Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསལ་བཤད་ཁ་གསལ་གཏིང་གསལ།

Posted on 2012-11-082012-11-08 By ཁ་བརྡ་ 1 Comment on གསལ་བཤད་ཁ་གསལ་གཏིང་གསལ།

ལུང་རྟོགས།

བོད་ཀྱི་རང་དབང་དང་ཐོབ་ཐང་ནི་མ་འོངས་པའི་མི་རིགས་འདིའི་ཤ་རྒྱུད་ཁྲག་རྒྱུད་ལས་བྱུང་བའི་མི་བུ་ས་ཡ་མང་པོའི་བདེ་སྐྱིད་ཀྱི་འབྱུང་རྩ་ངོ་མ་དེ་རེད་ལ། བོད་ཀྱི་ཆོས་དང་རིག་གཞུང་འདིས་བོད་མི་ས་ཡ་དྲུག་དང་། དེ་ལས་ཀྱང་རྒྱ་བསྐྱེད་ན་འཛམ་གླིང་མི་མང་དུང་ཕྱུར་མང་པོ་ལ་ཕན་བདེ་བསྒྲུབ་ཐུབ་པའི་ཡིད་ཆེས་ཡོད། དེས་ན་ང་ལ་བོད་གངས་ཅན་པའི་རང་དབང་དང་ཐོབ་ཐང་། རྩ་ཆེའི་ཆོས་དང་རིག་གཞུང་ཆེད་དུ་རང་ལུས་མེར་བསྲེགས་གཏོང་ནུས་པའི་བློ་སྟོབས་མི་འདུག་ཀྱང་། འདི་དག་གི་དོན་དུ་རང་སྲོག་ཤོར་རུང་འགྱོད་སེམས་གཏན་ནས་སྐྱེ་མི་སྲིད། རྒྱུ་མཚན་དེའི་ཕྱིར་ན་ངས་འདས་དུས་ཀྱི་དྲ་ལམ་ལ་ཞུགས་པའི་ལོ་ཤས་དེའི་རིང་ལ་དྲ་རྒྱའི་ནང་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་བོད་དོན་ལས་འགུལ་གང་ཤེས་གང་ནུས་རེ་སྤེལ་བ་ཡིན་ལ། ལྡོག་ཕྱོགས་ཀྱི་ལྟ་ཚུལ་འཛིན་མཁན་ཏེ་དཔེར་ན་བོད་ནང་གི་བོད་དོན་ཆེད་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་འཚེ་བ་ཡིན་པ་དང་། མཚམས་འཇོག་བྱེད་དགོས་པར་བཤད་མཁན་ཚོར་ཁ་རྩོད་ཡང་གང་མང་ཞིག་བྱས་པ་ཡིན། ངས་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ལུས་ཀྱི་ན་ཚ་དང་། ཤུལ་ལུས་ཕ་མ་སྤུན་མཆེད་ཚོའི་སེམས་ཀྱི་སྡུག་བསྔལ་མ་རྟོགས་པ་མིན་ལ། ངའི་སེམས་ལ་ཡང་མེ་སྲེག་ལས་འགུལ་མཚམས་འཇོག་དགོས་པར་བཤད་མཁན་ཁྱེད་ཚོ་ལས་མ་ཆེ་ཡང་མི་ཆུང་བའི་ན་ཟུག་ཡོད། འོན་ཀྱང་ཁོང་ཚོའི་བློས་བཏང་འདི་ནི་རྩྭ་ས་རྩོད་གླེང་ངམ་ཕུ་ནུ་ནང་འཛིང་ལྟ་བུ་དོན་ཆུང་ཞིག་གི་ཆེད་དུ་མ་ཡིན་པར། བོད་མི་ས་ཡ་དྲུག་གི་རང་དབང་དང་དམངས་གཙོ་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དང་། བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་མི་རིགས་བཅས་པའི་འཚོ་གནས་ཀྱི་ཆེད་དུ་ཡིན་པས། ང་དང་ང་ལྟ་བུ་དག་ལ་ཁོང་ཚོའི་རྗེས་སུ་རང་ལུས་མེར་སྲེག་གཏོང་ནུས་པའི་སྙིང་སྟོབས་མེད་ཀྱང་། ཁོང་ཚོའི་རླབས་ཆེ་བའི་ལས་འགུལ་འདི་ལ་རྗེས་སུ་ཡི་རང་ཞུ་བ་ལས་བཀག་འགོག་བྱེད་རྒྱུའི་ཐོབ་ཐང་དང་འོས་བབ་གཉིས་ཀ་མེད་པའི་ལྟ་ཚུལ་བཟུང་ཡོད། ཁོང་ཚོའི་བློས་བཏང་འདི་ལ་ཁོང་ཚོའི་འབོད་ཚིག་ནང་གསལ་བ་ལྟ་བུའི་གྲུབ་འབྲས་ཤིག་ཐོབ་སོང་ན་བཤད་མ་དགོས། གལ་ཏེ་གྲུབ་འབྲས་གང་ཡང་མ་ཐོབ་ཀྱང་ཁོང་ཚོས་ཚེ་སྲོག་གཏོང་འོས་པ་ཞིག་གི་ཆེད་དུ་བཏང་བ་ལས་མི་འོས་པ་ཞིག་གི་ཆེད་དུ་བཏང་བ་མིན་པས་ཚེ་སྲོག་འཕྲོ་བརླག་ཏུ་སོང་བ་ཞིག་ལ་ནམ་ཡང་ངོས་འཛིན་བྱེད་ཀྱི་མེད། ངས་འདི་ལྟར་བཤད་པ་ནི་བོད་དོན་དཀའ་རྙོག་སེལ་བའི་ཐབས་ལམ་གཞན་གང་ཡང་བསྟན་རྒྱུ་མེད་པའམ་ནུས་མེད་ཀྱི་ཐབས་ལམ་རེ་བཤད་ནས། རང་ལུས་མེར་བསྲེགས་ཀྱི་རླབས་ཆེ་བའི་ལས་འགུལ་འདི་མཚམས་འཇོག་དགོས་རབས་བཤད་མཁན་དག་ལ། ཁྱེད་ཚོ་ལ་དེ་ལྟར་བཤད་རྒྱུའི་ཐོབ་ཐང་དང་འོས་བབ་མེད་ཅེས་རྒོལ་བ་ཡིན་གྱི། ལས་འགུལ་འདི་མུ་མཐུད་དགོས་པའི་སྐུལ་མ་བྱས་པ་གཏན་ནས་མིན་པས་གོ་བ་མ་ལོག་པ་གྱིས། གཞན་ཡང་༧གོང་ས་མཆོག་ལ་ཟུར་ཟ་དང་སྐུར་འདེབས་བྱེད་མཁན་དང་། བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་སོགས་རང་གཞུང་གི་གནད་ཡོད་མི་སྣར་རྒྱུ་མཚན་མེད་པའི་སྐྱོན་འཛུགས་དང་སྒྲོ་སྐུར་བྱེད་མཁན་ཚོ་ལ་ཡང་ཁ་རྩོད་དང་ཐ་ན་ཚིག་ངན་རེ་ཟུང་ཡང་བེད་སྤྱོད་བྱས་པ་ཡིན། འོན་ཀྱང་འདི་ཐམས་ཅད་རང་ཉིད་ཀྱི་ཤ་ཁྲག་གང་ལས་མཆེད་པའི་བོད་གངས་ཅན་ཞེས་པའི་རྒྱལ་ཁབ་འདི་ལ་དགའ་ཞེན་དང་། འདི་ལ་རང་དབང་ཞིག་ཐོབ་པའི་རེ་བ་དང་སེམས་ཤུགས། བོད་འབངས་དཀྱུས་མ་ཞིག་གིས་རང་གི་གཞུང་དང་དབུ་ཁྲིད་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ལས་འགན་དུ་བསམ་ནས་བྱས་པ་ལས། ང་གཞུང་གི་ལས་བྱེད་པ་ལྟ་བུའམ་སྲིད་སྐྱོང་སོགས་གཞུང་གི་གནད་ཡོད་མི་སྣ་དག་དང་སྒེར་གྱི་འབྲེལ་བ་གང་ཡང་མེད་ལ། ཁ་རྩོད་བྱེད་སའི་དྲ་གྲོགས་ཚོ་དང་ཡང་སྒེར་གྱི་ཞེ་འཁོན་རྩོད་རྒྱུ་ཅི་ཡང་མེད་ཅིང་། ཆོས་རྒྱུད་དང་ཆོལ་ཁ་སོགས་ཀྱི་ཕྱོགས་ཞེན་བྱས་བཞག་པ་གཏན་ནས་མེད་ཅེས། རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས་ངས་དྲ་གྲོགས་ཚོར་ཐེ་ཚོམ་གང་ཡང་མེད་པར་ཞུ་སྤོབས།

སྣ་ཚོགས།

Post navigation

Previous Post: མེར་བསྲེགས་ཀྱི་དཔའ་བོ་དཔའ་མོ།
Next Post: བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་བསྲིངས་པའི་འཕྲིན།

Comment (1) on “གསལ་བཤད་ཁ་གསལ་གཏིང་གསལ།”

  1. མེ་ཏོག་དཀར་པོ says:
    2012-11-08 at 11:53 am

    “བོད་འབངས་དཀྱུས་མ་ཞིག་གིས་རང་གི་གཞུང་དང་དབུ་ཁྲིད་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ལས་འགན་དུ་བསམ” དེ་ལོས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme