Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགྱུར་སྤེལ་སྟངས་ནོར་གི་འདུག

Posted on 2015-06-012015-06-01 By ཁ་བརྡ་ 3 Comments on གསར་འགྱུར་སྤེལ་སྟངས་ནོར་གི་འདུག

སད་མི།

 
བཙན་བྱོལ་ནང་གི་བོད་མིའི་གསར་ཁང་ཨེ་ཤ་ཡ་དང་། ཨ་རིའི་རླུང་འཕྲིན། ནོར་ཝེ་རླུང་འཕྲིན། བོད་ཀྱི་བང་ཆེན། ཕ་ཡུལ་དྲ་བ། བོད་ཀྱི་དུས་བབ། ཤམ་བྷ་ལའི་ཕོ་ཉ། བཙན་བྱོལ་བོད་གཞུང་དྲ་བ། མདོར་ན། བཙན་བྱོལ་ནང་གི་གསར་འགྱུར་དྲ་བ་འདི་དག་ཐམས་ཅད་ཀྱིས་གསར་འགྱུར་རིགས་གཅིག་སྤེལ་སྟངས་ཏན་ཏན་ནོར་གི་འདུག དཔེར་ན། བོད་ནས་རང་སྲེག་གི་རྒྱ་རྒོལ་གནས་ཚུལ་ཐོན་དུས། གསར་ཁང་འདི་དག་ཐམས་ཅད་ཀྱིས་འདི་ལྟར་འགོད་སྤེལ་བྱེད་ཀྱི་རེད། “བོད་མི་ xxxx ཡིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་སྲེག་བྱས་པ་རེད་ཟེར་ཡོང་།”

བསམ་བློ་ཞིབ་མོར་ཐོངས་དང་། བོད་མིའི་ཕྱོགས་ནས་ཁ་གཅིག་གྲག་གིས་འདི་ལྟར་གསར་འགྱུར་འགོད་སྤེལ་བྱས་པས། དོན་དུ་ 1950 ལོར་དྲག་མཚོན་ཐོགས་པའི་རྒྱ་དམག་གིས་བོད་ལ་བཙན་འཛུལ་བྱས་པ་དང་ལེན་ཡོད་པ་འདྲ་བོ། བསམ་འཆར་མེད་པ་ལྟ་བུ། ཁྲིམས་མཐུན་ཡིན་པ་ནང་བཞིན། ཡང་ན། རྒྱ་རྒན་ལིས་ཅང་ལིང་གིས་བཤད་པ་ལྟར། 1950ལོའི་ནང་བོད་དུ་ལྷག་པའི་གནད་དོན་ཡོད་ཚད་ནི་རྒྱལ་ཁབ་སྲིད་དབང་སྒྲིག་བཀོད་བྱས་པའི་ཆ་ཤས་རེད་ཟེར་བ་ཁས་ལེན་ཡོད་པའམ། ཡང་མིན་ན། རྒྱ་ནག་གཞུང་གིས་བོད་འདི་ཉིད་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་རེད་ཟེར་བར་དོན་གྱིས་ཁས་ལེན་བཞིན་ཡོད་པ་མ་རེད་དམ།

དེས་ན། བོད་མིས་རང་སྲེག་སོགས་རྒྱ་རྒོལ་ལས་འགུལ་ཅི་ཞིག་སྤེལ་བར། ང་ཚོས་ངེས་པར་དུ་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དང་། བོད་བཙན་བཟུང་བྱས་སྟེ་མི་སེར་སྤེལ་ནས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ལས་ངན་སྤེལ་བཞིན་པ། དུས་རིང་འདིའི་ནང་བོད་མིར་གདུག་རྩུབ་དང་དྲག་གནོན་སྲིད་ཇུས་ཁོ་ན་ལག་བསྟར་བྱེད་བཞིན་ཡོད་པར་བོད་མིས་ཛ་དྲག་གི་རང་སྲེག་ངོ་རྒོལ་བྱས་པ་རེད་ཟེར་དགོས་ལ་དོན་དངོས་ལག་ལེན་ནས་ཀྱང་དེ་ག་རང་ཡིན་པའི་ཕྱིར།

ཡང་ཁ་ཤས་ཀྱིས་མཁས་མཁས་འདྲ་བོ་བྱས་ནས། རྒྱ་རྒོལ་རང་སྲེག་ལས་འགུལ་འདིར་”རང་ལུས་མེ་མཆོད”འདྲ་བོ་ཁྱད་མཚར་དེ་འདྲ་ལབ་མཁན་གཅིག་རེ་གཉིས་རེ་ཡོད། དེའང་འགྲིག་ལེ་མ་རེད། ཁྱོད་ཀྱིས་བོད་ཀྱི་དཔའ་བོ་དཔའ་མོ་ཚོས་རང་ཉིད་ཀྱི་གཅེས་པའི་ཚེ་སྲོག་ཐེད་ལ་བོར་བ་དང་། རང་གི་བུ་ཕྲུག་དང་ཕ་མ་རྒན་རྒོན། བཟའ་ཚེ་རོགས་སོགས་ཆེས་དམར་དམར་དུང་དུང་གི་མི་འདི་དག་ཅི་མི་སྙམ་པར་ཤུལ་དུ་བཞག་ནས། ཡོད་ཚད་ནས་ཡོད་ཚད། གཅིག་ཏུ་ཤི་མ་གསོན་གྱི་བོད་རྒྱལ་ཁབ་དང་མི་རིགས་འདིའི་སླད་དུ། རྒྱ་ནག་ལ་ཆབ་སྲིད་ཀྱི་ངོ་རྒོལ་བྱས་པ་འདིར། ག་རེ་བྱས་ནས། ཁྱོད་ཀྱིས་ཨུ་ཚུགས་བརྒྱབ་ནས་ཆོས་ཕྱོགས་སུ་འཁྲིད་ཀྱིན་ཡོད་པ་རེད་དམ། བོད་མི་དཔའ་བོ་དཔའ་མོ་ཚོའི་རང་སྲེག་རྒྱ་རྒོལ་འདི་ཆོས་ཕྱོགས་ཀྱི་མཆོད་པ་འདྲ་བོ་ཞིག་དང་། ཆོ་ག་ཕྱག་ལེན་ཞིག་གི་ས་རུ་བསྐྱལ་ནས་ཅི་བྱེད། སུས་འདིར་མཆོད་པ་ཞིག་དང་འབྲེལ་བ་ཡོད་པ་རེད་ཟེར།

དེ་འདྲ་ཡིན་དུས། གཤེགས་ཟིན་པའི་བོད་ཀྱི་དཔའ་བོ་དཔའ་མོ་དེ་ཚོས། འཇིག་རྟེན་ན་ཆེས་སྐྱི་གཡའ་དགོས་པའི་ལས་འགུལ་འདི་འདྲ་ཞིག་གི་སྒང་ནས་རྒྱ་རྒོལ་བྱས་ཡོང་དུས། ང་ཚོས་གདོང་ལེན་མ་ནོར་བ་དང་། ལྷག་པར་དུ་གསར་འགྱུར་སྤེལ་སྟངས། སྐད་ཆ་ཤོད་སྟངས་སོགས་ཆེས་མ་མཐའི་ལས་འགན་འདི་དག་བཙན་བྱོལ་བོད་པ་ཚང་གིས་དཔྲལ་གཉེར་བསྡུས་ནས་ངེས་པར་བསམ་བློ་ནན་མོ་གཏོང་དགོས།

2015.5.29 རྡ་རམ་ས་ལ།

བསམ་ཚུལ།

Post navigation

Previous Post: ས་ཆེན་འཁྲུགས་པའི་སྙན་ངག
Next Post: དྲུག་གཅིག་བྱིས་པའི་དུས་ཆེན་གླེང་བ།

Comments (3) on “གསར་འགྱུར་སྤེལ་སྟངས་ནོར་གི་འདུག”

  1. དགེ་འདུན་རྒྱ་མཚོ། says:
    2015-06-01 at 1:10 am

    དོན་ལ་གཅིག་པ་རེད།

  2. མངའ་རིས་ཕྲིན་ལས། says:
    2015-06-01 at 3:33 am

    སད་མི་ལགས་ཀྱི་དཔྱད་བརྗོད་དེར་མོས་མཐུན་ཡོད། ཡིན་ནའང་རང་སྲེག་གནང་མཁན་དག་ལ་དཔའ་བོ་དང་དཔའ་མོ་ཞེས་པའི་ཐ་སྙད་དེ་རང་འཇག་བེད་སྤྱོད་བྱས་པའང་ནོར་ཚབ་ཧ་ཅང་ཆེན་པོ་རེད་འདུག་དྲན། རང་ཤི་རྒྱབ་ཤེས་པ་ཙམ་ཞིག་ལ་དཔའ་བོ་དང་དཔའ་མོ་ག་ནས་ཡིན། ལྷག་བསམ་ཅན་གྱི་རྒྱལ་གཅེས་པ་ཟེར་ན་འཐད། དཔའ་བོ་དང་དཔའ་མོ་ཟེར་དུས་དགྲ་བོའི་མགོ་སྐེ་ལེེན་ནུས་པ་དང་། རང་སྲོག་ལྷན་དུ་གཞན་སྲོག་གཅོད་པ་ལའང་ཐེ་མི་ཚོམ་པ་ནི་འཇིག་རྟེན་ཡོངས་ལ་གྲགས་པའི་དཔའ་རྒོད་རེད། ཡང་མིན་ན་ང་ཚོ་བོད་པའི་དཔའ་བོ་དཔའ་མོ་ཟེར་དུས་རང་ཤི་རྒྱབ་ནུས་པ་ཙམ་ལ་གོ་དགོས་ཡོད་པའི་དམིགས་བསལ་བ་ཞིག་ཡིན་ན་གང་ཤེས། དེང་སང་འཛམ་གླིང་ནང་འགས་གཏོར་དང་བསད་རྨས་སོགས་ལས་གང་འཚམས་ཤིག་མ་བྱས་ན་རྒྱལ་སྤྱི་རྒྱལ་ནང་སུས་ཀྱང་དོ་སྣང་ཡོང་བ་དཀའ་མོ་རེད། འདས་པའི་བྱུང་རིམ་ལ་ཕྱི་མིག་ལྟོས་དང་དུ་བ་དང་ཐལ་བ་འགྱུར་བའི་གང་ཟག་རྒྱལ་གཅེས་པ་ཚོས་ཕུང་པོའི་པར་རིས་དག་བཙན་བྱོལ་པ་ཚོས་ངོ་དེབ་དང་ཕྲིན་ཕྲན་སོགས་ཀྱི་ནང་ནང་ཁུལ་རྒྱུད་སྤྲོད་བྱེད་པ་ཙམ་ལས་སུས་ཀྱང་དོ་སྣང་བྱེད་མཁན་མཐོང་དཀོན། རྒྱལ་གཅེས་པ་དག་གཅིག་རྗེས་གཉིས་མཐུད་རྫོགས་འགྲོ་བ་ནི་དགྲ་བོས་དགོས་འདུན་རང་བཞིན་གྱིས་འགྲུབ་ཅིང་། བོད་མི་རིགས་དང་རྒྱལ་ཁབ་ལ་གྱོང་དེ་བས་ཆེ་བ་ག་ནས་ཡོད། དེས་ང་ཚོ་བཙན་བྱོལ་པ་ཚོས་རྒྱལ་གཅེས་པ་ཁོང་རྣམ་པ་ལ་དཔའ་བོ་དང་དཔའ་མོ་རེད་ཟེར་བ་དང་། བསྔོ་སྨོན་དང་ཐུགས་སྨོན་བྱས་ཡོད་ཟེར་བའི་ཧར་སྐད་ཀྱི་གཡོ་འོག་ལ་ལྷག་བསམ་ཅན་གྱི་རྒྱལ་གཅེས་པ་མང་པོ་ཞིག་གིས་སྲོག་ཤོར་བ་ནི་སུ་ཞིག་དང་གང་ལ་གྱོང་ཡོད་ཕུག་རྒྱང་རིང་པོས་དཔྱད་པ་བྱེད་པ་གལ་ཆེ།

  3. ཇུས་ཏོག་ says:
    2015-06-01 at 9:49 am

    བཙན་བྱོལ་ནང་གི་གསར་འཕྲིན་དེ་ཚོ་ལས་བྱེད་སྒེར་གྱི་ལྟོ་གོས་འཚོལ་བྱེད་ལ་ཕ་གྱི་རེད་དོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme