Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསལ་བཤད་ཚིག་དུམ་ཁ་ཤས།

Posted on 2016-03-282016-03-28 By ཁ་བརྡ 8 Comments on གསལ་བཤད་ཚིག་དུམ་ཁ་ཤས།

དགའ་ཉག་པས།

 
ཉེ་དུས་འོས་བསྡུ་ལས་རིམ་དང་འབྲེལ་མང་གཙོ་ལུང་པའི་ཁྱད་ཆོས་གཙོ་བོ་སྨྲ་བརྗོད་རང་དབང་ཅུང་ཟད་བེད་སྤྱོད་བཏང་སྟེ། རང་གི་འོས་མིའི་ཁྱད་ཆོས་གླེང་ཞོར་དུ། འོས་འགྲན་ཁ་གཏད་བྱེད་པོ་དང་། དེའི་རྒྱབ་སྐྱོར་བ་གཙོ་གྲས་ཁ་ཤས་ལ་ཁ་ངན་ཚིག་ངན་མེད་པའི་ཐོག་ནས་བསམ་བློའི་འཆར་སྒོ་དང་། དོགས་པ་ཁ་ཤས་ཟིན་ཐུང་ཚུལ་དུ་བཀོད་ཡོད། འོན་ཀྱང་། འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཟེར་བ་ལྟར། ནང་པའི་རབ་ཏུ་བྱུང་བའི་གྲྭ་པ་ཞིག་ལ་མཚོན་ན་བྱ་བ་གལ་ཆེན་ནམ་གཙོ་བོ་གཉིས་ནི། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གཉིས་ལས་མེད་མོད། མི་རིགས་ཀྱི་བདེ་སྡུག་དང་། སྤྱི་ཚོགས་ཤིག་གི་གནས་སྟངས་ལ་དཔག་སྟེ་འོས་བསྡུ་ལས་རིམ་ལ་མཉམ་ཞུགས་དང་། དེ་དང་འབྲེལ་བའི་བསམ་ཚུལ་ཅུང་ཟད་བརྗོད་པ་དེར། ལྷག་བསམ་རྣམ་དག་གི་ཐོག་ནས་གྲྭ་པ་དང་གྲྭ་པའི་སྡེ་ལ་འདི་འདྲ་ལན་པོ་མེད་པའི་ཚུལ་གསུང་མཁན་དང་། ངོ་བོའི་ཆ་ནས་གང་ཡང་བཤད་རྒྱུ་མེད་ཀྱང་དུས་ཚོད་ཀྱི་ཆ་ནས་མི་རིགས་ཀྱི་བདེ་སྡུག་སྐྱ་སེར་གཉིས་ཀས་འགན་མཉམ་འཁུར་དགོས་པས་གྲྭ་པ་དང་གྲྭ་པའི་སྡེ་མཉམ་ཞུགས་དགོས་ཚུལ་གསུང་མཁན། བཏང་སྙོམས་སུ་བཞུགས་ཏེ་གང་ཡང་མི་གསུང་མཁན། དགོས་དབང་དང་ན་ཚ་འདྲ་མིན་རྐྱེན་གྱིས་ཟུར་ཟ་དང་ངན་དམོད་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ། །

གནད་དོན་འདི་སྤྱི་ཚོགས་དང་སྒྲིག་འཛུགས་རང་བཞིན་གྱི་ཐོག་ནས་ཐག་གཅོད་ཅིག་མ་བྱུང་བར་ང་ཚོ་མུ་མཐུད་ནས་མི་འགྲོ་རང་འགྲོ་རེད་ལ་མི་རྩོད་རང་རྩོད་རེད། འོན་ཀྱང་ང་ནི་རང་གི་དགའ་ཕྱོགས་དང་། འོས་ཤོས་སུ་མཐོང་བ་ལ་རྒྱབ་སྐྱོར་བྱས་པ་ཙམ་ལས། ཆོལ་ཞེན་དང་འཐེན་འཁྱེར་གྱི་ཀུན་སློང་ཐོག་ནས་སྐད་ཆ་བཤད་མེད་པས། ཆོལ་ཞེན་དང་འཐེན་འཁྱེར་གྱི་བཟོ་ལྟ་བསླེབས་ཤིང་། དེའི་རྐྱེན་གྱིས་སུ་ཞིག་མི་བདེ་བ་དང་མི་འདོད་པ་བྱུང་སོང་ན་དགོངས་དྭངས་ཞུ། །

དགག་གཞག་སྤང་གསུམ་ཁྲོད་ནས་འཚར་ལོངས་བྱུང་ཞིང་། དགག་གཞག་སྤང་གསུམ་ཐོག་ནས་རྒས་བཞིན་ཡོད་པའི་ང་དང་ང་ལྟ་བུ་ལ་མཚོན་ན་གཞན་གྱི་འདོད་པ་བཀག་ཐུབ་མིན་ལ་མ་ལྟོས་པར་ཅུང་ཟད་མ་དགག་བར་དུ་རང་ལུགས་བཞག་མི་འདོད་ཅིང་། བྲོ་བ་ཡང་དེ་ཙམ་མི་འདུག །འདི་ནི་གཞུང་ལུགས་ཤིག་དང་། ཁོག་ཡུག་ཅིག་གིས་བདག་ལ་གནང་བའི་གཤིས་ཀ་ཡིན་སྲིད། །
ལྷག་པར་ངོ་ཤེས་དང་འབྲེལ་འདྲིས་གང་ཡང་མེད་པའི་ཤར་ཕྱོགས་ཁུག་རྟ་དང་། ཨ་རིག་འགྱུར་མེད་སོགས་ལ་ཚོར་བ་དང་གཏན་ཚིགས་སྣ་ཚོགས་ཀྱི་ཐོག་ནས་ཟིན་ཐུང་དང་མཆན་གྱི་ལམ་ནས་ཅུང་ཟད་མི་སྙན་པ་བརྗོད་དགོས་བྱུང་ཡང་། གཅིག་ལ་གཉིས་ལན་དང་། བརྒྱ་ལ་སྟོང་ལན་ཚུལ་གྱིས་སྨྲ་བ་ངན་པ་མ་བྱུང་ཞིང་། སྔར་བཞིན་དྲྭ་གྲོགས་ཀྱི་ངོ་བོའི་ཐོག་ཏུ་བསྡད་ཡོད་པ་ལ་ཐུགས་རྗེ་ཆེ་ཞུ། །

གང་ཡིན་ཟེར་ན། ཉི་མ་ཁ་ཤས་སྔོན་དུ་ལོ་ཙཱ་བ་སྐུ་ཞབས་ཆུང་ཚེ་རིང་གི་དངོས་བསྟན་ལས་ཤུགས་བསྟན་མང་བའི་སྐད་ཆ་ཁ་ཤས་ལ་མི་འདོད་པའི་ཐལ་བ་དང་། དེ་ལ་དཔག་པའི་ཟུར་ཟ་ཁ་ཤས་བྱས་པར། ཁོང་གི་ངོ་དེབ་ནས་བཏོན་(block) འདུག་པས། གཞི་ནས་དྲྭ་གྲོགས་གཞན་དང་གཞན་གྱི་ཁོག་རྒྱ་དང་བཟོད་བསྲན་རྟོགས་འོང་གི་འདུག་ལ།
ཞོར་དུ་ཁོག་ལ་ཆོལ་ཞེན་གྱི་མེ་དཔུང་དྲག་ཏུ་རྒོད་ཀྱང་། ཁ་ནས་ཚིག་གི་དུ་བ་མཚམས་རེར་དང་། ཤུགས་ལ་མ་གཏོགས་བཏོན་མི་དགོས་པར་གནད་འགག་དོན་གྱི་ཐོག་ཏུ་ཏག་ཏག་འགྲོ་ཐུབ་མཁན་སུ་ཡིན་མིན་ཐད། ཚོད་ལྟ་དང་ཉམས་ཞིབ་ཀྱི་ཐབས་ལམ་ཞིག་ཀྱང་རག་སོང་། དྲྭ་འབུ་དག་ནི་དྲྭ་འབུ་རང་གི་གོ་ས་ལ་ཡོད་པས། ཅི་ཡང་བཤད་རྒྱུ་མེད།

མ་གཞི་ནི་གསལ་བཤད་ནི་དོན་དག་ཅིག་གསལ་པོ་བཟོས་ཏེ། སེམས་པ་བདེ་བའི་རྒྱུ་ལ་འགྲོ་ཐུབ་པ་ཞིག་བྱུང་ན་གསལ་བཤད་ཀྱི་དོན་གོ་ཆོད་པ་ཡིན་པས། དྲྭ་ཐོག་གི་སྤུན་ཟླ་ཚོ་སེམས་བདེ་ཞིང་ལྷོད་ལ་འབབ་ཐུབ་པའི་རེ་བ་ཡོད།།

གསལ་བཤད།

Post navigation

Previous Post: རིག་གནས་སྲུང་སྐྱོབ་བམ།
Next Post: སྐུད་མེད་དྲྭ་བ།(Wi-Fi)

Comments (8) on “གསལ་བཤད་ཚིག་དུམ་ཁ་ཤས།”

  1. མགོན་སྐྱབས། says:
    2016-03-28 at 9:01 am

    ལགས་སོ། །གོ་སོང་། འོན་ཀྱང་ཞུ་འདོད་པ་ཞིག་ལ་གྲྭ་པ་དང་གྲྭ་པའི་སྤྱི་ཚོགས་ལ་་་་ལནཔོ་་་་་་ཞེས་པའི་ཐ་སྙད་བོད་ཀྱི་སྤྱི་སྐད་ཨེ་ཡིན་ནམ། དེ་ལས་་་་རན་པོ་་་་་་གསུངས་ན། བརྡ་དག་དང་མཐུན་ནམ་སྙམ།

  2. ཆུ་ཐིགས་སྔོན་མོ says:
    2016-03-28 at 3:35 pm

    སྲིད་སྤྱིའི་འོས་བསྡུའི་སྐབས་སུ་ཡོད་ཚད་ཞེན་ཁོག་གིས་བཟི་འདུག་
    ད་ཐེངས་བོད་པ་ཚང་གིས་ནང་ཉམས་བསྟན་སོང་་་་
    ད་དེ་ལ་གསལ་བཤད་དང་དཀར་འདོན་སོགས་བྱས་ཀྱང་འུ་ཚང་གི་མི་བུ་ཚོ་མུ་མཐུད་ཞེན་ཁོག་གིས་བཟི་ནས་འདུག་གི་རེད་་་
    དེ་ལས་རང་དགར་བཞག་ན་ཡག་ཤོས་མིན་ནམ་སྙམ་་་་་ཡ་ཡ་ཚེ་རིང

  3. གཡུ་ཐོག་རྒྱལ་པོ། says:
    2016-03-28 at 5:57 pm

    ད་ཡིན་ན། ཁྱོད་རང་ཚོ་ལ་ཡོད་པ་དེ་ཞེན་ཁོག་རེད། ཞེན་ཁོག་གི་མེ་ལྕེ་དེས་ཉིན་ཞིག་བོད་མི་རིགས་མི་བསྲེག་པའི་ཉེན་ཁ་ཁྱོན་ནས་མི་འདུག དེ་ནི་ངའི་འཇིག་སྣང་ཆེ་ཤོས་དེ་ཡིན། ལྷག་པར་དུ། ཤེས་ལྡན་མི་སྣའི་ཁྲོད་ཞེན་ཁོག་གི་མེ་ལྕེ་འཕྱུར་བ་དེ་མཐོང་དུས། གཞི་རིམ་སྤྱི་ཚོགས་མི་བསྲེགས་པའི་ངེས་པ་གཏན་ནས་མེད། མ་གཞི་ནས། བཤེས་ལྡན་པར་ཆེས་པ་དེ་དག་ནི་ཁེ་ཕན་རིང་ལུགས་པ་ཡིན་སྟབས། རང་ཉིད་ཀྱི་ཁེ་ཕན་གྱི་ཆཻད་དུ། ཆོལ་ཕྱེན་དང་ཆོས་ཞེན་སྤྱོད་རྒྱུ་དེ་ཡང་དགོས་མཁོ་ཆགས་ཡོད། དེས་ན། མུ་མཐུད་ནས་ཞེན་ཁོག་གི་མེ་ལྕེ་དེར་ཤིང་ཤག་པ་མ་སྐྱོན་རོགས་གནང་། ང་ཚོ་ཚང་མ་འཚིགས་ས་རེད་ཏ།

  4. གནམ says:
    2016-03-28 at 9:14 pm

    མི་ངན་གཡོ་ཅན་པ་ཚོས་འདི་ལྟར།
    ད་དུང་།
    ང་ཚོར་ཕ་གི་བཟང་རབ་དང་མི་གི་མི་བཟང་རབ། མི་གི་བཟང་རབ་དང་ཡ་གི་མི་བཟང་རབ་བཤད་ནས། དཀྲུག་དཀྲུག་གི་འཁོར་ལོ་སྐོར་བ་ནས། དཀར་བཟོ་བྱེད་ཐུབ་བམ།

    དགོངས་པ་དག་ཡ་དེ་འདྲ་ཅི་ལྟར་ཡོད། སོ་སོས་པའི་བཤད་ཉེས་དང་བྱས་ཉེས་བྱས་བ་དེ་ཚོ། ཆུ་ལ་བྲིས་བའི་རི་མོ་མ་རེད། སེམས་ལ་བཞག་པའི་ཁུར་བོ་རེད།

    ཆོལ་ཞེན་གྱི་ཞྭ་མོ་ནག་པོ་དེ་མགོ་ལ་གཡོག་ནས། ཨ་མདོ་བའི་ཤེས་འཇོན་དང་ལྷག་བསམ་ནི་ཐལ་བར་བསྒྱུར་ཡོད། དབུས་གཙང་བའི་དྲང་བདེན་དང་ལ་རྒྱལ་ནི་དུ་སྨུག་ལ་བཅུག་ཡོད།

    བཙན་གྱིས་གཡོག་པའི་ཆོལ་ཞེན་གྱི་ཞྭ་མོ་ནག་པོ་འདི། ཁ་གྲངས་མི་འདང་དུས་ཨ་མདོ་བར་གཡོག་སོང་། མང་གཙོ་མི་དྲང་ས་ནས་ཨ་མདོ་བར་གཡོག་སོང་།

    ཆོལ་ཞེན་གྱི་ཞྭ་མོ་དཀར་པོ་དེ། ཅི་ལྟར་དགྲ་གཉེན་སྡུག་གི་གཟི་བརྗིད་ལ་བྱོན་པ་ཡིན་ནམ།

    “ལས་ངན་པའི་ཨ་མདོ་བ་འདི།

    ལོ་བདུན་ཅུའི་ཡར་སྔོན་ཞིག་ལ།
    བོད་ཁ་བ་ཅན་པོའི་དོན་ལ།།
    དགྲ་དགྱ་མིས་ཤོག་ཞྭ་གཡོག་ཡོད།
    ཕུད་མི་འདོད་ཕྱི་མར་བཏད་ཡོད།

    ལོ་སྟོང་ལོ་ཟུན་པའི་དུས་ལ།
    གཉེན་ཆོལ་ཁས་ཆོལ་ཞྭ་གཡོག་ཡོད།
    བོད་ཁ་བ་ཅན་པོའི་དོན་ལ།
    གོན་མི་འདོད་སྡུག་ལ་གཏད་ཡོད།

    ་་་་་་་་་་་་་་་་།”

  5. བསྟན་འཛིན་པདྨ་ says:
    2016-03-28 at 9:50 pm

    ཆོལ་ཁའི་འཐེན་འཁྱེར་རི་འདྲ་ཞིག་འཁྱེར་ད་དུང་གསལ་བཤད་ཨེ། གྲྭ་པ་གྲྭ་པའི་ས་ལ་སྡོད་ན་ཡག་གི་རེད། བོད་ཀྱི་ལོ་རྒྱུས་ཀྱི་ནང་དུ་རྙོག་གླེང་བཟོ་མཁན་ཕལ་མོ་ཆེ་གྲྭ་ཡིན་ཞིང། ད་དུང་བཙན་བྱོལ་དུའང་རྙོག་གླེང་ཐམས་ཅད་གདན་སའི་གྲྭ་ངན་འགས་བཟོ་བཞིན་པ་ཚང་མས་ཤེས་ཀྱི་ཡོད། གལ་ཏེ་འདི་ལྟ་བུའི་བོད་མི་ནང་དཀྲུགས་ཅན་གྱི་བྱ་བ་སྤེལ་འདོད་ན་། དང་ཐོག་གྲྭ་ཆས་དེ་མར་ཕུད་ནས་བྱས་ན་ཡག་པོ་ཡོད་རེད། ཁྱེད་དང་སེར་བྱེས་བློ་དགའ། ཏྲེ་ཧོར་བསོད་ནམས་ལྟ་བུའི་གྲྭ་ངན་འགས་གདན་སའི་གྲྭ་པ་ཡོངས་རྫོགས་ཀྱི་རྐང་པ་འདྲེན་གྱིན་འདུག དེར་བརྟེན་ཁྱིམ་པ་ལས་ཤིག་བྱེད་འདོད་ན་གྲྭ་ཆས་དེ་ཕུད་ནས་ཡོང་ན་ཡག་གི་རེད།

  6. ཅང་ཤེས་རྟ་མཆོག says:
    2016-03-29 at 12:11 am

    དགའ་ཉག་པ་བོད་ཡིག་གི་དག་ཆ་དང་སྦྱོར་བ་ཡག་པོ་འདུག ཡིན་ནའང་སྦུག་ལ་ཁམས་ཞེན་སྐམ་པོས་བརྒྱངས་འདུག ཇི་ལྟར་བཤད་ཀྱང་རུང་། མ་བཤད་ཀྱང་རུང་། དུས་རབས་ཕྱེད་ཙམ་གྱི་རིང་ལ་ཁམས་པའི་མདོག་ཆ་ཆ་ཚང་བསྟན་ཚར་བ་རེད། རང་གིས་མ་རབས་དང་ཐ་ཤལ། བོད་སྤྱི་པའི་རྩ་དོན་དང་༧གོང་ས་མཆོག་གི་དགོངས་གཞིར་གནོད་པའི་མ་རབས་ཀྱི་ལས་ཀ་ཡོད་རྒུ་བྱས་མཐར། བྱེད་མཁན་དེ་ཆོལ་ཁ་གཞན་ཡིན་པར་བརྗོད་དེ་རྩམ་ཁུག་སྟོང་པ་མིའི་མགོ་ལ་གཡོག འདི་ཁམས་པ་སྐྱ་སེར་གཉིས་ཀྱི་རང་གཤིས་རེད། ཡིན་ཙང་ང་ཁམས་རིགས་ལ་དགའ། ཁམས་རིགས་ལ་དུང་།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-03-29 at 2:34 am

    ་་་་་་་་་་་་་ཟུར་ཟ་ཁ་ཤས་བྱས་པར། ཁོང་གི་ངོ་དེབ་ནས་བཏོན་(block) འདུག་པས། གཞི་ནས་དྲྭ་གྲོགས་གཞན་དང་གཞན་གྱི་ཁོག་རྒྱ་དང་བཟོད་བསྲན་རྟོགས་འོང་གི་འདུག་ལ། ་་་་་་་་་་་་་

  8. སྒྲོན་མེ། says:
    2016-03-29 at 2:44 am

    ད་འོས་བསྡུའི་ལས་རིམ་ཡོངས་རྫོགས་ཕལ་ཆེར་གྲུབ་ཚར་བ་འདྲ་བོ་རེད།དེར་བརྟེན་དེའི་སྐོར་གྱི་གླེང་སློང་མཚམས་བཞག་ཏེ།རྒྱ་གཞུང་ལ་ཁ་གཏད་ཅི་ལྟར་བཅག་དགོས་ཚུལ་སོགས་ལ་གླེང་སློང་བྱས་ཏེ།བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ནུས་ཤུགས་གཅིག་ཏུ་སྤུངས་འཐུབ་ན་ཏན་ཏན་རེ་བ་ཆེན་པོ་འདུག དེ་མིན་ད་དུང་འོས་བསྡུའི་ཞེན་ཁོག་གི་རྙོག་གླེང་དེ་མུ་མཐུད་ནས་སོང་ཚེ་ཉེན་ཁ་ཞེ་དྲག་འདུག གང་བྱས་ད་ལོའི་འོས་བསྡུས་ངེད་བོད་པ་ཚང་ལ་ཐོབ་ཤོར་ལས་ཤོར་བ་མང་ཞིང་།བོད་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་ཚེ་ངེས་བར་དུ་ཕྱིན་ཆད་འདིའི་རིགས་མི་འབྱུང་བར་སྔོད་འགོག་ཅི་ལྟར་བྱེད་དགོས་སོགས་ལ་བསམ་གཞིག་བྱེད་དགོས་བར་བསམ་མོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme