Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསལ་བཤད།—ང་ནི་མི་ཧ་ཅང་དཀྱུས་མ་ཞིག་ཡིན།

Posted on 2016-02-022016-02-02 By ཁ་བརྡ 2 Comments on གསལ་བཤད།—ང་ནི་མི་ཧ་ཅང་དཀྱུས་མ་ཞིག་ཡིན།

unnamed-1—-རྫ་ཚེ་རིང་བཀྲ་ཤིས།
 
དེ་རིང་ཉིན་གུང་གུས་པའི་སྐད་འཕྲིན་རྒྱབ་ལོགས་སུ་བོད་ཀྱི་རིག་གནས་ལ་བྱས་པ་ཅན་གྱི་སློབ་གསོ་བ་ར་རྒྱ་འཇིགས་མེད་རྒྱལ་མཚན་ལ་རེ་བའི་གསེར་གྱི་གཟེངས་རྟགས་ཐོབ་པར་འཚམས་འདྲི་ཞིག་ཞུས་པར། ངོ་མི་ཤེས་པའི་དྲ་གྲོགས་ཤིག་གིས། ༼གོ་ཚད་རིག་ཚད་དྲྭ་རྒྱབ་ལ་འཇོག་ན་གླེན་རྟགས་ཡིན།༽ཞེས་པའི་བསམ་ཚུལ་ཞིག་བྲིས་གནང་འདུག་པའི་ལན་དུ།

ང་ནི་མི་ཧ་ཅང་དཀྱུས་མ་ཞིག་ཡིན།
ངས་རང་ཉིད་ཀྱི་དཀྱུས་མའི་རྣམ་འགྱུར་འདི་རྒྱུན་སྐྱོང་ཐུབ་ན་ཡིད་ཚིམ་པ་ཡིན།
རང་གི་འཕྲིན་ཕྲན་གྱི་རྒྱབ་ལ་གང་འཇོག་དགོས་པ་དེ་ང་རང་གིས་ཧ་ཅང་གསལ་པོ་ཤེས་ཀྱི་ཡོད།
སྐབས་འགར། ངའི་བར་སྟོང་ནས་ཁྱེད་དང་གཏན་ནས་འབྲེལ་བ་མེད་པ་དང་། སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་བྱེད་པའི་བརྗོད་བྱ་གང་ཡང་མེད་པའང་ཐོན་སྲིད།
སྐབས་འགར་ངས་རང་ཉིད་དང་རང་ཉིད་ཀྱི་ལས་དོན་ཁྱབ་སྒྲོགས་བྱེད་སྲིད།
སྐབས་དེ་དང་དེ་དག་ཏུ། ང་རེ་དོགས་ཀྱི་འཚོ་བ་ཉི་ཚེ་བའི་བག་ཆགས་ཀྱི་ཀློང་ན་ཡོད་པ་ཡིན།
སྐབས་མང་པོ་ཞིག་ཏུ། ཡིད་ཆེས་ཀྱི་ཁེངས་པའི་སྐད་ཆ་རྣལ་མ་རེ་ཁུར་ནས་སླེབས་པའང་སྲིད། དེ་ཡང་དངོས་འབྲེལ་དུ་གཟིགས་ན་ཆོག
གང་ལྟར། ངས་ནམ་ཡང་རང་ཉིད་སྒམ་ཚུགས་གཏོད་མཁན་ཞིག་ཏུ་མི་འགྱུར་བར་ཤོག་ཅེས་སྨོན་ལམ་འདེབས།
གལ་ཏེ་མི་ཞིག་གིས། ཁྱོད་རང་མ་འདྲ་བ་ཞིག་རེད་ཅེས་ལབ་པ་དེས་རང་ཉིད་ཀྱི་ངོ་ཏི་གང་ཡིན་པ་དེ་མ་བརྗེད་པ་ཞིག་ཏུ་སྨོན་ལམ་འདེབས།

ཕྱོགས་རིས་དང་ཆགས་སྡང་རགས་པ་དག་རྒྱལ་མཚམས་བརྒལ་ཏེ་ངའི་སྔུན་དུ་སླེབས་དུས། རང་ཉིད་ཀྱི་རྡོག་ས་སྔར་བཞིན་བརྟན་པའི་སྨོན་ལམ་འདེབས།
ངས་དྲང་བདེན་གྱི་མིག་གིས་འཇིག་རྟེན་ལ་ལྟ་བའི་སྨོན་ལམ་འདེབས།

འོན་ཀྱང་།

ཁྱོད་ཀྱིས་ངའི་དྲ་ངོས་ནས་མཐོང་མི་ཐུབ་པ་ནི་མི་ལ་གནོད་པ་དང་དམའ་འབེབས་བྱེད་པའི་རྒྱུ་ཆ་དེ་ཚོ་ཡིན་པར་སྨོན།
ཁྱོད་ཀྱིས་ངའི་དྲ་ངོས་ནས་མཐོང་མི་ཐུབ་པ་ནི་ཆགས་སྡང་དང་ཕྱོགས་རིས་རགས་པ་དག་ཡིན་པར་སྨོན།
ཁྱོད་ཀྱིས་ངའི་དྲ་ངོས་ནས་མཐོང་མི་ཐུབ་པ་ནི་རིག་གཞུང་གི་ཚེ་སྲོག་གཏན་ཏུ་ཤི་བའི་བེམ་པོ་དག་མིན་པར་སྨོན།

༼༢༠༡༦/༢/༢༽

གསལ་བཤད།

Post navigation

Previous Post: ཚོར་བ་འགག་གི་མ་འཇུག
Next Post: ངའི་མི་མང་། ངའི་དབུས་གཙང་མི་མང་གི་གཉིད་ལ་འཐབ་པ། ༼༢༽

Comments (2) on “གསལ་བཤད།—ང་ནི་མི་ཧ་ཅང་དཀྱུས་མ་ཞིག་ཡིན།”

  1. རྒན་འཇམ་རྡོར། says:
    2016-02-04 at 5:36 am

    ཁྱེད་རང་གིས་ཉེ་ཆར་བསྡུས་གྲྭ་དགོས་མིན་གྱི་གསུང་བཤད་སྐོར་དེ་སྒྲ་ཕབ་གྱིས་དྲྭ་གྲོགས་མང་པོའི་ཅལ་འདྲོགས་ཞི་བར་བྱས་པ་དེ་གས་ཁྱེད་རང་མི་གཤིས་དང་འགན་ཁུར་ཡག་ཙམ་ཡོད་པ་མཚོན་སོང་སྙམ་པས་ཡིད་རངས་ཞུ། འོན་ཀྱང་ངས་ནི་ཁ་གདངས་ཚད་ཚང་མ་ལ་ལན་འདེབས་དགོས་དོན་མེད་སྙམ།

  2. རྣམ་རྒྱལ། says:
    2016-02-05 at 3:16 am

    ཡག་མོ་གདའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme