁན་ཡང་འདུག གལ་སྲིད་གསུང་འཕྲིན་གྱི་བགྲོ་གླེང་འདི་འོས་འཕེན་གྱི་ཉི་མ་སྟེ་ཚེས་ཉི་ཤུའི་རྗེས་སུ་གནང་གིན་ཡོད་པ་ཡིན་ན། ཕུགས་རྒྱང་མཐོང་བའི་མིག་དང་རྣ་བ་དག་གིས་ཁ་ནང་གི་ལྕེ་དག་འགན་ཁུར་གྱི་ཕྱོགས་སུ་འགུལ་རྒྱུ་ཡིན་པའི་ངོས་འཛིན་བྱེད་མཁན་ཡང་ཉུང་ཉུང་མ་རེད། ནམ་རྒྱུན་ནས་འོས་འཕེན་ལ་ཉེ་བར་བཅར་བའི་སྐབས་སམ་དུས་སྐབས་གཅིག་གི་དུས་ཚོད་ཟིན་ཉེའི་མཚམས་སུ། སྤྱི་འཐུས་ཁག་ཅིག་གི་ཚོས་གཞི་དེ་མ་འདྲ་བ་ཞིག་ཆགས་འགྲོ་བ་ཡིན།
གོང་ས་མཆོག་གི་བཀའ་དགོངས་སྒྲུབ་ཀྱི་ཡིན་ཞེས་ཚང་མའི་མདུན་ལ་ཐོན་ནས་གླེང་མཁན་འཐུས་མི་ཚོར་མཚོན་ན། ད་ནི་གོང་ས་མཆོག་གི་དགོངས་གཞི་འདི་ལ་འགན་ཁུར་བའི་གོམ་སྟབས་ཤིག་ངེས་པར་དགོས་པ་ཆགས་ཡོད། གང་ལ་ཟེར་ན། གསུང་འཕྲིན་གྱི་ནང་དུ། ༼ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན།༽ ཞེས་གསལ་པོར་བཀོད་ཡོད་པ་དང་། དེ་དང་ཕྱོགས་མཚུངས་༼ གཞིས་བཞུགས་བོད་མི་རྣམས་ ཀྱིས་ྋརྒྱལ་བ་རིན་པོ་ཆེ་མེད་པའི་བོད་མིའི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཤིག་བསམ་བློར་འཆར་དཀའ་བའི་སྔོན་གོམས་བག་ཆགས་ཀྱི་དབང་གིས་གནས་ཚུལ་འདི་རིགས་མང་ཚོགས་ནས་འཕྲལ་མར་ངོས་ལེན་ཡོང་ཐབས་དཀའ་བ་༽ཞིག་ཡིན་ནའང་། ད་ལྟའི་ཐག་གཅོད་འདི་བཞིན། ༼ ༡ མི་གཅིག་ལ་བློས་འགེལ་གྱིས་མང་ཚོགས་འགན་ཁུར་མེད་པར་བསྡད་ན་རྒྱལ་ཁབ་དང་མི་རིགས་སྲ་བརྟན་གནས་མི་ཐུབ་པ། ༢ རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད། ༣ ད་ཆ་གལ་ཆེའི་གནད་དོན་འདི་ཉིན་འགྱངས་ཞག་འཕུལ་དུ་མ་བཞག་པར་ད་རེས་གྲོས་ཚོགས་ཀྱི་ཚོགས་དུས་འདིའི་ཐོག་བཅའ་ཁྲིམས་གཙོ་བོར་གྱུར་པའི་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་དགོས་ངེས་རྣམས་བསྐྱར་བཅོས་ཀྱིས་ངོས་ནས་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་གང་ཡང་མ་དགོས་པ་ཞིག་ངེས་པར་བྱེད་དགོས། ༤ ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན། ༥ ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད།༽ ཅེས་རྒྱབ་ལྗོངས་དང་མདུན་ལྗོངས་གཉིས་ཀ་གསལ་ཞིབ་བཀོད་གནང་འདུག་པའི་གསུང་འཕྲིན་རིན་པོ་ཆེ་གླེང་སྟངས་འདི། ལས་འགན་ལས་གཡོལ་ཐབས་དང་བརྗེ་པོ་མི་རྒྱག་པའི་འགན་ཙམ་ནི་དམའ་མཐའ་ནས་གྲོས་ཚོགས་འཐུས་མི་ཚོར་ཡོད་འོས་པ་ཞིག་དང་ཡོད་དགོས་པ་ཞིག་ཀྱང་ཆགས་ཡོད།
བོད་འབངས་སྤྱི་དང་། ཡང་སྒོས་གཞིས་ལུས་བོད་མི་རྣམས་ཀྱི་བསམ་བློའི་ནང་གསུང་འཕྲིན་གྱི་ཐག་གཅོད་འདི་ཆུད་དཀའ་བ་ཞིག་ཡིན་མིན་དེ་གནད་དོན་ཆུང་ཆུང་ཞིག་མིན་ནའང་། དཀའ་ངལ་དེ་གསུང་འཕྲིན་འདི་ནར་འགྱངས་གཏོང་ཐབས་དང་། ཡང་ན་ཕྱིར་སློག་གི་ཆ་རྐྱེན་དུ་བེད་ལོག་སྤྱོད་རྒྱུ་མ་ཡིན་པར། གཞིས་བྱེས་བོད་མིའི་བསམ་བློའི་ནང་གནད་དོན་འདི་ཆུད་ཐབས་ཀྱི་ལས་འགུལ་རྩོམ་ཕྱོགས་ཅི་ཡོད་ལ་དགོངས་པ་བཞེས་ཐུབ་དགོས་པ་དེ་་གལ་ཆེ་བ་ལས། གདོང་ལེན་བྱེད་དགོས་ཀྱི་དཀའ་ངལ་གང་ཞིག་ལ་གདོང་ལེན་གྱི་ཚབ་ཏུ་དཀའ་ངལ་དེ་དང་གཡོལ་ཐབས་རྩོམ་པ་དང་། དཀའ་ངལ་དུ་བགྲང་ནས་གསུང་འཕྲིན་ལམ་དུ་མི་ལྷོངས་པའི་ཆ་རྐྱེན་དུ་བཏེགས་པ་ཡིན་ན། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཆགས་ཡོད།
ལར་ནས་གོང་ས་མཆོག་ནི་ང་ཚོར་བླ་ན་མེད་པའི་ལམ་སྟོན་གནང་མཁན་ཡིན་པ་དེ་མཁྱེན་པའི་ཐོག་ནས། ད་རེས་མཁྱེན་དཔྱོད་ཀྱི་བདག་པོ་བོད་མི་མང་སྤྱི་འཐུས་ཚོས་ལས་འགན་ལས་གཡོལ་ཐབས་ཀྱི་བཀའ་མོལ་དང་རྣམ་འགྱུར་རིགས་མེད་པར། བོད་ཀྱི་རྩ་དོན་ཞེ་ལ་བཞག་པའི་དགོངས་ཚུལ་བརྗོད་དགོས་པ་དང་། མདོར་ན། གསུང་འཕྲིན་ནང་ཇི་ལྟར་གསལ་འཁོད་ཀྱི་དོན་གནད་རིགས་བཅའ་ཁྲིམས་ཀྱི་ནང་དུ་བཀོད་ནས་གཏན་འབེབས་གནང་བ་དང་ཆབས་ཅིག གལ་གནད་ཆེ་ཞིང་ངེས་པར་སྒྲུབ་དགོས་ངེས་ཀྱི་རིགས་ཡིན་པ་གང་ཞིག་ལ། གནས་སྐབས་ཙམ་གྱི་རིང་མང་ཚོགས་ཁྲོད་སེམས་འཚབ་ཡོང་ངེས་པ་དེ་ཚོ་རིང་མིན་བློ་བདེའི་ངོ་བོར་བསྒྱུར་ཐབས་ཀྱི་གནང་སྒོ་ཅི་མཆིས་ལ་དགོངས་པ་ཆེ་བཞེས་གནང་རྒྱུ་ནི་མཁྱེན་པའི་བདག་པོ་བོད་མི་མང་སྤྱི་འཐུས་རྣམ་པའི་ལས་འགན་ཡིན་པ་ལས། སྔར་མུས་ཐུགས་འགན་མུ་མཐུད་བཞེས་གནང་ཡོང་བ་ཞེས་གསོལ་འདེབས་ཞུས་ཏེ། ལས་འགན་ལས་གཡོལ་ཐབས་ཀྱི་ལམ་ཁ་འདམས་པ་འདི་ནི་སྤྱི་འཐུས་མི་རེ་ངོ་རེའི་གཞི་རིམ་བསམ་བློའི་སྒྲོམ་གཞིའི་ནང་། བོད་ཀྱི་མ་འོངས་རྩ་དོན་གྱི་ལམ་སྟོན་དང་འབྲེལ་བའི་ད་རེས་ཀྱི་གསུང་འཕྲིན་འདིར། འགན་ལེན་དང་གུས་བརྩི་མ་ཞུས་པ་ཙམ་མ་ཡིན་པར། བོད་ཀྱི་རྩ་དོན་དང་འབྲེལ་བའི་ཕུགས་རྒྱང་ལ་མིག་རྒྱ་བསྐྱེད་པའི་རྣམ་འགྱུར་ཙམ་ཡང་མེད་པ་ཞིག་ཏུ་མཐོང་སོང་།
ད་རེས་གསུང་འཕྲིན་གྱི་དོན་འདི་ལག་ལེན་བསྟར་བ་ཡིན་ན། དེ་ནི་བོད་འདི་གཡང་ས་ཞིག་ནས་སྔ་སྐྱབས་བྱས་པ་དང་གཅིག་མཚུངས་ལྟ་བུ་ཡིན། འོན་ཀྱང་། གནངས་ཉིན་གྱི་དངོས་གཞིའི་འོས་ཤོག་གིས་སྤྱི་འཐུས་མང་པོ་ཞིག་གི་སྨྲ་བའི་ལྕེ་ལ་དབང་པོ་གཞན་ཞིག་སྤྲད་སོང་བར་སྙམ། གཅིག་ཐང་ན། ལྟ་སྟངས་འདི་ནོར་ཡོད་སྲིད། ལྟ་སྟངས་འདི་ཡོད་མཁན་ཉུང་ཉུང་མ་རེད། གང་ལྟར། མང་ཚོགས་ཀྱིས་སེམས་འཚབ་བྱེད་པ་འདི་སྔ་རྗེས་ལ་མ་ལྟོས་པར་ངེས་པར་མྱོང་དགོས་པ་ཞིག་ཀྱང་ཆགས་ཡོད་སྟབས། ནམ་ཞིག་མྱོང་དགོས་པ་ངེས་གཏན་ཡིན་པའི་གནད་དོན་འདི་དག་ལ། ད་ལྟ་ནས་གདོང་ལེན་བྱེད་དགོས་པ་ནི་གོང་ས་མཆོག་གི་དགོངས་གཞི་རེད་ལ། གསུང་འཕྲིན་གྱི་ནང་དོན་ཡང་རེད། དེར་བརྟེན། མང་ཚོགས་ཕལ་ཆེ་བས་གསུང་འཕྲིན་ནང་གསལ་བའི་ལམ་སྟོན་འདི་དག་ཡང་དག་པ་དང་ངེས་པར་ལག་ལེན་དོན་འཁྱོལ་ཡོང་བ་དགོས་པ་གལ་ཆེར་མཐོང་གི་ཡོད་ནའང་། སྤྱི་འཐུས་རྣམ་པས་གསུང་འཕྲིན་ལམ་དུ་མི་ལྷོངས་ཐབས་ཀྱི་ཞུ་སྒོ་གཉེར་བ་འདིས། མང་ཚོགས་ནང་སླར་ཡང་སྐབས་བཅུ་བཞི་པའི་སྤྱི་འཐུས་འདི་ཚོས་སྒྲུབ་དགོས་ངེས་ཀྱི་འགན་དང་ཁུར་དྭང་ལེན་མ་ཞུས་པའི་ངོས་འཛིན་དང་འབྲེལ་བའི་ཡིད་ཐང་ཆད་གཞི་ཞིག་བྱས་སོང་།
དྲ་རྒྱ་བརྒྱུད་བོད་བཞུགས་གྲོགས་པོ་སྐོར་ཞིག་གི་བསམ་ཚུལ་ཉན་པར། རྒྱལ་བ་རིན་པོ་ཆེ་ཚང་གིས་གང་གསུངས་པ་དེར་ནོར་བ་ཡོད་པ་མ་རེད། གང་གསུངས་པ་དེ་དེ་བཞིན་མ་སྒྲུབ་པ་ཡིན་ན་ནོར་ཡོད་པ་རེད། ཅེས་ལབ་ཀྱི་འདུག

སྣ་ཚོགས།

Post navigation

Previous Post: སྤྱི་འཐུས་ཚོས་གསུང་འཕྲིན་ལག་བསྟར་མི་ཞུ་རྒྱུའི་གྲོས་ཆོད་བཞག་པ།
Next Post: སའི་གོ་ལ་ཤོང་བའི་ཚིག

Comments (2) on “གསུང་འཕྲིན་ཕྱིར་སློག་གི་གྲོས་ཆོད་བཀླགས་རྗེས།”

  1. དཀོན་མཆོག་ཆོས་འཕེལ། says:
    2011-03-18 at 12:19 pm

    ད་ནི། མང་ཚོགས་ཀྱིས་སྤྱི་འཐུས་ཚོར་སྡིག་གི་རེད། རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་མི་སྒྲུབ་ཐབས་ཁོ་ནའི་ཐབས་ཤེས་བྱེད་མཁན་སོང་ཙང་། མང་ཚོགས་ཀྱིས་སྡིག་ངེས་ཆགས་ཡོད་པརེད། ད་གང་དྲག སྤྱི་འཐུས་སྐབས་བཅུ་བཞི་པ་འདིས། དང་པོ་ཕྱོགས་ཁག་གཉིས་ནས་ཚོགས་གཙོ་གཉིས་འདམས་པ་རེད། བར་དུ་ཕྱོགས་ཁག་གཉིས་ལ་ཁ འཛིང་བྱས་པ་རེད། འདི་ཚོར་ཅིས་ཉེས་སམ།

  2. བཀྲ་ཤིས་ནག་ལྡང་། says:
    2011-03-18 at 3:44 pm

    སྤྱི་འཐུས་ཚོས་ཅི་བྱེད་ཀྱི་འདུག རྣམ་པ་འདྲ་བོ་མཐོང་ཡོད་ན་གྲོགས་པོ་ཚོས་གསུངས་རོགས། ངས་ཁ་སང་གོ་ཐོས་ཤིག་ལ་ཨོ་རྒྱུན་སྟོབས་རྒྱལ་གྱིས་གསུང་འཕྲིན་སྒང་ལ་བགྲོ་གླེང་བྱེད་ན་ཁོང་གྲོས་ཚོགས་ནས་འདུག་རྒྱུ་མིན་ཟེར་གྱི་འདུག་ཟེར་བ་ཞིག་གོ་སོང་། དེ་བདེན་པ་ཨེ་རེད།
    ཨོ་ད་དུང་སྤྱི་འཐུས་འོས་ཤོག་བསགས་མཁན་རྣམས་ཀྱིེས་ངག་འདར་འདར། མགོ་སྒུར་སྒུར་གྱིས་གསོལ་བ་འདེབས་སྐྱོར་གྱིན་འདུག་ཟེར་དེ་ཡང་བདེན་པ་ཨེ་རེད།
    ད་དུང་གོ་ཐོས་ཤིག་ལ་གྲོས་ཚོགས་ནང་དུ་གྲོས་ཚོགས་ཀྱིས་བོད་མི་མང་གི་ཚབ་བྱེད་ཐུབ་ཀྱི་མ་རེད་ཟེར་ནས་བཤད་མཁན་གྱི་འཐུས་མི་འདུག་ཟེར། དེ་ཡང་བདེན་པ་ཨེ་རེད།
    ད་གྲོས་ཚོགས་ཀྱིས་བོད་མི་མང་གི་ཚབ་བྱེད་མ་ཐུབ་ན་བོད་མི་མང་གི་དབང་ཚད་ག་འདྲ་བྱས་སྲིད་གཞུང་ནང་དུ་འགྲོ་དགོས་པ་རེད། དེ་ཟེར་གྱི་སྤྱི་འཐུས་ཀྱིས་དམ་བཅའ་ཕུལ་བར་དམ་ལོག་བྱུང་འདུག་པས་གྲོས་ཚོགས་ཕྱིར་ཕུད་བྱས་བཏང་ན་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme