Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགྱུར།

Posted on 2009-02-252009-02-25 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 6 Comments on གསར་འགྱུར།

རིགས་ཀྱི་བུ།
དེ་རིང་ང་ལ་ཁ་པར་སླེབས་ནས་གནས་ཚུལ་གོ་ཐོས་ལྟར་ན། སིད་སུ་རུ་གནས་སྡོད་བོད་པའི་ཨ་ཅག་ལགས་ཞིག་གིས་ལོ་གསར་གྱི་སྐབས་དང་བསྟུན་ནས་གཞས་སྣའི་དགོང་ཚོགས་ཤིག་བཀོད་སྒྲིག་བྱེད་གིན་ཡོད་པ་མ་ཟད་དགོང་ཚོགས་ཀྱི་སྤ་སེ་ཡང་ཟླ་བ་གཅིག་གཉིས་ཀྱི་སྔོན་ནས་བཙོང་ཚར་འདུག་ཟེར། ལོ་སྔོན་མར་ཡང་ཨ་ཅག་ལགས་དེས་བཀོད་སྒྲིག་འོག་བཙན་བྱོལ་ནང་གི་གཞས་བ་མི་ཉུང་བ་ཞིག་སྐད་བཏང་ནས་ལོ་གསར་དགོང་ཚོགས་འཁྲུག་པོ་ཞིག་ཚོགས་སོང་ཟེར། དགོང་ཚོགས་དེ་ཡོང་རྒྱུའི་ཚེས་ཉེར་བརྒྱད་སྟེ་གཟའ་སྤེན་པའི་ཉིན་དང་འཁེལ་འདུག་ཟེར། སིད་སུ་རུ་གནས་སྡོད་བོད་མི་ཚོའི་ནང་ན་སྤྲོ་ཚོགས་དེ་ལ་འགྲོ་གི་ཡིན་ཟེར་མཁན་གྱི་རིགས་གཅིག་དང་འགྲོ་གི་མིན་ཟེར་མཁན་གྱི་རིགས་གཅིག་བཅས་གཉིས་འདུག་ཟེར་ལ།
འགྲོ་གི་མིན་ཟེར་མཁན་རིགས་ཀྱིས་། ད་ལོ་ང་ཚོས་ལོ་གསར་གཏོང་གི་མེད་བཞིན་དུ་གལ་སྲིད་གཞས་སྣ་དེ་འདྲ་བཀོད་སྒྲིག་བྱས་ན། གཞས་གཏོང་སར་སོང་ནས་སྐད་འབོད་བྱེད་ཀྱི་ཡིནལབ་ཀྱི་འདུག་ཟེར། གང་ལྟར། ད་ལྟ་ཨ་ཅག་ལགས་དེས་གཞས་སྣ་བཀོད་སྒྲིག་དེ་ཕྱིར་འཐེན་བྱས་མེད་པ་འདྲ།

གསར་འགྱུར།

Post navigation

Previous Post: ༧གོང་ས་མཆོག་གིས་ལོ་གསར་ལ་འཚམས་འདྲི་གནང་བ།
Next Post: ནིའུ་ཡོག་དུས་བབ་དང་རེབ་གོང་།

Comments (6) on “གསར་འགྱུར།”

  1. གཞིས་ལུས་བོད་པ། says:
    2009-02-25 at 10:14 pm

    ན་ནིང ་༣.༡༤དུས་སུ་སུད་སི་ན་བུ་མོ་གཉིས་ཀ་བསྡད་ཡོད་ཟེར་བའི་ལྷ་སའི་རྒད་པོ་ཞིག་གིས་༣.༡༤ལ་སྐྱོན་བརྗོད་བྱས་ཏེ་CCTVབརྙན་འཕྲིན་ཁང་ནས་བསྒྲགས་བྱུང་། དེ་དུས་ང་ཧ་ལས་སོང་། དེས་ན་སུད་སིར་སྡོད་མཁན་ཚོའི་བོད་མིའི་ནང་ནའང་མི་སྣ་ཚོགས་ཡོད་འདུག་སྙམ། རྒད་པོ་དེའི་མིང་ད་ལྟ་ངས་མ་དྲན་ཐལ།

  2. ཀླུ་སྨྱོན། says:
    2009-02-26 at 12:12 am

    ས་གནས་འདིའི་བོད་པ་ཚོ་དང་ངེད་ཆོས་ཚོགས་ཀྱི་ཕྱི་རྒྱལ་དད་ལྡན་པ་དག་མཉམ་པོར་ང་ཚོའི་ལྷ་ཁང་དུ་འཚོགས་ནས་ཤི་གསོན་གཉིས་ཀྱི་ཆེད་དུ་སྨོན་ལམ་བཏོན་ཚར་ནས་ད་སོ་མ་ཤོད་དུ་བབས་ཏེ་གསོལ་ཇ་རེ་མཆོད་བཞིན་པའི་སྒང་ཡིན།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2009-02-26 at 5:26 am

    རང་གི་ལྟོ་ལས་གལ་ཆེན་དུ་མེད་པར་འདོད་མཁན་དག་ནི་གང་དུ་སོང་ཡང་རང་ཉིད་ལ་བོད་ཀྱི་ལུས་ཤིག་ཡོད་པ་དང་ལུས་དེ་དང་འགྲོག་ནས་བོད་ལ་འགན་ཞིག་ལེན་དགོས་པ་མི་ཤེས་མཁན་དེ་དག་ནི་གང་དུ་སོང་ཡང་། དེ་འདྲ་ཞིག་མ་གཏོགས་བྱེད་མི་ཡོང་། དངོས་ནས་མི་དེའི་རིགས་ཀྱི་མིང་དང་ས་གནས་སོགས་གསལ་བོ་ཞིག་འདྲེན་རྒྱུ་ཡོད་ན་ནི་དངོས་ནས་ཡག་པོ་རེད། དེ་མིན་ཁ་རྫུན་ལྟ་བུ་ཞིག་ཆགས་སོང་བ་ཡིན་ན་ནི་དེ་བས་ཀྱང་ཡག་པོ་མ་རེད།

  4. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-02-26 at 10:59 am

    མི་དེ་ཚོའི་རིགས་ཀྱི་ཁ་བྱང་རེག་ན་ཡང་། ང་ཚོས་ཅི་ཞིག་བྱེད་དགོས་སམ།
    མི་དེ་ཚོའི་རིགས་ཀྱི་སེམས་ན་ཚོར་བ་ཞིག་མེད་སོང་ན་དཀའ་ནི་རེད་ཡ།

  5. མགོན་པོ་ཕྱག་གཉིས་པ། says:
    2009-02-26 at 3:55 pm

    ལོ་རྙིང་གིས་མྱ་ངན་གྱི་ཁུར་བོ་ལྗིད་ཏིག་ཏིག་ཅིག་ཁུར་ནས་ག་ལེར་ག་ལེར་ཕྱིན་སོང་།
    ལོ་གསར་ཡང་སྤྲོ་སྐྱིད་ཀྱི་རྣམ་པ་གང་ཡང་མེད་པར་འཁང་ར་དང་ཤུགས་རིང་གིས་བསུས་སོང་།
    ད་ང་ཚོའི་མདུན་ལ་བོད་དོན་ལས་འགུལ་མང་པོ་ལུ་གུ་རྒྱུད་དུ་སྦྲེལ་འདུག
    མི་ཞིག་གིས་ཁེ་གྲི་བཟུང་ཞིང་ལུག་བལ་འབྲེག་གི་འབྲེག་གི་གཞས་ཤིག་བཏང་ན་དེ་ཡང་བོད་དོན་ལ་ལས་ཀ་ཆུང་ཙག་ཅིག་བྱས་པ་ལོས་ཀྱང་ཡིན།
    མི་མང་པོ་ཞིག་གི་ཁོག་ན་སྐྲན་དུ་གྱུར་པའི་སྡུག་བསྔལ་རི་འདྲ་བ་དེ་གཞས་ཀྱི་ལམ་ནས་ཕྱིར་བཏོན་པ་ཡིན་ན་དེ་ལས་ཀ་ཆུང་ཙག་ཅིག་རེད་ལབ་ན་ཡང་འཚམས་པོ་ཞིག་མ་རེད།

  6. འགྲོ་བ says:
    2009-02-27 at 9:06 am

    ༄༅། སྤུན་ཟླ་ལགས། སུད་སིར་ཨ་ཅག་ལགས་དེ་གཅིག་པུ་ཨེ་ཡིན། རྒྱ་གར་སྦེང་ལོར་དུ་སྡོད་མཁན་མགོན་པོ་ཟེར་མཁན་ཁྲམ་པ་ཞིག་ཀྱང་ཡོད་པ་གོ་རྒྱུ་འདུག ཁོ་ལ་རོགས་པ་ཁག་ཅིག་ཧོང་ཀོང་ནང་སྡོད་མཁན་དེ་འདྲ་ཡོད་རེད། དངོས་གནས་ཁྱད་མཚར་ཡོད་རེད་དཱ། ཁོ་ལ་རོགས་པ་དངུལ་མ་གཏོགས་བསམ་རྒྱུ་མེད་པའི་ཆོས་འཕེལ་ཟེར་མཁན་གཞུང་གི་ལས་བྱེད་ཡིན་མདོག་བྱ་མཁན་ཞིག་ཀྱང་ཡོད་པ་གོ་བྱུང༌། ཁོང་ཚོས་སྦེང་ལོར་མཐོ་སློབ་ཁུལ་ནས་བོུ་ཁག་ཅིག་འཕྲོ་བརླག་ཀྱང་གཏོང་གི་ཡོད་པ་གོ་རྒྱུ་འདུག ད་ལོ་རྒྱ་གར་དུ་གཞས་ཀྱི་འདུ་ཚོགས་བྱ་མ་ཐུབ་རྐྱེན། ཕྱི་རྒྱལ་མཐའ་དག་དངུལ་ལོར་གྱི་ཆེད་དུ་མི་གཡོག་རྒྱུགས་ཏེ་སྡོད་དགོས་སྟབས་སྣང་བ་སྐྱིད་པའི་གླུ་འདྲ་ལེན་ཏེ་སེམས་སྡུག་སེལ་རྩིས་བྱ་གི་ཡོད་རེད། ཁོང་ཚོའི་ཁྲོད་མི་རིགས་ཀྱི་ལ་རྒྱ་དང་མི་རིགས་གོམས་སྲོལ་དེ་ཧ་ལམ་ཕྱེད་ལྷག་སྟོང་ཚར་བ་རེད། ལྟོས་དང༌། ཕྱི་རྒྱལ་དུ་འགྲོ་མཁན་བོད་པ་ཚང་མས་སྒྲ་སྙན་རེ་སྦྱངས་ཏེ་དཔུང་པར་གོན་ནས་འགྲོ་གི་མི་འདུག་གམ། ཁོང་ཚོར་གནམ་གྲུའི་སྟེང་འཛེགས་པ་ནས་བཟུང་བོད་རིགས་ཀྱི་ཤ་ཞེན་དང་ལ་རྒྱ་ཕྱེད་མ་ཟིན་ཙམ་བར་སྣང་ཁྲོད་རེ་བ་དང་དངུལ་ལོར་ལ་ཆགས་ཏེ་རྦད་དེ་བསམ་རྒྱུ་མེད་པར་གྱུར་ཚར་བ་རེད། ད་དུང་དུས་ཚོད་རིང་ཙམ་འགོར་སྐབས་སོ་སོའི་མི་རིགས་ཀྱི་ཡོད་ཚད་སྐྱོན་དུ་མཐོང་སྟེ་མི་གཡོག་རྒྱུགས་པའི་ཌོ་ལོར་ཕྲན་བུ་དེས་རང་ཉིད་གཞན་གྱི་བྲན་གཡོག་ཏུ་ཚུད་དེ་ནམ་ཡང་གཞན་གྱི་ལག་ཆུ་ཟེགས་ཏེ་སྡོད་རྒྱུ་དེ་ད་ལྟ་ཁོང་ཚོར་གོམས་གཤིས་སུ་གྱུར་ཟིན་པ་རེད། བྱས་ཙང་ཁོང་ཚོས་གཞས་ཀྱི་འདུ་ཚོགས་བྱ་སྲིད་པ་རེད་ལ། དགའ་པོ་སྐྱིད་པོ། མཛའ་གཞས་དང་འཁྲུག་གཞས་བཏང་སྟེ་དེ་ནི་ང་ཚོས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་པར་བྱ་གི་ཡོད་ཅེས་ཤོད་སྲིད་པ་རེད། གའི་ཡོད་མ་རེད། སེམས་ཁོངས་སུ་སྡུག་བསྔལ་ཡོད་པ་ཚོས་སྡུག་བསྔལ་བསམ་ཏེ་འཐབ་རྩོད་བྱས་ན་མ་གཏོགས་ཁེ་བཟང་གང་ཡོད་དུ་རྒྱུགས་མཁན་མགོ་གཉིས་མ་ཁག་ཅིག་གིས་ནམ་ཡང་ཁེ་བཟང་ཁོ་ན་ལེན་ཏེ་སོ་སོའི་མི་རིགས་ལ་འགན་གང་ཡང་འཁུར་གྱི་མ་རེད། རེ་བ་མ་བྱེད། དེ་ལས་ངས་བཤད་པར་ཉོན་དང༌། ཨ་རིར་ལོ་སྔོན་མའི་ཞི་རྒོལ་གྱི་དྲོད་མ་ཡལ་གོང་ནས་ང་ཚོའི་གཞོན་སྐྱེས་ཚོས་དགའ་མོས་ཆེ་ཤོས་བྱེད་པའི་གཞས་པ་ཁག་ཅིག་སོགས་མཉམ་འཛོམས་ཀྱིས་མཚན་ཚོགས་དེ་འདྲ་ཚོགས་པ་རེད་ལ། ཨ་རི་དང་རྒྱ་གར་སོགས་ནང་ཡོད་པའི་ང་ཚོའི་གཞས་པ་ཡིན་ལ་མ་ཡིན་དེ་ཚོས་འོད་སྡེར་གཅིག་མཇུག་གཉིས་མཐུད་དུ་བཏོན་ནས་ཕྱི་ཤུབས་སུ་ད་ལོའི་བོད་ནང་གི་ཞི་རྒོལ་དང་འབྲེལ་བ་ཡོད་མདོག་མདོག་བྱས་ནས་ནང་དོན་དུ་གཞས་གདངས་རྒྱ་མིའི་གཞས་གང་བཏང་བ་དེ་རང་ལེབ་བཤུས་ཀྱིས་བོད་ཀྱི་རིག་གཞུང་ཉམ་ཆགས་གང་འདྲ་གཏོང་གི་མི་འདུག་གམ། དེ་ཚོ་རྡ་ས་དང་བོད་མིའི་སྲང་ལམ་ཡོད་ཚད་དུ་མངོན་གསལ་དོད་པོས་བཙོང་གི་འདུག་ལ། ང་ཚོའི་གཞོན་སྐྱེས་མང་པོས་དགའ་མདོག་ཁ་པོས་ཉན་གྱི་འདུག་པས་དེ་དག་ལ་དཀོན་མཆོག་གསུམ་གདོང་ལེན་མ་བྱས་ན་སིམ་འཛུལ་དེ་ངར་ཤུགས་ཆེ་ཙམ་མི་འདུག་གམ། དེ་ལ་གྲོགས་པོ་ང་ཚོ་ཚང་མས་ལོ་གསར་པ་ནས་འགོ་བཙུགས་གདོང་ལེན་གཅིག་བྱས་ན་མ་རེད་པས། ཁོང་ཚོའི་བོད་ཀྱི་གཞས་པ་བྱེད་འདོད་པའི་བསམ་བློ་དེ་ཡག་པོ་འདུག་ཀྱང༌། གཞས་གདངས་རྒྱ་མིའི་གཞས་གདངས་རང་རྐུ་དགོས་པའི་ཐབས་སྡུག་དེ་འདྲ་ཅི་རེད་དམ། སྐྱོ་བ་ལ་་་་་་་་་་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme