Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསལ་བཤད་ཅིག་དང་མང་གཙོ།

Posted on 2015-03-192015-03-19 By ཁ་བརྡ 5 Comments on གསལ་བཤད་ཅིག་དང་མང་གཙོ།

ཨ་ནུ་ཐང་བསོད་ནམས།

unnamedརྣམ་པ་གཉིས་ཀྱིས་དགོངས་ཚུལ་གསུངས་པ་ཡག་བྱུང་། ཀ་ཡིས༼ར་བྲག་འདོད་བྲག་དང་། ལུག་སྤང་འདོད་སྤང་བྱས་ན། སྒྲིག་འཛུགས་ཞིག་དང་། ལམ་ལུགས་ཞིག་གཏན་ལ་ཁེལ་ཐབས་ཡོད་པ་མ་རེད། མང་དང་ཉུང་གི་ནང་ནས་མང་བོ་གཙོ་བོར་འཛིན་རྒྱུ་མང་གཙོའི་ངོ་འབྲེལ་རེད། གོ་སྒྲིག་ཚོགས་ཆུང་ཁོ་རང་གི་ཁོར་ཡུག་ནང་མི་མཐུན་པ་དང་། རྙོག་དྲ་འདྲ་མིན་བཟོ་མཁན་ཉེན་རྟོག་པའི་ལག་པར་སྤྲད་ན་ལུགས་མཐུནརེད་འདོད། རྙོག་དྲ་ཆུང་ཚག་འདི་འདྲ་ཞིག སྤྱི་འཐུས་ནང་སོགས་ཆེན་པོ་བཟོ་ཐབས་འདི། ཕུགས་མི་གཙང་མདོག་པས་གཟབ་ན་བཟང་སྙམ།༽

དེ་ན་སྲིད་གཞུང་ཞིག་ལ་མཚོན་ན་སྒྲིག་འཛུགས་དགོས་པ་བདེན་ཡང་། སྒྲིག་འཛུགས་དེས་སྐྱེ་བོ་སྒེར་གྱི་ཐོབ་ཐང་ལ་གུས་བཀུར་མི་བྱེད་ན་གཞུང་དེ་སྒེར་གཅོད་པ་རེད། དེར་བརྟེན། མང་གཙོའི་སློབ་དཔོན་ཆེན་མོ་སྲིད་འཛིན་ཧ་ཝལ་གྱིས་སྐྱེ་བོ་སྒེར་གྱི་ཐོབ་ཐང་ནི་སྲིད་གཞུང་ལས་ཀྱང་ལྷག་ཡིན་གསུངས་ཡོད།

སྒེར་གཅོད་པ་ཚོས་ནམ་ཡང་གཞུང་དང་སྒྲིག་འཛུགས། མི་མང་གི་ཁེ་ཕན་སྐྱེ་བོ་སྒེར་དང་གྲངས་ཉུང་བ་ཚོ་ལས་གལ་ཆེ་ཡིན་ཚུལ་གྱིས་སྐྱེ་བོ་སྒེར་དང་། གྲངས་ཉུང་ལ་གཉའ་གནོན་བྱས་པས་རེད། མ་ཟད་གཞུང་གི་ལངས་ཕྱོགས་ལ་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས་རྒྱུ་ནི་དམར་ཕྱོགས་ཀྱི་འགྲོ་སྟངས་ལས་མང་གཙོའི་འགྲོ་སྟངས་མ་རེད།

མང་གཙོ་ཡིན་ན་ལྟ་གྲུབ་འདྲ་མིན་ཡོང་ཆོག་པ་མ་ཟད། ཐ་ན་ཕྱོགས་འགལ་ཚོགས་པའང་ཡོང་ཆོག་པའི་ཁོར་ཡུག་ཡོད་དགོས། ཡིན་ཏེ། དེ་ལྟར་མིན་ན་གཞུང་གིས་གང་བཤད་ཡིན་པ་ལས་སྐྱེ་བོ་སྒེར་དང་། གྲངས་ཉུང་། གཞུང་དང་ལྟ་བ་ཐ་དད་འཛིན་མཁན་ཚོར་རྡུང་བརྡེགས་ཕོག་ཅིང་། ཐོབ་ཐང་ཅི་ཡང་མེད་པར་འགྱུར་བས་རེད། དེ་ལྟར་བརྗོད་ཚེ་བོད་པ་རྣམས་ཀྱིས་བོད་གཞུང་གི་བཀའ་དྲིན་སྨྲ་སྲིད། ཡིན་ཡང་། མང་གཙོའི་ཁྲིམས་སུ་བཀའ་དྲིན་དེ་ཙམ་སྨྲ་ས་མེད་པ་ཤེས་དགོས་པ་མ་ཟད། སྤྱི་དོན་སྒྲུབ་མཁན་གྱི་མང་གཙོའི་གཞུང་ཞིག་ཡིན་ན། རང་ཉིད་མི་མང་གི་ཞབས་ཞུ་བསྒྲུབ་མཁན་ཞིག་ཡིན་ཚུལ་བརྗོད་པ་ལས། རང་གཞུང་ངམ་རང་ཉིད་མི་མང་ལ་བཀའ་དྲིན་ཆེ་ཚུལ་མི་བརྗོད། བརྗོད་མཁན་ནི་ལྷ་དབང་བ་དང་གཅིག་བསྡུ་བ། དམར་ཕྱོགས་པ་དང་མང་གཙོ་གཅིག་བསྡུ་རིང་ལུགས་པ་སོགས་རེད།

གང་ལྟར་སྲིད་གཞུང་གང་ཞིག་དང་ཚོགས་པ་གང་ཞིག་གིས་རང་ཉིད་ཀྱི་སྒྲིག་ཁྲིམས་འཁུར་ནས། མི་སྒེར་དང་ཚོགས་པ་སྒེར་གྱི་སྨྲ་བརྗོད་རང་དབང་འཕྲོག་པ་ཡིན་ན་སྐུ་དབང་ལམ་ལུགས་དང་། དམར་ཕྱོགས་པ་སོགས་ཀྱི་བྱ་སྤྱོད་ལས་འགྲེལ་དུ་མེད་ཁར། རང་དབང་འཐབ་རྩོད་པ་ཞིག་ལ་མཚོན་ན། རང་དང་ལྟ་ཚུལ་མ་མཐུན་པར་བཀག་སྡོམ་བྱེད་པ་ནི་རང་སྲོག་གཅོད་པ་དང་གཉིས་སུ་མེད།

གཞུང་ལ་ཐོབ་ཐང་ཡོད་པ་ནི་འབོད་སྐུལ་ཞུ་ཡ་ལས་འདོད་མོས་རང་དབང་བཀག་འགོག་བྱེད་པའི་ཐོབ་ཐང་མེད། མདོར་བསྡུས་ན། ནེའུ་ཡོག་གི་གོ་སྒྲིག་མཁན་ཚོ་གཞུང་མ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་བཞི་རེད། གཞུང་འབྲེལ་མིན་པའི་ཚོགས་པ་བཞི་གཞུང་འབྲེལ་དུ་བསྒྲུབ་ན་དྲང་མོ་མིན་ཁར། རྙོག་དྲ་ཆེ་རུ་གཏོང་བྱེད་ཀྱི་རྩ་བ་རེད། དེར་བརྟེན། ཤེས་བཀའ་ཡི་དེ་དག་ལ་རྒྱབ་སྐྱོར་གྱི་འཁྱོག་བཤད་ནི་རྙོག་གླེང་ཇེ་ཆེར་གཏོང་བྱེད་དུ་གྱུར་ཡོད། རབ་བྱུང་ན་སྐུ་མདུན་གྱིས་དེ་དོན་ལ་ཕྱག་མ་བཅང་ན་ཡག་ཁར། ནེའུ་ཡོག་གི་སྒེར་གཅོད་པ་ལ་དེ་བས་རྒྱབ་སྐྱོར་མ་གནང་ན། རྙོག་དྲ་འདི་ཚོགས་པ་སྒེར་བ་ཁག་ཅིག་གི་ཡིན་པས་གནས་ཚུལ་ཛ་དྲག་ཏུ་མི་འགྲོ་བར་ཕན་ངེས་ཁར། མ་འོངས་བའི་དྲང་བདེན་གྱི་བོད་ཅིག་བསྐྲུན་པར་ཕན་ངེས་རེད།

ཁག་ཅིག་གིས་ཚོགས་པ་ཁ་ཤས་ཀྱིས་བོད་མིའི་ཁེ་ཕན་རྩོད་ཡ་ཨང་དང་པོར་དེ་ཙམ་མི་འཛིན་པ། གཙོ་བོའི་ཚོགས་པ་སོ་སོའི་ཁེ་ཕན་རྩོད་ཡ་རེད་ཟེར་མཁན་དུ་མ་ཡོད་པས། བོད་རིགས་ཚོགས་པའི་རྒྱུན་ལས་ཞིག་གིས་དང་པོ་ནས་ཁོང་ཁྲོ་ལངས་ནས་རང་བཙན་པ་བཀག་འགོག་བྱེད་སྟངས་ལ་བལྟས་ན། སྒེར་འཁོན་བཟུང་བར་མངོན་པས། དྲང་བདེན་ལ་དགའ་མཁན་གྱི་བོད་པ་ཞིག་ཡིན་ན། ཁོ་ཚོའི་བར་དུ་ཕྱོགས་རིས་མ་གནང་བར་དྲང་བདེན་གྱི་སྐད་ཆ་བཤད་རྒྱུ་ནི་རྙོག་དྲ་ཞི་འཇམ་དུ་འགྲོ་རྒྱུའི་རྩ་བ་རེད་སྙམ།

རང་བཙན་དང་ཞི་འགྲིག་གི་སྐད་འབོད་མ་འཆམ་པས་བོད་མིའི་ནང་ཁུལ་དུ་རྩོད་རྙོག་བྱུང་བ་ཡིན་ན་དགོས་མེད་དུ་མཐོང་ཞིང་། མཐོང་དགོས་པའང་ད་ལྟའི་བོད་ཀྱི་འཐབ་ཇུས་དང་། ལངས་ཕྱོགས། འཆར་གཞི་སྒྲིག་སྟངས་ལ་བལྟས་པ་ཡིན་ན། རྒྱ་ནག་མང་གཙོ་མ་ཆགས་བར་དུ་བོད་ལ་དེ་ཙམ་རེ་བ་དཀོན་པས་ཡིན། ལྷག་པར་དུ་རང་བཙན་དང་ཞི་འགྲིག་ཅེས་བའི་སྐད་འབོད་ཙམ་ལ་དེ་ཙམ་ཕན་ནུས་མེད་པས། སྐད་འབོད་ཙམ་ང་ཚོས་ཧ་ཅང་གི་གནད་འགག་ཏུ་མཐོང་ནས། དེས་རྐྱེན་བྱས་ནས་ནང་ཁུལ་དུ་འཐབ་རྩོད་དང་། ལྷག་དོན་དུ་ཁྱོ་ཤི་ང་གསོན་གྱི་ལྟ་ཚུལ་བཟུང་བ་ནོར་བ་རེད། འཛིན་ས་ཡང་ནོར་བ་རེད།

རྒྱ་ནག་གིས་སྐད་ཆ་བཤད་འདོད་ཡོད་ན་ཚོགས་ཁག་ཅིག་དང་མི་ཁག་གི་ངོ་རྒོལ་ཙམ་སྣང་མེད་དུ་འཇོག་ངེས་རེད། ༢༠༡༤ ལོར་ཆེ་ཁིའི་སྲིད་འཛིན་གྱིས་ཧ་ཝལ་གྱི་རྩ་ཁྲིམས་ལ་འགྱུར་བ་བཏང་ཏེ། བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་ཐོག རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་སྐད་ཆ་བཤད་ཀྱི་མིན་ཚུལ་གྱིས་རྒྱ་ནག་དང་མཛའ་འབྲེལ་བཙུགས་སྐབས། ཆེ་ཁིའི་ས་ཡ་བརྒལ་བས་འདོད་པ་མེད་པའི་རྣམ་འགྱུར་དང་སྐྱོན་བརྗོད། ཁྲོམ་སྐོར་བྱེད་མཁན་བྱུང་ཡང་། ༨ ༢༨ ཉིན་འབྲེལ་བ་འཛུགས་ཆེད་དུ་གཞུང་གི་སྐུ་ཚབ་དང་ཚོང་དཔོན་བརྒྱ་ལྷག་ཆེ་ཁིའི་ནང་དུ་ཉིན་གཉིས་རིང་སླེབས་ཡོད། འབྲེལ་ལམ་དེ་ཡར་རྒྱས་གཏོང་ཆེད་དུ་ ༡༠ ༢༤ ཉིན་ཆེ་ཁིའི་སྲིད་འཛིན་དང་ཆབ་སྲིད་པ། ཚོང་དཔོན་དྲུག་བཅུ་ལྷག་རྒྱ་ནག་ཏུ་ཉིན་གསུམ་རིང་བསྐྱོད་ཅིང་། སྲིད་ཞིས་དང་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་ལ་གྲོས་ཆོད་བཀོད་ཡོད།

སྐབས་དེར་རྒྱ་ནག་གིས་ཆེ་ཁི་མི་མང་རྒྱ་ནག་དང་མཛའ་འབྲེལ་བཙུགས་པར་ལྷག་བསམ་རྣམ་དག་ཡིན་མིན་གྱི་སྐད་ཆ་མི་འདུག དེ་ལས་ལྡོག་སྟེ་རྒྱ་ནག་ལ་ཆེ་ཁིར་འབྲེལ་བ་འཛུགས་རྒྱུར་དགའ་བོ་ཡོད་ཚུལ་དང་། འབྲེལ་བ་དེས་རྒྱལ་ཁབ་གཉིས་ལ་ཕན་ཐོགས་ཚུལ་བརྗོད་འདུག
༡༡ ༡༧ ཉིན་གྱི་ཝ་ཝ་ཁྲིའི་གསར་བརྗེའི་ཉིན་མོ་སྟེ། ཆེ་ཁིའི་རྒྱལ་ཡོངས་ཀྱི་ཉིན་མོར་སྲིད་འཛིན་གྱི་གཏམ་བཤད་སྤེལ་སྐབས། མི་མང་འབུམ་ཁ་ཤས་ཀྱིས་སྲིད་འཛིན་བྱང་བུ་དམར་པོ་བསྟན་ནས་སྲིད་འཛིན་དགོངས་པ་ཞུ་྄བྱེད་དགོས་པའི་ངོ་རྒོལ་བྱས་ཤིང་། ཁག་ཅིག་གིས་བྱ་སྒོང་ཡང་གཡུགས་ཡོད། ཡིན་ཡང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏོར་མཁན་དང་། སྲིད་གཞུང་གི་ལངས་ཕྱོགས་ལ་རྒོལ་ཟེར་ནས་བྱ་སྒོང་གཡུག་མཁན་གཅིག་ཀྱང་འཛིན་བཟུང་བྱས་མེད་པ་མ་ཟད། ཉེན་རྟོག་པ་དང་སྐུ་སྲུང་བ་ཚོས་བྱ་སྒོང་གདུགས་ཀྱིས་བཀག་པ་ལས། གཡུག་མཁན་གཅིག་ཀྱང་བཟུང་མེད། དེ་ལ་ཡོ་རོབ་མི་ ༩༩% ཡིས་རྒྱབ་སྐྱོར་བྱས་ཤིང་། དེ་ནི་ཡོ་རོབ་ཀྱི་མང་གཙོའི་གཟི་བརྗིད་དུ་གླེང་འདུག

རྒྱ་ནག་གིས་ཀྱང་དེ་དོན་ལ་གླེང་མོལ་ཙམ་མེད་པར་འབྲེལ་བ་བཙུགས་ཁར། འབྲེལ་བ་རྒྱུན་གནས་ཐུབ་པར་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ། ཚོང་དང་ཚོང་མ་ཡིན་པ་སོགས་ཀྱིས་འབྲེལ་བ་འཛུགས་བཞིན་ཡོད། དེ་བཞིན་རྒྱལ་ཁབ་མང་པོར་འབྲེལ་བ་འཛུགས་བཞིན་ཡོད་པས། བོད་མི་ཁག་ཅིག་དང་ཚོགས་པ་ཁག་ཅིག་གིས་ལྟ་བ་ལོགས་སུ་བཟུང་བ། བོད་རྒྱའི་ཞི་མོལ་ལ་གནོད་པར་འགྱུར་བ་ཅི་ཞིག་ཡིན་ནམ། དེ་ནི་གྲོས་མོལ་བྱེད་འདོད་མེད་པས་རེད། བྱེད་དགོས་པ་ཞིག་ཏུ་མ་མཐོང་ཁར། བཙན་བྱོལ་བོད་མི་རྣམས་ཁ་ཐོར་དུ་གཏོང་རྒྱུའི་གཡོ་ཐབས་ཤིག་རེད།

རྒྱ་གར་གྱི་འཐབ་རྩོད་སྐབས་སུ་ཚོགས་པ་དུ་མ་ཡོད་ཁར། ལངས་ཕྱོགས་དང་། ལྷག་པར་དུ་འཐབ་རྩོད་ཀྱི་ཐབས་ལམ་འགལ་བར་གྱུར་ནས། ཞི་དྲག་གི་ཁྱད་པར་བྱུང་ཡོད། འོན་ཀྱང་། དེས་རྒྱ་གར་གྱི་འཐབ་རྩོད་ལ་ཕན་ལས་གནོད་བྱེད་དུ་གྱུར་མེད། ལྷོ་ཧྥུ་རི་ཁ་ཡིན་ཡང་། མི་རིགས་དཀར་པོའི་གཞུང་ཚོགས་པ་མི་འདྲ་བ་དུ་མ་དང་། ལྟ་ཚུལ་མི་འདྲ་བ་དུ་མ། ལྷག་པར་དུ་ཞི་དྲག་གཉིས་ཀྱི་ཐབས་ལམ་མི་འདྲ་བ་སྣ་ཚོགས་དང་། དྲག་པོ་ལ་མང་དུ་བརྟེན་ནས་རྩོད་ཡོད། འོན་ཀྱང་། དེས་ཁོང་ཚོའི་འཐབ་རྩོད་ལ་གནོད་མེད།

མི་གནོད་དགོས་དོན་ཡང་ཚོགས་པ་སོ་སོས་གསེ་རི་ཡ་ལྟར་འཐབ་རྩོད་ཀྱི་ཁ་ཕྱོགས་ནང་ཁུལ་དུ་མ་བཀོད་པར། འཐབ་ཡུལ་སྒེར་གཅོད་ཀྱི་གཞུང་ལ་བཀོད་པས་རེད། བོད་པ་ཚོ་ཡིན་ཡང་འཐབ་ཡུལ་རྒྱ་ནག་ལས་ནང་ཁུལ་དུ་མ་བཀོད་ན་ལེགས། བཀོད་པ་ཡིན་ན་གཉིས་ཀ་ལ་ཕན་ཐོགས་མེད་པས་ཡིན།

རྒྱལ་སྤྱི་དང་ཆབ་སྲིད་ཀྱི་འགྲོ་ཕྱོགས་རྨོངས་པའི་མི་སྣ་ཁག་ཅིག་གིས་དད་པ་ཁ་ལ་འཁྱེར་ནས། བླུན་རྨོངས་མང་ཚོགས་བེད་སྤྱོད་ཀྱིས་བོད་ཀྱི་སྤྱི་ཚོགས་ཁྲོད་རིན་ཐང་ཡོད་པའི་འདི་དག་ནག་པོ་བཟོས་ན། བོད་ཀྱི་གྱོང་གུད་དུ་འདོད། བཟོས་ཀྱང་ལས་སླ་བོར་མི་ཐུབ་པར་འདོད། གལ་སྲིད་དད་པ་བེད་སྤྱོད་བཏང་ནས་མེད་པ་བཟོས་པ་ཡིན་ན། མ་འོངས་བོད་འདི་འཇིག་པའི་དུས་ཤིག་ཤར་སྐབས། འཇིག་པ་ལུགས་མཐུན་ཡིན་ཚུལ་དང་། འཇིག་པར་དགའ་བ་སྒོམ་མཁན་གྱི་མ་འོངས་བའི་མི་རིགས་ཤིག་ཡོང་ངེས་རེད།

རྙོག་གླེང་འདི་སངས་བྱེད་དང་། ལྷག་མ་ཞིག་བཟོ་བྱེད་ཀྱི་ནུས་པ་ང་ཚོ་མི་མང་དཀྱུས་མ་ཚོར་མེད་ཅིང་། ནུས་པ་ཚང་མ་ཚོགས་པ་དེ་དག་གི་དབུ་ཁྲིད་ཚོ་དང་། བཙན་བྱོལ་གྱི་སྒྲིག་འཛུགས་ལ་ཡོད་པས། ཐག་གཅོད་ཅི་ལྟར་བྱེད་མིན་སྒུག་སྡོད་ཀྱི་གནས་རེད།།

མཐའ་དོན།

ཁ་ཡིས། ༼གཞུང་གི་ལམ་ཕྱོགས་གཏན་འབེབ་ལ་བསམ་འཆར་བཏོན་ཆོག ཁྱོད་གཞུང་དེའི་མངའ་འོག་ཏུ་འཚོ་བར་བྱ་ན། འོན་ཀྱང་། གཞུང་གི་ལམ་ཕྱོགས་དེའི་བྱེད་སྒོ་ལ་གཏོར་བརླག་བྱ་མི་རུང་། ཁྱོད་གཞུང་དེ་ལ་ཤ་ཚ་ན།༽ཟེར།

འདི་ནི་གོ་ནོར་ཐེབས་འདུག ནེའུ་ཡོག་གི་རང་བཙན་གྱི་སྐད་འབོད་ནི་གཞུང་གི་བྱེད་སྒོ་གཏོར་བརླགས་བཏང་བ་མ་རེད། གཏོར་བརླགས་བཏང་ཞེས་ན་ལུས་ཕུང་གིས་རྡུང་གཅོད་དང་། གཞུང་གི་ལས་ཁུངས་དང་ཚོང་ཁང་སོགས་མེ་བསྲེགས་བཏང་བའི་དོན་རེད། ནེའུ་ཡོག་གི་དེ་ནི་སྨྲ་བརྗོད་སྤྱད་ནས་སྐད་འབོད་བྱས་པ་ཙམ་རེད། སྐད་འབོད་བྱས་པ་གཏོར་སྐྱོན་དུ་འགྲེལ་ན། སྲིད་དབང་གཅིག་བསྡུ་རིང་ལུགས་པའི་ལྟ་བ་ལས་གཞན་མེད་དེ། མང་གཙོ་སྲིད་གཞུང་ཁག་ཏུ་ཆེད་མངགས་ཀྱིས་གཞུང་ལ་སྐྱོན་བརྗོད་མཁན་དང་། གཞུང་འཛིན་པ་དང་ལྟ་བ་ཐ་དད་འཛིན་མཁན་གྱི་ཕྱོགས་འགལ་ཚོགས་པ་ཡོད་པ་རེད། དེ་ལྟར་མིན་ན་གཞུང་གི་ལངས་ཕྱོགས་བེད་སྤྱོད་བྱས་ནས་ཐམས་ཅད་གཉའ་གནོན་བྱེད་པའི་ལུགས་སྲོལ་འབྱུང་བས་རེད། ཐ་ན་སྲིད་ལའང་བྱ་སྒོང་གཡུག་མཁན་ཡོད་པ་རེད། དེ་དག་ནི་གཏོར་སྐྱོན་ལ་ངོས་འཛིན་མི་བྱེད་དོ།

ཁ་ཡིས། ༼བཙན་བྱོལ་གཞུང་གི་གྲོས་གཏམ་ཐམས་ཅད་བརྙན་དང་བཅས་པ་གང་བསམ་བསམ་གྱིས་སྟོན་བཞིན་འདུག འདི་ནི་མང་གཙོ་བྱས་པས་ཡིན་ནམ་བརྙས་བཅོས་བྱས་པས་ཡིན་པ་ཧ་གོ་ཡི་མི་འདུག༽ ཟེར།

གནས་དངོས་གནས་ཚུལ་འདྲ་དཔར་དང་བཅས་ནས་དྲ་ཐོག་ཏུ་བཀྲམས་པར་བོད་གཞུང་བརྙས་བཅོས་སུ་འདོད་ན། གཅིག་བསྡུ་རིང་ལུགས་པའི་ལྟ་བ་ལས་གཞན་དུ་མེད། གཅིག་བསྡུ་རིང་ལུགས་པ་དག་གིས་གནས་ཚུལ་བྱུང་བ་ཁྱབ་སྤེལ་གཏོང་མཁན་འཛིན་བཟུང་བྱེད་ཀྱི་ཡོད། གལ་སྲིད་ཁྱེད་ཚོའི་ལག་ན་དབང་ཆ་དང་ཉེན་རྟོག་པ་ཡོད་ན། གནས་ཚུལ་བཀྲམས་པ་ཚང་མ་འཛིན་བཟུང་བྱེད་ངེས་རེད། དེ་ནི་ཀྲོས་ཝེ་ཆོན་གྱིས་བཤད་པ་ལྟར་མ་ཡིན་ནམ། བོད་ལ་རང་དབང་སྤྲད་པ་ཡིན་ན་ཧོང་གོང་དང་མི་འདྲ་བར་བསམ་བློའི་གནས་ཆད་ཞན་པས་སྐུ་དབང་ལམ་ལུགས་སུ་བསྐྱར་ལོག་བྱེད་ངེས་ཡིན་པས། བོད་ལ་ད་ལྟ་རྒྱ་ནག་གིས་བཟུང་བའི་སྲིད་ཇུས་ནི་ཡང་དག་པ་ཡིན་ཚུལ་བརྗོད་པའི་བདེན་དཔང་དུ་གྱུར་པ་མ་ལེགས་སམ།

ཁ་ཡིས། ༼མང་གཙོ་ཟེར་བ་དེ་ནི་རང་ཉིད་ལ་རང་ཚུགས་སྤྱི་ཚོགས་ཤིག་ཡོད་པའི་རྗེས་སུ་ད་གཟོད་གཞི་དེའི་ཐོག་ནས་རྩོད་ལེན་བྱ་དགོས་པ་ཞིག་ཡིན།༽ ཟེར།

ལུང་པ་བརླགས་ཟིན་པ་ཚོས་མང་གཙོ་མི་རྩོད་ཟེར་བ་ནི་དོང་ནང་གི་སྐད་ཆ་ཞིག་ལས། བྷོ་གཟི་ནུས་ཡ་སོགས་ཤར་ལྷོ་ཡོ་རོབ་ཀྱི་རྒྱལ་ཁབ་མང་ཤོས་དང་། ཡོ་རོབ་ཤར་མ་ཕལ་ཆེར་བས་མང་གཙོ་དང་བདག་དབང་འདྲ་མཉམ་གྱིས་བརྩད་ནས་ཐོབ་ཡོད། དེ་དག་གི་ལོ་རྒྱུས་ལ་གཟིགས་དང་མཁྱེན་ངེས་རེད།།

བསམ་ཚུལ།

Post navigation

Previous Post: རིན་ཆེན་རིལ་བུ་ཉོ་ཐུབ་མ་སོང་།
Next Post: སྐབས་༡༥ གྲོས་ཚོགས་ཚོགས་དུས་༩ ༼ཉིན་བཞི་པ།༽

Comments (5) on “གསལ་བཤད་ཅིག་དང་མང་གཙོ།”

  1. ཅོ་རི་ཉི་མ། says:
    2015-03-19 at 8:04 am

    མཁས་དབང་ཨ་ནུ་ཐང་བསོད་ནགས་ལགས་ཀྱིས་ཡག་པོ་གསུངས་བྱུང་། དགའ་པོ་བྱུང་། ཐུགས་རྗེ་ཆེ

  2. ཀརྡོ་གཉེར་ཕྱག་པ་ says:
    2015-03-19 at 9:24 am

    ད་ལྟ་ཀློག་ཁོམ་མ་བྱུང་། ཡིན་ན་ཡང་། ཨ་ནུ་དང་། ཅོ་ཅོ་རི་གཉིས་འཛོམས་ཚར་སོང་། ཨ་ཁ་ཁ། སང་ཉིན་ཀློག་ཁོམ་བྱུང་རེ་ཡོད།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-03-19 at 11:14 am

    བོད་པ་རྗེས་ལུས་དང་། ཞབས་འདྲེན་འདི་ན་འདུག ལན་ཅིག་གཟིགས་དང་།
    https://www.facebook.com/video.php?v=10205406382752581&set=vb.1639964546&type=2&theater

  4. ཀརྡོ་གཉེར་ཕྱག་པ་ says:
    2015-03-20 at 1:16 am

    དུས་རྒྱུན་ཁ་བརྡར་ཅོ་རི་དང་ཨ་ནུ་གཉིས་ལ། ངས་དགག་བཞག་མང་པོ་བྱས་མྱོང་ཡང་། གསལ་བཤད་ཅིག་དང་མང་གཙོ། ཞེས་པའི་ཨ་ནུ་ཐང་བསོད་ནམས་ལགས་ཀྱིས། བྲིས་པའི་ཆེད་རྩོམ་འདི་ལ། དགག་པ་མེད་ལ། རྒྱབ་སྐྱོར་ཡང་ཡོད་གདའ།

  5. ཨ་ནུ་ཐང་བསོད་ནམས། says:
    2015-03-21 at 12:42 pm

    ནོར་བཅོས། རྒྱ་ནག་གི་ཆབ་སྲིད་པ་དང་ཚོང་པའི་སྐུ་ཚབ་ལྔ་བརྒྱ་ཆེ་ཁའི་ནང་དུ་འབྱོར་འདུག གོང་དུ་ལྔ་ཆད་སྐྱོན་བྱུང་འདུག་པས་ཁ་གསབ་ཀྱིས་བསྐུར་བ་ཡིན། ཆད་སྐྱོན་བྱུང་བ་ཀློག་མཁན་རྣམ་ལ་དགོངས་དག་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme