Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསུང་དང་ལད་མོ་སོ།

Posted on 2016-03-092016-03-11 By ཁ་བརྡ 14 Comments on གསུང་དང་ལད་མོ་སོ།

གསལ་ལེ་རྒྱལ།

 
མི་བཤད་མི་བཤད་ལབས་ན།།
གསུང་རོགས་གསུང་རོགས་གསུངས་སོང་།།
བཤད་དང་མ་བཤད་ཨ་ཡོད།།
ཉི་མ་བཅུ་ལས་མི་འདུག།

ལུག་རྫི་ལ་ནས་རྒྱུག་སོང་།།
འུར་རྡོ་ཤུགས་ཀྱིས་གཡུག་སོང་།།
ཨ་མ་མནའ་མ་ནོར་སོང་།།
ཨ་ཞང་གད་མོ་ལངས་སོང་།།

ནོར་རྫི་སྤེན་ལ་བཟི་སོང་།།
ཁུ་ཚུར་གནམ་ལ་གཡུག་སོང་།།
མ་བྱན་ཁྱིམ་ནས་ལངས་སོང་།།
མ་དགའ་མདོག་མདོག་བྱས་སོང་།།

རྒྱལ་བ་དགྱེས་བའི་མཆོད་སྤྲིན།།
“གསུང་དང་ལད་མོ་”ཡིན་སོང་།།
ལོ་གསུམ་ལོ་བཞིའི་མཛད་པ།།
བདེ་སྐྱིད་ལྷིང་འཇགས་ཆགས་སོང་།།

དུས་འཁོར་དབང་ཆེན་ཞུས་སོང་།།
མ་འཁོར་དཀའ་ལས་མྱང་སོང་།།
དབང་ཡོན་རྫུན་གྱིས་མཇལ་སོང་།།
རྫུན་ལ་འུ་ཁུང་མང་སོང་།།

ཆབ་སྲིད་ལྷིང་འཇགས་ཆགས་སོང་།།
བཀའ་བློན་ལས་མེད་ཉན་སོང་།།
ལས་མེད་ལས་ཀའི་གླ་ཕོགས།།
ད་ནི་མི་དགོས་གསུངས་སོང་།།

ལས་འཆར་བང་རིམ་བསྒྲིགས་སོང་།།
བང་རིམ་བར་ནས་འཐོར་སོང་།།
རྒྱ་རིའི་མིག་ཆུ་སྐམ་སོང་།།
བདེ་སྐྱིད་སེམས་པ་ཕམ་སོང་།།

གཏམ་བཤད་མང་བོ་གནངས་སོང་།།
ང་དང་ངས་ཀྱིས་བཀང་སོང་།།
ལས་རོགས་ལས་བྱེད་རྣམ་པ།།
གཅིག་ཀྱང་མེད་པ་འདྲ་བྱུང་།།

མཆམ་མཐུན་ཁ་ལ་འབྱར་ཡང་།།
སྟག་སེང་གཉིས་ལ་འགལ་སོང་།།
མེད་པོའི་གློ་ནད་དྲག་ཀྱང་།།
ཕྱུག་པོའི་སྙིང་ནད་འཕར་སོང་།།

སྲིང་སྐྱོང་ས་སྐྱོང་རྒྱལ་བོ།།
ས་གྲགས་གནམ་གྲགས་ཆགས་སོང་།།
སྤྱི་འཐུས་སྐྱ་མིན་སེར་མིན།
ད་རེས་གྲགས་འགུལ་མི་འདུག།

གསུང་དང་ལད་མོ་སོ་འོ
གསུང་དང་ལད་མོ་སོ།

09/03/2016 ལ་ཕ་རེ་སི་ནས།

སྙན་ངག

Post navigation

Previous Post: སྲིད་སྐྱོང་འོས་མི་གཉིས་ཀྱི་བགྲོ་གླེང་ཐེངས་གཉིས་པ།
Next Post: སྲིད་ལ་དགའ་བའི་གྲྭ་པ་ཚོ། ང་ཚོ་ཁྱེད་ཅག་གི་སྐད་ཆ་ལ་བསུན།

Comments (14) on “གསུང་དང་ལད་མོ་སོ།”

  1. ཀརྨ་བློ་གསལ་ says:
    2016-03-09 at 8:21 am

    ཨ་མདོའི་ཁོག་དཔུང་བཟུང་ནས།
    ཟ་ལེ་གྲོང་ནས་ཐོན་བྱུང་།
    སྤེན་པས་གསར་སྤྱི་རྡུང་པ།
    ཐོས་པས་གླུ་ཁ་བསྒྱུར་སོང་།

  2. ཁུ་བྱུག says:
    2016-03-09 at 8:28 am

    གསལ་ལེ་རྒྱལ་གྱིས་གླུ་དབྱངས་ཡག་པོ་ཅིག་འབུལ་སོང་། གསུང་དང་ལད་མོ་སོ།

  3. ནག་ཐུག says:
    2016-03-09 at 8:44 am

    གསུང་དང་ལད་མོ་སོ་འོ།
    གསུང་དང་ལད་མོ་སོ།

    བཙན་བྱོལ་བོད་པའི་ཡུལ་ལ།
    མི་རྫུན་བློ་བཟང་སེང་གེ
    ཁ་ནས་ཁེས་ལེན་བྱེད་བཞིན།
    ལྐོག་ཟ་རུལ་སུངས་བྱས་འདུག

    གསུང་དང་ལད་མོ་སོ་འོ།
    གསུང་དང་ལད་མོ་སོ།

    ང་ཚོ་བོད་མིའི་རྣམས་ལ།
    ཚང་མའི་སྙིང་རེ་རྗེ་རོགས།
    སྲིད་སྐྱོང་གཅིག་ལས་མི་དགོས།
    བློ་སེང་བརྟན་ནས་མི་འདུག

    གསུང་དང་ལད་མོ་སོ་འོ།
    གསུང་དང་ལད་མོ་སོ།

  4. རྡོ་རྗེ་སྐལ་བཟང says:
    2016-03-09 at 8:52 am

    ༼བློ་བཟང་སེང་གེའི་ཞབས་བྲོ་དང་། དེར་མང་ཚོགས་ཀྱི་བློ་ཕམ་བསམ་ཚུལ་དྲ་ཐག་གཤམ་གྱི་འདི་ལ་གཟིགས་རོགས།༽

    https://www.facebook.com/geshe.choephel/posts/798146473622962

    https://www.facebook.com/jigme.dhakpa.3/posts/199428210413618

  5. ཁུ་བྱུག says:
    2016-03-09 at 8:54 am

    གོང་དུ་ཁུ་བྱུག་མིང་ཅན་གཞན་དེ་ནི་གུས་པ་མིན་ནོ། །དྲྭ་བདག་ཏུ་གསོལ་རྒྱུར། མིང་འདྲ་ཡོང་དོན་གང་ཡིན་ནམ། གལ་ཏེ་བཅོས་སུ་ཡོད་ན་ཆོས་གནང་མཛོད།

  6. སྐྱེས་ལོ། says:
    2016-03-09 at 9:34 am

    གསུང་དང་ལད་མོ་སོ་འོ།
    བོད་ལ་སྲིད་སྐྱོང་དགོས་ལ།
    བློ་བཟང་སེང་གེ་མི་དགོས།
    སོ་ཡ་ལ།

  7. ཁུ་བྱུག says:
    2016-03-09 at 9:45 am

    མིང་ཅི་བཏགས་རང་དབང་ཡིན།
    མིང་འདྲ་ན་ལས་དབང་རེད།

  8. གནམ says:
    2016-03-09 at 9:47 am

    སྲིད་སྐྱོང་ལོ་རྒྱུས་དེབ་རྒན།
    ད་དུང་བྲིས་གྲུབ་མ་བྱུང་།།
    དེ་འདྲའི་བར་ཆད་ཐོན་ན།
    ང་རང་སེམས་པ་སྐྱོ་ཨང་།།

    བྱས་རྗེས་བྱིའུ་ཏིའི་རྟུག་པ།།
    བྲིས་ན་རིན་ཐང་མི་འདུག།
    ཁ་དགེ་གཞན་ལས་རྐུས་ན།།
    མི་ཡིས་ཆ་འཇོག་ཨེ་གནང་།།

    ལོ་ལྔ་ལག་ལ་ཡོང་རུང་།།
    འཆར་གཞི་སྟོང་པ་དེ་ཚོས།།
    ང་དང་ཧྭཝར་ལག་འཁྱེར།།
    བརྡ་སའི་རྡུལ་ལ་བཅུག་སོང་།།

    མཐོང་ལ་ཆ་འཇོག་མེད་པའི།།
    བོད་མི་སྤྲང་མགོ་འདི་ཚོར།།
    ག་རེ་བཅས་ན་དགའ་བྱུང་།།
    ག་བཤད་ན་དགའ་བྱུང་།།

    ཆོལ་ཞེན་དམགས་ལ་བཀུག་ན།
    རེ་ཡོད་འགྲོ་བསམ་རུང་།།
    མོང་ངན་གླང་ལ་ཤོར་ན།།
    ཨ་ཕོ་བསམ་པ་སྐྱོ་ཨང་།།

  9. དྲུག་པ་ཚང་ says:
    2016-03-09 at 10:30 am

    སྤེན་ཚེ་ལག་དམར་རེད་ཟེར།།
    བློ་སེང་མཁས་དབང་ཡིན་ཟེར།།
    སྐྱོན་དང་ཡོན་ཏན་གླེང་མཁན།།
    བློ་སེང་ཕྱོགས་ནས་ཕེབས་སོང་།།

    དང་པོ་འཇུ་ཆེན་གླེན་པ།།
    གཉིས་པ་བསོད་ནམས་སྟོབས་རྒྱལ།།
    གསུམ་པ་གྲ་གཟུགས་ཐ་མ།།
    བསྟན་པ་ཡ་འཕེན་ཁོ་རེད།།

    གསུང་དང་ལེ་མོ་འཁྲབ་སོང་།།
    དྲ་རྒྱའི་ནང་ལ་ཁྱབ་སོང་།།
    སྐུ་ངོའི་གདོང་རིས་འགྱུར་སོང་།།
    སེམས་ཁྲལ་སྣོན་མ་སླེབ་སོང་།།

    ཐབས་ཅིག་མེད་ན་མི་འགྲིག།།
    ཐབས་ཤེས་གང་ཡོད་གསུངས་པས།།
    མ་བྱན་ངར་ནས་སླེབ་སོང་།།
    རྫུན་ཐོག་རྫུན་སྒྲིག་བྱས་སོང་།།

    ཨ་ཧོ་མ་བྱན་སྙིང་རྗེ།།
    འགྲོ་ས་དམྱལ་བའི་མཐིལ་རེད།།
    སྐྱག་རྫུན་གཅིག་བཤད་གཉིས་བཤད།།
    གཞན་གྱི་བཙན་བཀའ་ཡིན་འགྲོ།།

    ཁ་སང་བཤད་པའི་གཏམ་དེ།།
    དེ་རིང་སེམས་ཁྲལ་ལོས་ཡིན།།
    ཕན་ཐོགས་མེད་པའི་སྐྱག་རྫུན།།
    ཁས་ལེན་བྱེད་མཁན་སུ་ཡོད།།

    ཤི་དེ་དམྱལ་བའི་ཡུལ་ལ།།
    བློ་སེང་ཕེབས་ཀྱང་མི་ཕན།།
    རྒྱལ་བ་ཡིད་བཞིན་ནོར་བུ།།
    གཙུག་གི་ནོར་དུ་སྒོམ་རོགས།།

    ཁམས་པས་ཁམས་ཞེན་བྱས་ཀྱང་།།
    ལས་ངན་རང་གིས་བསགས་ཡོད།།
    སྤེན་ཚེ་གར་འགྲོ་གར་སྡོད།།
    ཁྲམ་བཤད་བྱས་ཀྱང་མི་ཐུབ།།

    དབུས་གཙང་ཉི་མ་ལྷ་ས།།
    དམ་ཆོས་དར་བའི་གནས་རེད།།
    འགྲོ་བ་བརྒྱ་ཕྲག་སྟོང་ཕྲག།།
    ཆོས་དད་ཅན་གྱི་མི་རེད།།

    མཐའ་འཁོབ་མུན་པའི་གླིང་ལ།།
    ཀླ་ཀློ་གླེན་པ་རྐྱང་རྐྱང་།།
    རྫུན་གྱི་ཁུག་མ་མིན་པ།།
    རྒྱབ་ལ་འཁྱེར་རྒྱུ་མི་འདུག།།

    བཙན་བྱོལ་ལོ་རྒྱུས་དཀར་པོ།།
    རྫུན་གྱིས་ནག་པོ་བཟོ་མཁན།།
    མིག་དང་རྣ་བ་ཅན་གྱི།།
    བོད་མིས་སྔར་ནས་ཤེས་ཡོད།།

    འཇུ་ཆེན་གྲོངས་ནས་ལོ་འགའ།།
    བསྟན་ཡར་གྲ་གཟུགས་ངོ་ཚ།།
    འབའ་སྐལ་ངོ་ཚ་མེད་པ།།
    ཁྱི་རྒན་རྗེས་ལ་སྙེག་སོང་།།

    ཡ་རབས་ཟེར་ཡང་ཅི་ཕན།།
    མ་རབས་རང་གིས་བྱས་སོང་།།
    ཡིན་མདོག་བྱས་ནས་ཅི་ཕན།།
    རྫུན་རྐུབ་ཞར་ལ་བརྡོལ་སོང་།།

    རྒྱ་དངུལ་བཟས་ནས་མ་རྒྱག།།
    དཀྲོག་གཏམ་བཤད་ནས་མ་ངོམ།།
    དུས་འཁོར་དབང་ཆེན་ཞུས་པ།།
    ཆུ་སྒང་རྙིང་པས་གཏོར་སོང་།།

    རེ་བ་ཆུ་ལ་བསྐུར་བ།།
    སྐུ་ངོ་སྤེན་ཚེ་མ་རེད།།
    ཆུ་སྒང་གསར་རྙིང་བར་ལ།།
    རྙོག་དྲ་བཟོ་མཁན་སུ་རེད།།

    མཚན་ཉིད་རྒན་ལགས་བཀྲོངས་སོང་།།
    བོད་མིའི་སེམས་ལ་གནོད་ཡོད།།
    རྫུན་གྱིས་རྒྱལ་ཁམས་དཀྲུག་མཁན།།
    ཁྱོད་རང་མིན་ན་སུ་ཡིན།།

    ཧ་ཧཧཧཧཧཧཧཧཧ། ཀུ་རེ་ཡིན།

  10. ཨ་ཁུ་འབྲོག་པ། says:
    2016-03-09 at 10:42 am

    མི་མཐོང་དགུ་མཐོང་མཐོང་སོང། མི་སྐྱའི་སྲིད་སྐྱོང་མཐོང་སོང་། མི་ཆོས་ཡ་རབས་མ་གོས། ལྷ་ཆོས་དྲི་མས་མ་གོས། གསུངས་སང་ལེགས་མོ་གསུངས་དང་། མི་བྱེད་དགུ་བྱེད་བྱས་སོང་། གྲོགས་པོ་དོན་གཅོད་བསྐོས་སོང་། འཕྲོད་བཀའི་ནག་ཉེས་བཀབས་སོང། བོད་ཡིག་མཐོང་ཆུང་བྱས་སོང། ཁང་རིན་སྔོན་ལ་སྤྲད་སོང་། ཁུངས་བསྐྱེལ་ཡིག་ཆ་མི་འདུག ཁམས་པ་དཔུང་སྒྲིག་བཟོས་སོང་། ཚོགས་གཙོ་ནག་པོ་བཟོས་སོང་། རྒྱལ་བའི་དབུ་སྐོར་ཞུས་སོང་། མི་མང་མགོ་སྐོར་བཏང་སོང། རོ་ཐོག་ཞབས་བྲོ་འཁྲབ་སོང། ཆོལ་གསུམ་དུམ་བུར་བཏང་སོང་། བཀའ་བློན་བུམ་དུར་བཏང་སོང་། གསུང་དང་ལ་མོ་དེ་ཚོ། གསུང་དང་མ་གསུང་མི་འདུག། ལན་ཅིག་ཞལ་རོག་བཞུགས་དང་། ང་ཚོར་དགོས་པའི་སྲིད་སྐྱོང་། ཆོས་སྲིད་གཉིས་ལྡན་དགོས་ཡོད། ཡ་རབས་ཚུལ་མཐུན་དགོས་ཡོད། ཁ་ཡོད་ལག་ཡོད་དགོས་ཡོད།

  11. རྡོ་རྗེ་སྐལ་བཟང says:
    2016-03-09 at 11:47 am

    http://www.tibetanconnect.com/rfa-tibetan
    སྤེན་ཚེ་རྒྱལ་གྱུར་ཅིག

  12. ཅོ་རི་ཉི་མ། says:
    2016-03-09 at 2:12 pm

    སྤེན་ཚེའི་གསེར་གྱི་ཁུ་ཚུར།
    གནམ་ལྕགས་ཐོག་དང་འདྲ་བ།
    རྒྱ་ཐའི་ཟངས་ཀྱི་འགྲམ་རུས།
    ཐོ་བའི་རྡུང་རྡུང་རེད་ཟེར།

    དཔའ་རྒོད་སྤེན་ཚེའི་ཁུ་ཚུར།
    གནམ་ལ་ཕྱར་ཕྱར་བྱས་དུས།
    ཉམ་ཆུང་རྒྱ་ཐའི་ཁ་ནས།
    ཁྱི་སྐྱག་ཟེར་ནས་ཤོར་འདུག

  13. དམུ་ཐག་གི་བུ་རྒྱུད། says:
    2016-03-10 at 4:26 am

    གསུངས་དང་ལེགས་མོ་སོ།་་་་་་་་་་་

    སྤུན་ཟླའི་ནང་འཁྲུག་ནང་ལ།།
    ཞུགས་མཁན་མི་འདུག་མ་གསུངས།།
    ཕན་ཚུན་ཕ་རོ་མ་རོ།།
    ནང་འཁྲུག་མིན་ན་གང་རེད།

    གསུངས་དང་ལེགས་མོ་སོ་་་་་་་

    མཐུན་ལམ་གཏོར་བཤིག་གཏོང་མཁན།།
    ང་ཚོར་མི་འདུག་མ་གསུངས།།
    ཆོལ་ཁའི་རྩོད་རྙོག་སློང་མཁན།།
    གཏོར་བཤིག་མིན་ན་གང་རེད།།

    གསུངས་དང་ལེགས་མོ་སོ།་་་་་་

    དགྲ་ལ་མཐུན་འགྱུར་གནང་མཁན།།
    ང་ཚོར་མི་འདུག་མ་གསུངས།།
    སྤུན་ཟླའི་དམ་ཚིག་བཤིག་པ།།
    མཐུན་འགྱུར་མིན་ན་གང་རེད།།

    གསུངས་དང་ལེགས་མོ་སོ་་་་་་
    གསུངས་དང་ལེགས་མོ་་་་
    གསུངས་དང་་་་་་་་
    གསུངས་་་་་་་

  14. ༄།།སྟར་བུ་དམར་བོ། says:
    2016-03-10 at 9:46 am

    འཇུ་ཆེན་ལྐོག་མདའ་འཕངས་ནས།།
    ཕྱི་མའི་འཕྲང་ལ་བྲོས་སོང་།།
    འབྲོ་སའི་ལམ་ཁ་ནོར་སོང་།།
    འཇིགས་རུང་གཤིན་རྗེའི་འགག་རེད།།
    གསུངས་དང་ལེ་མོ་སོ་འོ།།

    དེབ་འཕྲེང་ཉི་ཤུ་རྩ་གཉིས།།
    རྫུན་གྱི་འཁོར་ལོར་གྱུར་སོང་།།
    མི་ཚེའི་ཕྱེད་ལ་བྲིས་པའི།།
    ངལ་བ་ཆུད་ཟོས་ཕྱིན་སོང་།།
    གསུངས་དང་ལེ་མོ་སོ་འོ།།

    སྟོབས་རྒྱལ་བསྟན་ཡར་འབའ་སྐལ།།
    གཅིག་རྗེས་གཉིས་དཔུང་བསྒྲིགས་སོང་།།
    རྫུན་ནི་རྫུན་རང་ཡིན་པས།།
    མཐའ་མ་ཕམ་ཁ་ཉོས་སོང་།།
    གསུངས་དང་ལེ་མོ་སོ་འོ།།

    བློ་སེང་གསུངས་དང་ལེ་མོའི།།
    གླུ་གཞས་ལེན་ས་ནོར་སོང་།།
    རྒྱལ་གཅེས་དཔའ་བོའི་གཅེས་སྲོག།
    མེ་ལ་འཚིག་ཉིན་ཡིན་སོང་།།
    གསུངས་དང་ལེ་མོ་སོ་འོ།།

    སྲིད་སྐྱོང་བྱས་རྗེས་ཡིན་ཞེས།།
    གནམ་བསྒྲགས་ས་བསྒྲགས་བྱས་ཚད།།
    ཉི་མ་གཅིག་གཉིས་རེ་ནས།།
    རྫུན་རྔ་གཅིག་འབུད་གཉིས་འབུད།།
    གསུངས་དང་ལེ་མོ་སོ་འོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme