Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསལ་བསྒྲགས་བཀྲ་ཤིས་མ།

Posted on 2011-02-152011-02-15 By ཁ་བརྡ་ 11 Comments on གསལ་བསྒྲགས་བཀྲ་ཤིས་མ།

༄༅།།རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བཞུགས་པའི་མཁྱེན་ཡངས་རྩོམ་པ་པོ་དང་སྙུག་ཐོགས་པ་ཡོངས་ཀྱི་སྙན་ལམ་དུ་ཞུ་གསོལ།

འདི་ག་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་མི་རིགས་རང་གི་ངོ་བོ་བརྟན་སྲུང་དང་རྩོམ་འབྲི་རང་དབང་གཞི་རྩར་བྱས་ཐོག་༼www.Tibetanpen.org.in༽ཞེས་པའི་དྲ་བ་སྒོ་འབྱེད་བྱས་ཡོད་ལ།འདི་གས་རང་ནུས་ཅི་ལྕོགས་ཀྱིས་སྙན་རྩོམ་འགྲན་བསྡུར་དང་ཟིན་བྲིས་སྤྲོད་པ་ལྟ་བུའི་ཞབས་ཞུ་གང་ལེགས་ཞུ་འཆར་ཡོད་པས་ མཁྱེན་ཡངས་རྩོམ་པ་པོ་དང་སྙུག་ཐོགས་པ་ཡོངས་ཀྱིས་འདི་གར་རྒྱབ་སྐྱོར་ཀྱིས་རྩོམ་ལུས་འདྲ་མིན་དང་བཅར་འདྲི་གསར་འགྱུར་ལྟ་བུའི་དངོས་གྲུབ་གང་མང་སྩོལ་བའི་རེ་འདུན་དང་བཅས་ཟླ་ཚེས་བཟང ་བོར་ཕུལ་བས་ཡོད་ཚད་ཤིས་གྱུར་ཅིག་གུ།

རྩོམ་ཡིག་སྐུར་ཡུལ། chenchab41@yahoo.com
འབྲེལ་བ་བྱ་ཡུལ། 0091-9816-779-199

གསལ་བསྒྲགས།

Post navigation

Previous Post: སྙིང་གི་ཚིལ་ལུ།
Next Post: བཀའ་ཁྲིའི་ཆ་རྐྱེན་བཞི་བ-འཇིག་རྟེན་བལྟ་སྟངས།

Comments (11) on “གསལ་བསྒྲགས་བཀྲ་ཤིས་མ།”

  1. ཀླུ་སྨྱོན། says:
    2011-02-15 at 9:03 pm

    རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་བྱེད་རྣམ་པས་རྩོམ་པ་པོ་དག་གི་རྩོམ་ཡིག་འཚོལ་བསྡུ་བྱེད་དགོས་པ་མ་གཏོགས་རྩོམ་པ་པོར་རྩོམ་ཡིག་སྐུར་རོགས་གསུངས་ནས་བསྡད་ན་དེ་ཙམ་རྩོམ་ཡག་པོ་འབྱོར་ཐུབ་ཀི་མ་རེད།

  2. ཀླུ་སྨྱོན། says:
    2011-02-15 at 9:06 pm

    འདི་ནི་དེ་སྔོན་ཁོ་ཚོས་མི་ལོ་ལྔ་བཅུའི་རྩོམ་ཡིག་ཕྱོགས་བསྒྲིགས་ཤིག་བྱེད་རྩིས་ཡོད་པ་དེར་ཡང་རེ་བ་བཏོན་པ་ཡིན། རྩོམ་པ་པོ་གྲགས་ཅན་མང་པོ་ཞིག་རང་རང་སྒེར་གྱི་བྱ་བས་མ་ཁོམས་པར་བསྡད་ཡོད་པས། ཁྱེད་རྣམ་པའི་ཕྱག་ལས་ལྟེ་བ་དེ་ནི་ཕྱོགས་གང་སར་བཞུགས་པའི་རྩོམ་པ་པོ་དག་གི་རྩོམ་ཡིག་གི་དེབ་དང་དུས་དེབ་ཚགས་པར་སོགས་ལས་བརྩམས་ཆོས་སྤུས་ལེགས་དག་འདེམ་རྒྱུ་དེ་ཡིན་པས། རྩོམ་པ་པོའི་མཐུན་ཚོགས་ཀྱི་འགན་ཁུར་ངོ་མ་དེ་གང་ཡིན་ཐུགས་ལ་ངེས་པའི་སྒོ་ནས་རྩོམ་བསྡུ་རེ་བྱེད་རྒྱུའི་རེ་འདུན་ཞུས་པ་ཡིན།

  3. ཆོས་འཕེལ། says:
    2011-02-16 at 1:25 am

    རྩོམ་པ་པོའི་མཐུན་ཚོགས་ཀྱིས་དྲ་ཚིགས་ཤིག་གཉེར་མགོ་ཚུགས་པར་བཀྲ་ཤིས་བདེ་ལེགས་ཡོད། རྩོམ་པ་པོའི་ཚོགས་པ་ཞིག་གིས་ཀྱང་རྩོམ་ཡིག་གི་འབོད་སྐུལ་ཞུ་དགོས་དུས། གཞན་ཚོས་ཅི་བྱེད། ཡིན་དགོས་རྒྱུ་ནི། ཁྱེད་རང་རྩོམ་པ་པོའི་ཚོགས་པ་དང་ཚོགས་མི་ཐུན་མོང་གིས་ཤུགས་རྒྱག་དགོས་པ་རེད། ཚོགས་མི་རེ་རེར་ཟིན་བྲིས་རེ་གཉེར་བཅུག་པ་ཡིན་ན། དེ་ནས་དཀའ་ངལ་འདི་ཡོད་པ་མ་རེད། ཚོགས་མི་ཚོར་རྩོམ་སྐུལ་ཞུ་དགོས་པ་ཅང་ཡོད་བཟོ་མི་འདུག སོ་སོའི་ཚོགས་པ་ཡིན་ཙང་། ངེས་པར་དུ་དོ་སྣང་ཡོད་ཀྱི་རེད།

    དེ་མིན་ན། ཀླུ་སྨྱོན་གྱིས་གསུངས་པ་ལྟར་རེད། རྩོམ་ཡིག་ལེགས་ཤོས་དེ་ཚོ་བསྡུ་རུབ་ཀྱིས་དྲ་ངོས་སུ་སྤུངས་པ་ཡིན་ནའང་། ཀློག་མཁན་ཚོར་ཕན་ཆེ་གི་རེད།

  4. མི་ནག་མདུང་ཐུང་། says:
    2011-02-16 at 1:37 am

    གསལ་བསྒྲགས་ཀྱི་དབུ་བྱང་ན། རྩོམ་པ་པོ་དང་སྙུག་ཐོགས་པ་ཞེས་དབྱེ་བ་ཕྱེས་གནང་བ་དེ་དགོས་ངེས་ཅན་ཞིག་རེད། མཐུན་ཚོགས་ཀྱི་ངོས་ནས་དབྱེ་བ་འདི་འདྲ་ཞིག་ཕྱེས་པ་དེ་གནད་འགག་ཅིག་ཀྱང་ཆགས་ཡོད་པ་རེད་འདོད། དེ་ནི་ཚད་ལྡན་དང་ཚད་ལྡན་མིན་པ་ཚང་མ་ཟེར་བའི་དོན་སྟོན་པ་ཞིག་ཏུ་མཐོང་སོང་།

  5. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2011-02-16 at 3:01 am

    ངེད་ཀྱི་བསམ་ཚུལ་ལ། ད་ལྟའི་རྡ་ལམ་ས་ལའི་རྩོམ་པ་པོའི་མཐུན་ཚོགས་འདི། ཡོད་པའི་ཡོད་གོ་ཆོད་གི་མི་འདུག དེ་ལས།-ཚོགས་པ་འདི་སྒོ་བརྒྱབ་ནས། རྒྱལ་སྤྱིའི་པེན་མཐུན་ཚོགས་ལ་དེབ་སྐྱེལ་གསར་བ་ཞིག་བྱེད་ཐུབ་ན་ཡག་པོ་འདུག་དྲན་སོང་། དེ་ཡང་། སྐབས་དང་པོའི་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་། འགན་འཛིན་ལྷན་ཚོགས་ཁོངས་སུ། ཚེ་རིང་ཤཀྱ་དང་འཇམ་ནོར། པད་མ་འབུམ་གསུམ་གཙོ་བོར་བཞག
    དེ་ནས་རྒྱུན་ལས་བསྐྱར་དུ་འདེམས། རྒྱུན་ལས་ཀྱི་ཁོངས་སུ་ཡང་། ཆེད་ལས་རྩོམ་པ་པོ་དང་ལས་ཞོར་རྩོམ་པ་པོ་གཉིས་ཀ་ཡོད་པ་བྱས། དེ་ཡང་། ཐོག་མའི་ཚོགས་མིའི་ཁོངས་སུ། བོད་ཡིག་ཐོག་ལ་རྩོམ་བྲིས་གནང་མཁན་རྩེ་གྲས་དེ་ཚོ། དབྱིན་ཡིག་ནང་ལ་རྩོམ་བྲིས་གནང་མཁན་རྩེ་གྲས་དེ་ཚོ། རྒྱ་ཡིག་ནང་ལ་རྩོམ་བྲིས་གནང་མཁན་རྩེ་གྲས་དེ་ཚོ་བཅས་བདམས་།
    དེ་ནས་ད། ལས་འགུལ་རེ་སྤེལ་ཐུབ་ན། རེ་བ་འདྲ་ཡོད་ན་ཐང་མ་གཏོགས། ད་ལྟའི་མཐུན་ཚོགས་འདི་ལ་རེ་བ་ཕར་ཞོག འདིའི་ལག་ལ་ལས་ཀ་ཞིག་བཞག་ན། ལས་ཀ་ལས་ཐུབ་མིན་བཤད་དཀའ་བའི་ཚད་ན་འདུག ད་འདི་ལྟར། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཟེར་ནས་བསྡད་ན། ཁུངས་མི་འཁྱོལ་ཁོ་ཐག་རེད།
    ད་ཡོད་ཀྱི་མཐུན་ཚོགས་འདིས། མཐུན་ཚོགས་ཀྱི་དམིགས་ཡུལ་ལྔ་ཡོད་པའི་ནང་གི་གཅིག་ཀྱང་བསྒྲུབ་ཐུབ་མིན་བཤད་དཀའ་སེ་འདུག

    མཐུན་ཚོགས་འདིའི་དམིགས་ཡུལ་དྲ་ངོས་སུ་བཀོད་པ་འདི་དག་རེད་འདུག

    ༡ བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་མི་ཉམས་གཅེས་འཛིན་དང་ཉམས་པ་སོར་ཆུད།
    ༢ བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་རིག་སོགས་ལ་འཁྱོག་བརྗོད་ཅི་བྱེད་བདེན་པས་ལན་འདེབས།
    ༣ བོད་ཀྱི་སློབ་གསོ་དང་སྒྱུ་རྩལ་རྩོམ་རིག་ཡར་རྒྱས་ཡོང་ཐབས།
    ༤ དྲང་བདེན་གཞི་ལ་བཞག་པའི་རྩོམ་པ་པོ་ཉམ་ཞན་རིགས་ལ་རྒྱབ་སྐྱོར།
    ༥ བོད་ཀྱི་རྩོམ་རིག་རྒྱལ་སྤྱིའི་གར་སྟེགས་སུ་སླེབས་ཐབས་དང་རྒྱལ་སྤྱིའི་རྩོམ་རིག་བོད་ཀྱི་ཁོར་ཡུག་ནང་སླེབས་ཐབས།
    (ཁུངས།
    http://tibetanpen.org.in/index.php?option=com_content&view=article&id=1&Itemid=3)

  6. བཀྲ་ཤིས། says:
    2011-02-16 at 4:11 am

    xxxxxxxxxxxxxx
    མདོ་སྨད་སྤྱི་འཐུས་འདྲ་ཁྱབ་བསྒྲགས་བྱས། ཁྱབ་བསྒྲགས་བྱས་ན་མ་འགྲིག་པ་མི་འདུག རིན་ཡོད་རེད་དམ་རིན་མེད་རེད། གལ་སྲིད་རིན་མེད་ཡིན་ན་ཀུན་ཐར་དོན་གྲུབ་ཟེར་བ་དེ་མ་གཏོགས་སྤྱི་འཐུས་འོས་མི་གཞན་དག་མི་ཡོང་བའི་རྒྱུ་མཚན་ཅི་རེད།
    ང་བྱེད་སྟངས་འདིར་ཐད་པ་མིན། གཉིས་ནས་རྒྱུན་ལས་ཟེར་བ་ཡོད་རེད་ཟེར་ནས་གོ་སོང་། འདི་བྱེད་ཀྱི་ཡོད་པ་རེད་ཟེར་ནས་གོ་རྒྱུ་མི་འདུག རིག་འབྱུང་དོན་གྲུབ་བཀྲ་་ཤིས་ཟེར་བས་གསུང་བ་བཞིན་ཡོད་པས་ཡོད་གོ་དང་། མེད་པས་མེད་གོ་ཆོད་ཀྱི་མི་འདུག

    གསུམ་ནས། མཐུན་ཚོགས་ཀྱི་རྒྱུན་ལས་ལ་རྩིས་རྒྱག་ཐུབ་མཁན་ཡོད་པ་མ་རེད་ཟེར་ནས་གོ་སོང་། གང་ཡིན་ཟེར་ན་ཚོགས་གཙོ་དང་རྒྱུན་ལས་རྣམས་དགའ་བོ་ཉེ་བོ་རེད་ཟེར། རྒྱུ་མཚན་འདི་ལྟ་བུ་བགྲང་དགོས་ལ་ཐུག་ཡོད་དུས་ད་ཚར་ཚར་བ་རེད། སྔ་མོ་ནས་སྒོ་རྒྱབ་ན་རེད།

  7. སྡ་སའི་མྱི། says:
    2011-02-16 at 6:46 am

    xxxxxxxxxxxxxxxx

  8. གནམ་ལྕགས། says:
    2011-02-16 at 7:01 am

    ངས་ནི་ཟིན་བྲིས་ཤིག་ཉར་ཁོ་ཐག་ཡིན། ང་ལ་ངེས་པར་དུ་ས་མིག་ཅིག་སྤྲོད་པའི་རེ་བ་ཡོད།

  9. མེ་ཏོག་མ། says:
    2011-02-16 at 8:12 am

    རིག་འབྱུང་གི་བཤད་པ་རྒྱུ་མཚན་ཡོད་ནི་རེད། རྒན་ཆབ་བྲག་ཚང་མི་གཅིག་གིས་ཡོང་ནི་མ་རེད། དེ་བས་ཕྱོགས་བཞུགས་རྩོམ་པ་པོ་ཚད་ལྡན་དག་ལ་འབྲེལ་བ་བྱས་ན་བཟང་གི་རེད། དབང་ཆ་དང་བསམ་ཚུལ་དབུས་ཞོག་ར་ད་ཚུགས་ཚུད་འགྲོ་རྒྱུ་རེད། མིན་ང་ཇུས་གཏོགས་མི་འདུག་པས། ཆབ་བྲག་ཚང་ཡོད་པས་ཤ་ཞེན་ཅིག་འདུག་མོད། དེ་མིན་ཁྱེད་ཚོ་ངས་གླུའུ་ཚོགས་ཞེས་འབོད་ན་འདོད་ཀི

  10. བོད་ཀྱི་ཕོ་གསར། says:
    2011-02-16 at 8:58 am

    གསལ་བསྒྲགས་འདི་འདྲ་ཞིག་རྩོམ་པ་པོའི་མཐུན་ཚོགས་ཡིག་ཚང་ནས་བྲིས་པ་རེད། དངོས་གནས་གུས་བརྩི་མེད་ལ། གླེན་དྲི་འཐུལ་ལེ་འདུག སྤྱི་ཚོགས་ནང་ལས་ཀ་བྱེད་དུས་གཟབ་གཟབ་བྱེད་དགོས་པ་རེད་དཱ།

  11. སྐལ་བཟང་། says:
    2011-02-17 at 1:33 am

    ཨ་ཁུ་སྤྱང་ཁའི་ཁ་བལྟས་ན། ཤ་ཟ་རྒྱུའི་བཟོ་བལྟ་མི་འདུག འདི་གསལ་བསྒྲགས་དང་དེའི་འོག་ལ་མཆན་རྒྱག་མཁན་ཁ་ཤས་ལ་བཤད་པ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme