Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འབྱོར་བ་ཚོའི་ཁ་སྟབས།

Posted on 2008-09-20 By དབང་ཕྱུག་ 4 Comments on གསར་འབྱོར་བ་ཚོའི་ཁ་སྟབས།

བཙུན་ཐར་ཚེ་རིང༌།

བགྲང་བྱ་བཅུ་ཡི་ཡར་སྔོན་དུ། ངས་མི་རིགས་ཀྱི་ལོ་རྒྱུས་ཤེས་ཀྱི་མེད་ལ། ཆབ་སྲིད་ནི་དེ་བས་ཤེས་ཀྱི་མེད། ཡིན་ནའང༌། སེམས་ཀྱི་འགྱུ་ཕྱོགས་དེ་ཁ་ཕྱོགས་ཤིག་ཏུ་ངོས་འཛིན་བྱས་ཏེ། རི་ལུང་ཐང་གསུམ་དང་གཙང་ཆུ་བཅུ་གྲངས་བརྒལ་ནས་ས་མཐའ་འདིར་སླེབས། གདོང་སེར་ཀ་དང་རྐང་རྨ་རྣག་གིས་གང་སྟེ། ངུ་ཞོར་དང་འགྱེལ་ཞོར་གཉིས་འདྲེས་ཀྱི་མུ་ནས་ས་མཐར་འབྱོར། ས་མཐའ་ནས་སྐྱབས་མགོན་ཆེན་པོས་ཕྱག་དབང་དྲོན་པོ་མགོ་ལ་བཞག་ཅིང༌། གསུང་སྐད་སྙན་མོ་རྣ་བར་བསྒྲག འདི་ནི་ས་མཐར་འཁྱམས་པའི་ལག་ཡོང་ཡིན་ལ། མི་ཚེ་གཅིག་གི་རིན་ཐང་ཡང་ཡིན།
ས་མཐར་འབྱོར་བའི་གོམ་རིམ་གཉིས་པ་དེ། སློབ་གྲྭར་བསྐྱོད་ཅིང༌། སློབ་གྲྭ་ནས་སྒྲིག་གཞི་སོ་གཉིས་ཀྱི་ཆ་རྐྱེན་དང་སྐལ་བ་གནང་སོང༌། སྒྲིག་གཞི་སོ་གཉིས་འདི་ལྗིད་དྲགས་པས། ས་མཐའ་འདི་ནས་མགོ་བོ་ནམ་མཁར་འགྱོགས་ཐུབ་མ་སོང། ལྷག་པར་སྤྱི་ཚོགས་དང་ཁོར་ཡུག གནམ་གཤིས་སོགས་ཀྱིས་ཀྱང་སུན་སྣང་དེར་རམ་འདེགས་དང་སྣོན་མ་བྱས། ཡིན་ནའང༌། ངས་མུ་མཐུད་གོ་སྐབས་དེ་དམ་འཛིན་དང༌། སྒྲིག་གཞི་དེ་མི་ཐེག་བཞིན་དུ་འཁུར་ནས་ཨུ་ཚུགས་བྱས་ནས་བསྡད། ལོ་ངོ་གསུམ་གྱི་དུས་ཚོད་ཟད་པ་དང་མཉམ། འདྲ་མཉམ་དང་དམངས་གཙོ། ཞི་བདེ། སློབ་སྦྱོང་སོགས་ཀྱི་ཆེད། ཕ་ཡུལ་གྱི་གཞོན་སྐྱེས་བར་ལྡིང་བ་རྣམས་ཀྱི་མདུན་ལམ་དེ་ས་མཐའ་འདི་ན་ཡོད་པ་དང༌། ཁོང་ཚོ་འདིར་སླེབས་དགོས་པ་དང་དེའི་དོན་སྙིང་ཤེས་ཐུབ་པར་གྱུར།
གསར་འབྱོར་ཚོ་ནི་སྤྱི་ཚོགས་འདིའི་འཕྱ་དམོད་དང་མཐོང་ཆུང་བྱ་ཡུལ་ཡིན་ནའང༌། གསར་འབྱོར་ཚོས་ནི་འཚོ་བ་ངན་ངོན་ནས་མགོ་བཙུགས་ཏེ། ཕུགས་བསམ་དང་བསམ་གཞིགས་ཀྱི་རི་ལུང་བརྒལ་སྟངས་འདིས། གནས་འདི་ནི་གོ་སྐབས་ཤིག་དང་སྐལ་བ་ཞིག་བརྩོན་ལེན་བྱེད་ཡུལ་ཡིན་པ་དེ་གསར་འབྱོར་ཚཔའི་སེམས་རྟེན་དུ་གྱུར། གང་ལྟར། ང་དང་ང་ལྟ་བུའི་གསར་འབྱོར་ཚོའི་འཚོ་བ་ལ་རྩ་བའི་འགྱུར་བ་ཅང་སོང་མེད་ནའང༌། ངའི་གཡས་གཡོན་གྱི་ཁང་རྩེག་དེ་ཚོ་ཇེ་མཐོ་ནས་ཇེ་མཐོར་གྱུར།
གཅིག་ཐང་ན། གསར་འབྱོར་ཚོར་སྐུ་ངོ་ཚོའི་ཁང་རྩེག་ནས་ཁང་བ་གླ་གཡར་བྱ་རྒྱུའི་གོ་སྐབས་རེའང་ཐོབ་སྲིད། འདི་ལྟར་བསམ་བློ་གཏོང་ཐེངས་རེར། རང་ཉིད་ཀྱིས་རང་ཉིད་ལ་ལེ་བདའ་དང༌། དྲི་བ་གང་མང་འདྲི་དགོས་བྱུང༌། མཐའ་མའི་དྲིས་ལན་ནི་ངས་རྙེད་མ་སོང༌། འདི་ནི་གསར་འབྱོར་བ་ཚོའི་ལས་དབང་གཅིག་པུ་མ་རེད། ང་ཚོ་སྟེ། སྐྱབས་བཅོལ་བ་སྔ་རྗེས་གཉིས་ཀའི་ཁ་སྟབས་རེད། གཅིག་ཐང་ན། གསར་འབྱོར་བ་ཚོས་ཀྱང་རྗེས་མར་ཁང་རྩེག་སློང་སྲིད། དེ་དུས་སླར་ཡང་ང་ཚོ་ནི་གསར་འབྱོར་བ་ཚོས། སེམས་ཤུགས་མི་འདུག རྒྱལ་ཞེན་མི་འདུག ཕ་ཡུལ་བརྗེད་འདུག་ཟེར་སའི་བྱ་བའི་ཡུལ་ཆགས་ངེས།
ས་མཐར་བུད་པ་ནས། གཡས་གཡོན་ན། ཕ་མ་མེད་ལ། རྒྱབ་མདུན་ན་སྤུན་མཆེད་ཀྱང་མེད། ང་ལ་མཚོན་ན་ཅྀ་ཡང་མེད་པའི་གསར་འབྱོར་བ་ཉམ་ཆུང་ཞིག་སྟེ། ཐ་ན་སྐུ་ངོ་ཚོར་ལྕེ་སྣར་དང༌། མགོ་སྒུར་སྒུར་བྱེད་དགོས་པའི་སྡེ་བ་གཞུང་གི་འགྲོ་ལུགས་འདུག་སྟངས་ཙམ་ལའང་བྱང་ཆ་མེད། ཞེ་ས་ཚིག་གཅིག་ཀྱང་རྒྱག་མི་ཤེས་པའི་སྐབས་དེར། ང་ནི་ཧིན་སྒོར་ཉིས་བརྒྱའི་མ་རྩ་ཅན་གྱི་ཟས་རིགས་ཚོང་གཉེར་བ་ཞིག་སྟེ། ཉིན་རེའི་ལྟོ་ཕུད་པ་ཙམ་གྱི་ཆེད་དུ། ཡར་མར་འདུར་རྒྱུགས་ཀྱིས་བྲེལ་བའི་གསར་འབྱོར་བ་སྤྲང་བོ་ཞིག་ཡིན། འདི་ནི་བདག་གི་བཙནབྱོལ་གྱི་མི་ཚེའི་ལེའུ་ཐུང་ཐུང་ཞིག་སྟེ། གནས་སྟངས་འདི་ནས་གསར་འབྱོར་བ་ཚོས་འཚོལ་སྙེགས་ཀྱི་ལམ་བུ་དེད། དེད་དེད་པའི་དེ་རིང༌། གསར་འབྱོར་བ་ཚོས་རིག་གཞུང་གླེང༌། ཆབ་སྲིད་གླེང༌། དཔལ་འབྱོར་གླེང༌། ཚོང་ལས་གླེང༌། གསར་འབྱོར་བ་ཚོས་རྒྱལ་ཁབ་ཀྱི་བདག་དབང་གླེང༌། གསར་འབྱོར་བ་ཚོ་ནི་སྤྱི་ཚོགས་འདིའི་མ་རྩ་ཡག་ཤོས་སུ་གྱུར། འདི་ནི་གསར་འབྱོར་བ་ཚོའི་རྐང་རྗེས་གྲས་ཀྱི་གཅིག་རེད།

སྣ་ཚོགས།

Post navigation

Previous Post: ངའི་སེམས་སྐྱིད་པོ་མི་འདུག
Next Post: དྲང་སྲོང་རྒྱང་གླུ།

Comments (4) on “གསར་འབྱོར་བ་ཚོའི་ཁ་སྟབས།”

  1. མགོན་པོ་ཕྱག་གཉིས་པ། says:
    2008-09-20 at 9:48 am

    གསར་འབྱོར་བ་ཚོའི་བརྒྱུད་བཞིན་པའི་ལམ་དེ་ལས་རྩུབ་ཅིག་རྙིང་འབྱོར་བ་ཚོས་བརྒྱུད་ཚར།
    གསར་འབྱོར་བ་ཚོས་མྱོང་བཞིན་པའི་འཚོ་བའི་དཀའ་ངལ་དེའི་མང་ཞིག་རྙིང་འབྱོར་བ་ཚོས་མྱངས་ཚར།
    གསར་འབྱོར་བ་ཚོས་གཞི་ནས་གླེང་བཞིན་པའི་སྐད་ཆ་དེ་ཚོ་རྙིང་འབྱོར་བ་ཚོས་ལོ་ལྔ་བཅུའི་རིང་གླེང་ཡོང་། ད་རུང་ཡང་གླེང་བཞིན་ཡོད། གསར་འབྱོར་བ་ཚོའི་སེམས་ལ་ཡང་མ་ཤར་བའི་བོད་དོན་ལྟེ་གནས་མང་པོ་ཞིག་རྙིང་འབྱོར་བ་ཚོས་བཙུགས་ཚར། རྙིང་འབྱོར་བ་ཚོས་གསར་འབྱོར་བ་ཚོ་ཡོང་ན་སྡོད་ས། ཟ་ས། སློབ་ས། ལས་ཀ་བྱེད་སའི་གཞི་རྟེན་ཞིག་ཀྱང་སྔ་ས་ནས་བཏིང་ཚར། རྙིང་འབྱོར་བ་ཚོས་ད་ལྟ་བར་དུ་བོད་དོན་འཐབ་རྩོད་རྩ་ནས་མཚམས་འཇོག་བྱེད་མྱོང་མེད། བོད་དོན་འཐབ་རྩད་ཀྱི་ཞོར་དུ་ཁྲག་དང་རྔུལ་ཆུ་ལ་བརྟེན་ནས་རང་དང་བུ་ཕྲུག་ཚོའི་ཆེད་རང་སོ་སོའི་འཚོ་བའི་རྨང་གཞི་ཡང་བརྟན་པོར་བཙུགས་ཡོད། ཁོ་ཚོས་མི་ཡུལ་ཞིག་ཏུ་ཕལ་ཆེར་རྒྱལ་ཁབ་ཅིག་ལ་དགོས་པའི་ཆ་རྐྱེན་ཚང་མ་བཟོས་ཚར། རང་ཉིད་རྒས་ཕྱིན་ན་ཡང་མི་རབས་རྗེས་མ་ཚོའི་བློ་རྒྱུད་ལ་སེམས་ཤུགས་གསར་པ་གསར་རྐྱང་ཞིག་བཞག་ཡོད། ད་ང་ཚོས་རྙིང་འབྱོར་བ་ཚོར་དྲིན་གཟོའི་གཏང་རགས་ཤིག་འབུལ་དགོས་པ་མ་ཡིན་ནམ། གསར་འབྱོར་བ་ཚོའི་སེམས་ཤུགས་དེ་ངས་ད་རུང་སེམས་ཤུགས་ལ་བརྩི་གི་མིན། དེ་ད་རུང་ཨ་གསར་རེད། ཨ་གསར་རྟ་ལས་མགྱོགས་པ་དང་གཞུ་གུ་ལུག་ལས་ཐུང་བ་ཞིག་མིན་པའི་སྨོན་ལམ་རྒྱག་གི་ཡོད། ལོ་བཅུ་ཕྱིན་ཚར་བའི་རྗེས་ཀྱི་སེམས་ཤུགས་དེ་ཕལ་ཆེར་སེམས་ཤུགས་སུ་བརྩིས་ན་ཕལ་ཆེར་མ་འགྲིགས་པ་མི་འདུག

  2. མགོན་པོ་ཕྱག་གཉིས་པ། says:
    2008-09-20 at 9:55 am

    གསར་འབྱོར་བ་ཚོའི་ཁ་སྟོབས་འདིའང་ཁ་སྟོབས་ཤིག་གམ་ཁ་བཤད་སྟོང་བ་ཞིག་ཡིན་བསམ་བློ་གཏོང་དགོས་ཀྱི་འདུག

  3. Gedun says:
    2008-09-20 at 10:55 am

    ངས་གསར་འབྱོར་བ་ཚོ་ལ་སྐད་ཆ་གཅིག་བཤད་ན་འདོད། ང་ཚོ་ནི་འགྲོ་བ་མི་ཞིག་ཡིན། ཕོ་ལོ་བཅོ་ལྔ་སླེབས་དུས་བློ་ཕ་ལ་མི་འདྲི་ཟེར་བ་རེད། མོ་ལོ་བཅོ་ལྔ་སླེབས་དུས་ཟས་མ་ལ་མི་སློང་ཟེར་བ་རེད། རང་གི་ལྟོ་གོས་རང་གིས་འཁྱོལ་དགོས་པ་འདི་མི་ཞིག་གིས་ཐོག་མར་བྱེད་དགོས་པ་དེ་རེད། འདི་གཞུང་ལ་རེ་དགོས་པ་ཞིག་ཨེ་ཡིན། དེ་ལས་ཀྱང་གཞུང་ལ་འཁང་ར་བྱེད་དགོས་པ་ཞིག་ཨེ་ཡིན། ལས་ཀ་ལ་བཟང་ངན་ཡོད་མ་རེད། འཛམ་གླིང་གི་མི་གྲགས་ཆེན་ཚོའི་ལོ་རྒྱུས་ལ་ལྟོས་དང་། དེ་ཚོས་ཀྱང་ལས་ཀ་ལ་བཟང་ངན་གྱི་དབྱེ་བ་ཕྱེས་མི་འདུག དོན་གྱི་གཙོ་བོ་ནི། དྲིན་ཆེན་ཚོ། རང་གི་ལྟོ་གོས་ཀྱི་ཆེད་དུ་གཞུང་དང་སྤྱི་པ་ལ་རེ་ལྟོས་དང་ངུ་ངག་མ་འདོན་རོགས།

  4. མེ་རི says:
    2008-09-20 at 11:23 am

    ཨ་རི་སྲིད་འཛིན་ཁེ་ནེ་ཌས J F K སྐད་གྲགས་ཡོད་པའི་གསུངས་ཚིག་ཅིག་སྟེ། ” རྒྱལ་ཁབ་ཀྱིས་ཁྱེད་རང་ལ་ག་རེད་བྱེད་ཐབས་མིན་མ་འདྲི་རོགས། ཁྱེད་རང་གིས་རྒྱལ་ཁབ་ཆེད་ག་རེ་བྱེད་ཐབས་མིན་འདྲི་རོགས།”
    “Ask not what your Country can do for you. Ask what you can do for your Country”. ( by John F. Kennedy, January 20th, 1961. )

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme