Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསལ་བཤད་དང་དགོངས་སེལ་ཞུས་པ། 
          
            

Posted on 2017-10-09 By ཁ་བརྡ 10 Comments on གསལ་བཤད་དང་དགོངས་སེལ་ཞུས་པ། 
          
            

སོ་རུ་ཚེ་རིང་།
 
ཁོ་བོའི་དྲ་གྲོགས་ལྷན་རྒྱས་དང་ལྷག་དོན་བརྩེ་བའི་བཟང་གྲོགས་དང་གཉེན་ཉེ། ཞེ་མཐུན་ཕོ་མོ་ཡོངས་ལ་བཤད་རྒྱུར། ཟླ་འགའི་སྔ་རོལ་དུ་བོད་དོན་རྒྱབ་སྐྱོར་བ་མཁས་དབང་(Elliot Sperling)ཨི་ལིའོ་ཊི་སི་སྤིར་ལིང་ལགས་ཀྱི་རྗེས་དྲན་མྱ་ངན་སྟེང་ཁོ་བོས་སྙན་ངག་ཅིག་གྱེར་འདོན་བྱེད་ཁུལ་བྱས་པ་དེ་ལ་བསྙད་དེ། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཟུར་ཟ་ཞུ་མཁན་དང་ཀླུ་བྱམས་སོགས་དང་ལྟ་བ་གཅིག་ཚུལ་གྱིས་གླེང་ཕྱོགས་སྣ་ཚོགས་བཟོས་ནས་སྤྱི་ཚོགས་ནང་གང་བྱུང་དུ་གནོད་ཤུགས་ཟར་ཟུར་རིམ་པར་སྤྲད་དེ་གྲོགས་པོ་དང་གྲོགས་མོ། རང་དང་འགྲོགས་འདྲིས་ཟབ་པའི་ཞེ་མཐུན་དང་བློས་ཐུབ་ཀྱི་གྲོགས་པོ་ཚོར་ངན་སྐུལ་བྱས་ཀྱང་། ལུགས་གཉིས་གང་གི་ཆ་ནས་བཀའ་དྲིན་གཞལ་བར་དཀའ་བའི་༧གོང་ས་མཆོག་མ་ཟད་རང་དགའི་བླ་སྤྲུལ་ག་གེ་མོ་ཞིག་ལ་ཡང་ཟུར་ཟ་སོགས་བྱེད་འདོད་ཁ་ཞེ་གཉིས་མེད་ཀྱིས་བསམ་བློའི་ནང་འཁོར་མ་མྱོང་ཡང་། སྐབས་དེར་སྟབས་མ་ལེགས་པ་ཞིག་ལ་རྩོམ་གྱི་སྤྱི་ཁོག་ལ་དབྱེ་ཞིབ་མ་བྱས་པར་ལག་ཏུ་གང་བྱུང་ཙམ་བཀླགས་པས་ལས་ངན་ཞིག་བསགས་པ་ལས་གཞན་གང་ཡང་མིན་ཞེས་དགོངས་སེལ་དང་སྦྲགས་གསལ་བཤད་བྱེད་འདོད་བྱུང་།

སྤྱིར་ཕྱི་རྒྱལ་(Elliot Sperling)ཨི་ལིའོ་ཊི་སི་སྤིར་ལིང་འདི་ཕྱི་ལོ་ ༡༩༧༣ ཙམ་ནས་བཟུང་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ཞིག་དང་། བོད་རྒྱ་རིག་པའི་མཁས་དབང་ཞིག་ཡིན་སྟབས་རྗེས་དྲན་མྱ་ངན་ཚོགས་འདུ་ཞིག་ས་རཱ་མཐོ་སློབ་ཁང་གི་ལོ་རྒྱུས་དགེན་གཙང་ཕྲུག་སྟོབས་ལགས་ཀྱིས་འགན་ཁུར་ཏེ། ས་རཱ་མཐོ་རིམ་སློབ་གཉེར་ཁང་དུ་ཚོགས་ཤིང་། དེར་མཉམ་ཞུགས་གནང་མཁན་ཕལ་མོ་ཆེ་དེ་སྔོན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ནང་ཞུགས་མྱོང་མཁན་རྣམས་ཡིན།

གུས་པ་སྙན་ངག་ལ་དགའ་བས་དེ་རིགས་དགེ་རྒན་དུས་ཆེན་དང་འཛིན་གྲོགས་ཚོས་རེ་བ་དང་ཀུ་རེའི་ཚུལ་དུ་སྙན་ངག་རེ་གྱེར་འདོན་ཡང་ཅུང་ཙམ་རེ་དེ་སྔོན་ནས་བྱེད་མྱོང་བ་སོགས་ཀྱིས་ཡིན་ཚོད་རེད་སྙམ། གང་ལྟར་ཚོགས་འདུ་དེ་མ་ཚུགས་པའི་སྔོན་ཙམ་ལ། དགེན་གཙང་ཕྲུག་སྟོབས་ལགས་ཀྱིས་གུས་པར་རྗེས་དྲན་དེར་སྙན་ངག་ཅིག་གྱེར་འདོན་བྱེད་རོགས་ཞེས་བསྐྱར་ནན་གྱིས་བཤད་པར། ངས་དེ་རིགས་ཡག་པོ་ཞིག་ཤེས་ཀྱི་མེད་ཚུལ་ཞུས་ཀྱང་མཐར་རང་གི་དགེ་རྒན་དུ་སོང་གཤིས་ངོ་མ་ལྡོག་པར་ཁས་བླངས་ཏེ་འཇུ་སྐལ་བཟང་གི་སྙན་ངག་(གངས་སྐོར་)ཟེར་བ་དེ་གྱེར་འདོན་བྱེད་པའི་གྲ་སྒྲིག་བྱས།

ཕྱི་ཟླ་ ༢ ཚེས་ ༧  ཉིན་གྱི་སྔ་དྲོར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ནང་མཉམ་ཞུགས་གནང་མྱོང་མཁན་མཁས་དབང་བཀྲ་ཤིས་ཚེ་རིང་དང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་། ལོ་རྒྱུས་རིག་པའི་གཙུག་ལག་སློབ་དཔོན་བསོད་ནམས་རྒྱལ་མཚན། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་སོགས་བོད་རིག་པའི་ཚོགས་མི་ཉི་ཤུ་སྐོར་དང་། ས་རཱ་མཐོ་སློབ་ཀྱི་དགེ་སློབ་ཀུན་མཉམ་འཛོམས་ཀྱིས་ཚོགས་ཁང་ནང་རྗེས་དྲན་མྱ་ངན་ཞུ་འགོ་བརྩམས།

ང་དང་སློབ་ཕྲུག་རེ་གཉིས་ཤིག་ཚོགས་ཁང་ཕྱི་ལོག་ནས་སྙན་ངག་གྱེར་འདོན་གྱི་གྲ་སྒྲིག་བྱས་ནས་བསྡད། སྐབས་དེར་ངས་(iPad)ཨ་ཕད་ལག་ཏུ་བཟུང་ནས་ཡོད་སྟབས་(WeChat)འཕྲིན་ཕྲན་ཚོགས་པ་ཞིག་གི་ནང་ཡི་གེ་ཞིག་དང་མཁས་དབང་དམ་པ་(Elliot Sperling (1951-2017))ཨི་ལིའོ་ཊི་སི་སྤིར་ལིང་ལགས་ཀྱི་འདྲ་བཅས་འབྱོར་སོང་།

ངས་རྩོམ་ཡིག་དེ་མར་ཅུང་བཀླགས་པ་ན་རྩོམ་ཡིག་དེ་མཁས་དབང་ཁོང་ལ་བྲིས་པ་ཡིན་པར་ཚོར། ཆ་ཚང་ཀློག་ཁོམ་མ་བྱུང་ལ་རྩོམ་ཡིག་དེ་སུ་ཞིག་གིས་བྲིས་མིན་དེ་བས་མ་ཚོར། གང་ལྟར་ངས་ཚིག་འདི་( དུངས་ཞེན་མིན–མྱི་གཞིའི་སྙིང་སྟོབས་ནས་བཤད་ན། ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན། དད་པ་མིན__བོད་རང་བཙན་འཐབ་བྱུས་ནས་བཤད་ན། སྐུ་གཤེགས་ཀྱང་ལོ་བཅུ་གསུམ་ལ་གསང་རྒྱ་བྱ་དགོས་པའི་མི་དེ་ཁྱེད་ཡིན།) གངས་སྐོར་ཟེར་བའི་སྙན་ངག་དེའི་མགོར་བེད་སྤྱོད་བཏང་བ་ཡིན། སྐབས་དེར་ངས་སྒྱུ་རྩལ་བརྩམས་ཆོས་ཤིག་ལས། འཇིག་རྟེན་སྤྱི་ནོར་༧གོང་ས་༧རྒྱལ་དབང་རིན་པོ་ཆེ་མཆོག་ལ་ཟུར་ཟའི་རྩོམ་ཞིག་ཡིན་པ་དངོས་གནས་མ་ཚོར། གཞུག་ནས་རྩོམ་དེ་ཀླུ་བྱམས་ཀྱིས་བྲིས་པ་དང་དྲ་ཐོག་ནས་ང་ལ་འདྲ་མིན་གྱིས་སྡིགས་དམོད་བྱེད་པ་སོགས་མཐོང་རྗེས་ཁྱེད་ཅག་ལ་ཡང་ཁག་མི་འདུག་སྙམ་སྟེ་རང་ནོངས་ངོས་ལེན་གྱིས་སྐད་ཆ་འདི་བཤད་པ་ཡིན།

མདོར་ན་ངས་བསམ་གཟས་ནས་༧གོང་ས་མཆོག་ལ་ཟུར་ཟ་དང་ལངས་ཕྱོགས་དེ་འདྲ་ཞིག་ཡོད་ནས་དྲིན་ལན་ལོག་འཇལ་བྱེད་པར་སྙན་ངག་དེ་གྱེར་འདོན་བྱས་པ་གཏན་ནས་མིན། ཡིན་ཡང་ངས་གོ་བ་ལེན་ཕྱོགས་མ་འགྲིག་པའམ་ནོར་བ་ཡིན་པས་བཟང་ས་གཉེན་ཉེ་དང་། ཞེ་མཐུན་དང་བློས་ཐུབ་ཀྱི་གྲོགས་པོ་སེར་སྐྱ་ཕོ་མོ་མང་པོ་ཞིག་གིས་སེམས་ཁུར་དང་བློ་འཚུབ་ལངས་པར་སེམས་གཏིང་ནས་དགོངས་དག་ཞུ་རྒྱུ་དང་ཆབས་ཅིག་སྐབས་དེར་སྟབས་ཉེས་དང་བར་ཆད་དམ་རྐྱེན་ངན་ཞིག་འབྱུང་རྐྱེན་གྱི་གཞི་རུ་གྱུར་པ་ལས། ཕྱིན་ཆད་ཐུགས་ཁྲལ་རྩ་བ་ཉིད་ནས་མ་གནང་དང་ཞེ་བསམ་པའི་ཟུར་ལའང་༧གོང་ས་མཆོག་མ་ཟད་མི་ཆེན་དཔོན་ཆེན་དག་ལའང་ཟུར་ཟ་དང་དམའ་འབེབས་མི་བྱེད་པ་ཁས་ལེན་བྱས་པ་ཡིན་ཞེས་བཤད་འདོད་བྱུང་།

ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༧ ཉིན་ས་རཱ་མཐོ་སློབ་ཁང་གི་སྤྱི་ཁྱབ་རྒན་བདག་དང་སློབ་ཟུར་བ་རྣོ་མིག་ཐོགས་སམ་སོ་རུ་ཚེ་རིང་དུ་འབོད་པས་བྲིས།

གསལ་བཤད།

Post navigation

Previous Post:  སྐྱེ་བ་སྔོན་མ་དངོས་སུ་དྲན་ཐུབ་པའི་རྒྱ་གར་གྱི་བུ་མོ་ཞིག 

Next Post: དྲུག་འགྱུར་ངག་གི་གླིང་བུ།

Comments (10) on “གསལ་བཤད་དང་དགོངས་སེལ་ཞུས་པ། 
          
            ”

  1. གནམ says:
    2017-10-09 at 1:15 am

    མཐོ་སློབ་དེ་འདྲ་ན་ལུག་ཡོད་ན།
    ལུག་རྫི་དེ་ཚོ་ཡང་ར་རྫི་་རྐྱང་རྐྱང་ཡིན་འགྲོ།

    སྣང་བར་མི་འགྲོ་བའི་སྐད་ཆ།།
    ལམ་ལ་མ་སོང་བའི་མཐོ་སློབ།།

    ས་བོན་ནས་ཀྱིས་བཏབ་སར།།
    ལྡུམ་བུ་ལོ་མས་གང་བཞག།

  2. མཚན་བགྲོད། says:
    2017-10-09 at 1:27 am

    ཁྱོད་ཀྱིས་རྩོམ་ཡིག་དེ་མཁས་དབང་དམ་པ་(Elliot Sperling (1951-2017))ཨི་ལིའོ་ཊི་སི་སྤིར་ལིང་ལ་བྲིས་པ་ཤེས་ཀྱང་། རྩོམ་ཡིག་དེའི་༼དུངས་ཞེན་མིན–མྱི་གཞིའི་སྙིང་སྟོབས་ནས་བཤད་ན། ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན། དད་པ་མིན__བོད་རང་བཙན་འཐབ་བྱུས་ནས་བཤད་ན། སྐུ་གཤེགས་ཀྱང་ལོ་བཅུ་གསུམ་ལ་གསང་རྒྱ་བྱ་དགོས་པའི་མི་དེ་ཁྱེད་ཡིན།༽ཞེས་པའི་ཚིག་འདི་ཚོའི་རྒྱབ་ལ་༸གོང་ས་མཆོག་ལ་ཟུར་ཟ་བྱས་ཡོད་པ་མི་ཤེས་པ་ངོ་མ་ཡ་མཚན་རེད། མ་གཞི་ནས་ཁྱོད་སཱ་ར་མཐོ་སློབ་ཏུ་བོད་ཡིག་ལྟེ་བར་བྱས་པའི་སློབ་གཉེར་བྱས་མེད་དམ། ཁྱོད་ལ་བོད་ཡིག་གནས་ཚད་དེ་ཙམ་ལས་མེད་དམ། དེའི་ཐོག་༸གོང་ས་མཆོག་གིས་བོད་བསྟན་སྲིད་ཀྱི་ཆེད་དུ་དགུང་ལོ་བརྒྱ་དང་བཅུ་གསུམ་ཙམ་བཞུགས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་ཁྱོད་ཀྱིས་མ་གོ་མ་ཐོས་པ་ཕལ་ཆེར་ཁྱོད་དྷ་ས་ཁུལ་དུ་མིག་དང་རྣ་བའི་དབང་པོ་བཀབ་ནས་བསྡད་དམ། ཡང་ན་ཁྱོད་བཙན་བྱོལ་བོད་པའི་གནས་ཚུལ་རྩ་བ་ནས་གོ་ཐོས་བྱེད་ཡུལ་མེད་པའི་ས་ཆ་ཞིག་ནས་གློ་བུར་དུ་སཱ་རའི་ཚོགས་འདུ་དེར་བཅར་བ་ཡིན་ནམ། ཡ་མཚན་རེད།

  3. དབུ་མ་པ། says:
    2017-10-09 at 3:54 am

    གཞི་ནས་རྨོངས་གཉིད་ལས་གསད་པ་འདྲ། སྐབས་དེ་དུས་ཀྱི་ཁྱེད་ཀྱིས་སྔ་གཞུག་གང་ལ་ཡང་བསམ་བློ་མ་བཏང་བར། ཀླད་སྟོང་ཞིག་གི་བསམ་བློ་འཁྱེར་ཏེ་གྱེར་པའི་འཆལ་གཏམ་དེ་དང་འབྲེལ་བའི་ཐད། ཁྱེད་ཀྱིས་གཞན་ལ་སྡིག་ར་བསྐུལ་བ་དེ་དག་ལའང་དགོངས་སེལ་ཞུས་ན། མཐོ་སློབ་དེའི་མིང་བྱང་ལའང་ཕན་ངེས།

  4. ལྕགས་རྡོ། says:
    2017-10-09 at 6:03 am

    གྲོགས་པོ་ལགས། རྩོམ་ཡིག་རེ་བྲིས་པ་དང་སྙན་ངག་རེ་བཀླགས་པས་འཇིག་རྟེན་འགུལ་འགྲོ་སྣང་ཤར་བ་ནི། གཞས་འཁྲབ་མི་ཤེས་པའི་མི་དག་གིས་རང་གི་མགོ་བོ་ཤུགས་ཀྱིས་གཡུག་ནས། འཇིག་རྟེན་གཡོ་ཞིང་འཁོར་བར་བྱེད་པའི་གཞས་འཁྲབ་ཀྱི་ཡོད་དྲན་པ་དང་འདྲ་བོ་རེད།
    མགོ་བོ་ཏར་སེ་ཞོགས་ནས་ལུས་ལག་གི་རྩལ་དྲུག་ཡོངས་སུ་ངོམ་པར་མཛོད་དང་། མི་སེམས་ལ་གཞས་གར་གྱི་སྒྱུ་རྩལ་གྱིས་གནང་བའི་སྐར་ཆ་ལྔ་ཡི་བག་ཆགས་ཀྱི་ལེགས་སྐྱེས་ཙམ་རེ་འཇོག་ཐུབ་པ་ནི་རང་གི་དགའ་ཕྱོགས་ཀྱི་ཕྱག་ལས་ཙམ་དུའང་ངོས་འཛིན་ཆོག་ན། དེ་ཡང་མི་ནུས་པར་གང་ཞིག་ལ་བྲོས་ནས་རང་ཤི་རྒྱག་རྩིས་ལྟ་བུ་རེ་བྱེད་ཡོང་བ་ནི། ངོ་མ་ངོ་གནོང་སྤྱད་དང་ཞེ་ཆད་སྤྱད་རང་རེད། ཕེ་་ཕེ་་་
    ཁྱོད་ཚོའི་བསམ་བློ་ནི་སློབ་ཆེན་གཅིག་གཅིག་མིག་མིག་ནས། འགན་འཁྲི་འར་འར་འུར་འུར་རེ་གླེང་ཞིང་རྒྱུག་ཁུལ་བྱས་པ་ནི། འཁྲབ་སྟོན་དང་སྤྲེལ་ལད་རང་ཡིན་པ་ཤེས་སོང་། ཕེ་ཕེ་་་ མི་ངན་རེད་ཡ་་

  5. དགེ་འདུན་རྒྱ་མཚོ། says:
    2017-10-09 at 10:46 pm

    ཁྱོད་ཀྱི་སྐད་ཆ་འདིར་ང་ཡིད་ཆེ་མ་སོང་། ཁྱོད་ལ་སྐྱོན་བརྗོད་བྱེད་པའི་དབང་ཆ་ང་ལ་མེད། ཡིན་ཡང་ཁྱོད་ཀྱི་ལོ་རྒྱུས་ནི་ནམ་ཡང་གཙང་མ་ཞིག་ཏུ་འགྱུར་དཀའ། 

  6. རིན་ཆེན། says:
    2017-10-10 at 12:03 am

    མི་ཞིག་ཡིན་ཕྱིན་ནོར་འཁྲུལ་གྱི་གོང་བུ་ཞེས་བརྗོད་ཀྱང་མི་འགྲིག་པ་མེད། འོན་ཀྱང་ནོར་འཁྲུལ་ངོས་ལེན་མི་ཐུབ་པ་དེ་ནི་སྐྱེས་བུ་ཐ་ཤལ་བ་ཚོ་ཡིན། དེར་བརྟེན་ཁྱེད་ནས་ནོར་འཁྲུལ་ནོར་འཁྲུལ་ཡིན་པར་ཆ་འཇོག་གིས་དགོངས་སེལ་ཞུས་པར་རྗེས་སུ་ཡི་རིང་ངང་ཐུགས་རྗེ་ཆེ་ཞུ་འོས། འོན་ཀྱང་ཤེས་དགོས་པ་ཞིག་ལ་སཱ་རཱ་ནི་འདི་འདྲའི་ཁྱི་སྐྱག་མང་དུ་ཡོད། དགེ་གཙང་སྟོབས་ཀྱིས་མཚོན་དགེ་རྒན་དང་སློབ་ཕྲུག་མང་པོ་ཡོད་འདུག ད་ལྟའི་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ཡང་ནས་དེ་ནས་བྱུང་བ་ཡིན། འཛིན་སྐྱོང་གིས་འགན་ཡག་པོ་མ་ཁུར་བས་འདི་རིགས་མང་དུ་ཡོད་པས། མཐོ་སློབ་ཁང་གི་སློབ་སྤྱིས་གཙོས་པའི་སྒྲིག་འཛུགས་ནས་འདི་རིགས་ལ་ལྟ་རྟོག་དང་ཞིབ་འཇུག་མཐིལ་ཕྱིན་གནང་རེ་ཞུ། ཁྱེད་ཀྱི་དགོངས་སེལ་དེ་ཅུང་འགྱངས་འདུག་ཀྱང་སྤྱི་ཚོགས་ཀྱི་ཁ་རྡུང་ལ་གདོང་གཏད་དེ་སྤེལ་བས་ཐུགས་རྗེ་ཆེ།

  7. རིན་ཆེན་ says:
    2017-10-11 at 2:23 am

    དེ་ན་གསང་བ་ཞིག་འདུག ཀླུ་ཆུང་ཆུང་ཞིག གསལ་བཤད་མ་རེད། རང་གསལ་བོ་བཟོས་འདུག ཀླུ་ཡི་གྲིབ་མ་ཅན་ཞིག་ཡིན་པ་གསལ་བོ་ཆགས་སོང་།

  8. འབྲོང་བུ་སོག་ཚ། says:
    2017-10-11 at 10:34 am

    རྩོམ་རེ་རྗེས་ལ་དགོངས་སེལ་རེ་ཞུ་རྒྱུ་འདི་ང་ཚོ་བོད་པའི་ལུགས་སྲོལ་ཞིག་ཏུ་འགྱུར་ཉེན་འདུག གཟབ་པར་འཚལ།

  9. གློག says:
    2017-10-11 at 11:18 am

    དགོངས་སེལ་ཞུས་པ་ལེགས་མོད། ཡིན་ནའང་སྒྱུ་རྩལ་བརྩམས་ཆོས་ཤིག་གི་ངོས་ནས་བལྟས་ན། དགོངས་སེལ་ཞུ་དགོས་པ་མེད་པར་འདོད། འུ་ཚོའི་སྤྱི་ཚོགས་ལ་མཚོན་ན་སྒྱུ་རྩལ་པའི་ལམ་བུ་ནི་ཧ་ཅང་གནའ་དེང་གཉིས་ལ་གུ་དོག་མོ་ཞིག་ལས་ཡོད་པ་མ་རེད། ཆོས་ལུགས་གཅིག་དང་ལྟ་བ་གཅིག ལངས་ཕྱོགས་གཅིག་ལས་མི་དགོས་པ་ནི་འུ་ཚོའི་མི་རིགས་དེའི་ལམ་ཁ་ཡིན།

  10. ལྷག་པ། says:
    2017-10-13 at 5:50 am

    སོ་རུ་ཚེ་རིང་། ནོར་བ་ངོས་འཕྲོད་པ་ལེགས་པོ་རེད། ཁྱོད་ལ་སྙན་ངག་ཀློག་དགོས་པའི་སྐུལ་མ་བྱེད་མཁན་དེ་གཙང་ཕྲུག་སྟོབས་ཟེར་བ་དེ་རེད་འདུག་གཱ། མི་དེས་ལམ་ལོག་པར་ཁྲིད་ཀྱི་རེད། མི་དེ་རྙོག་དྲ་མང་པོའི་ནང་འཚུད་ཡོད། གཟབས་གཟབས་བྱོས། དེ་སྔོན་གཙང་ཕྲུག་སྟོབས་ཟེར་བ་དེ་དང་། དོན་གྲུབ་ལྷ་དར། ཀླུ་གར་བྱམས་སོགས་ཀྱིས་རྡ་སར་དམར་ཤོག་ཡིན་མདོག་གིས་མཉམ་དུ་འཚོགས་ནས་རྒྱལ་སྤྱིའི་དམར་ཤོག་གི་གཞས་བཏང་བ་རེད། མི་བདེན་ན་ཁོ་ལ་དྲིས་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme