Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགྱུར་འདི་གཉིས་ཀྱི་གང་བདེན་པ་རེད་དམ།

Posted on 2012-03-08 By ཁ་བརྡ་ 13 Comments on གསར་འགྱུར་འདི་གཉིས་ཀྱི་གང་བདེན་པ་རེད་དམ།

སྐལ་བཟང་ཉི་མ།
གསལ་བཤད། གཤམ་གྱི་གསར་འགྱུར་གཉིས་ལས་དང་པོ་བོད་ཀྱི་དུས་བབ་གསར་ཁང་གི་དྲ་གནས་སུ་བཀོད་འདུག་པ་དང་གཉིས་པ་ཨ་རིའི་རླུང་འཕྲིན་ཁང་གི་དྲ་གནས་སུ་བཀོད་འདུག དོན་ངོ་མར་གསར་འགྱུར་འདི་གཉིས་ཀྱི་གང་བདེན་པ་རེད་དམ།

སྐུ་ཕུང་སྨན་ཁང་དུ་ཉར་འདུག
བོད་ཀྱི་དུས་བབ།
འདོན་སྤེལ། ༢༠༡༢/༠༣/༠༨

རྒྱ་གཞུང་གིས་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ཀྱི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་རྫོང་སྨན་ཁང་དུ་ཉར་འདུག
ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༣ པ་ཡས་མས་སུ། མདོ་སྨད་ཀན་ལྷོ་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མའི་ཕ་བསོད་ནམས་ཡེ་ཤེས་དང་མ་ལྷ་དབྱངས་གཉིས་ཀྱི་རང་ལོ་ ༡༩ ཡིན་པའི་བུ་མོ་ཚེ་རིང་སྐྱིད་ལགས་ཀྱིས། རྨ་ཆུ་རྫོང་གི་སྔོ་ཚལ་ཁྲོམ་རའི་ནང་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་ཕྱིན་རྗེས། ཉེན་རྟོག་པས་ཁོ་མོས་སྐུ་ཕུང་རྫོང་ཐོག་ཏུ་འཁྱེར་ཡོད་པ་ལྟར། ཉིན་དེའི་གནས་ཚུལ་བྱུང་རྗེས་ཕ་མ་དང་ནང་མི་གཉེན་འབྲེལ། གྲོང་མི་ཁག་ཅིག་བཅས་རྫོང་ཉེན་རྟོག་ལས་ཁུངས་སུ་བཅར་ཏེ། སྐུང་ཕུང་ནང་མིར་རྩིས་སྤྲོད་བྱེད་པའི་ཐད་ལ་རེ་སྐུལ་ཞུས་ཀྱང་ཡ་ལན་མ་སྤྲད་སྟབས། བོད་མི་ཁག་ཅིག་གིས་ཁོང་ཁྲོ་དང་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་གནས་ཚུལ་ཆེན་པོ་ཆགས་སྲིད་པའི་ཉེན་བརྡ་བཏང་མཐར། ཉེན་རྟོག་པས་ཚེ་རིང་སྐྱིད་ཀྱི་ཕ་མས་རང་ལུས་མེར་བསྲེགས་བཏང་བ་དེ་བོད་ཀྱི་ཆབ་སྲིད་དང་འབྲེལ་བ་མེད་པའི་ངོས་ལེན་དང་འཛུབ་ཐེལ་བརྒྱབ་པ་ཡིན་ན། སྐུ་ཕུང་ནང་མིར་རྩིས་སྤྲོད་བྱེད་ཆོག་ཅེས་བཤད་ཡོད་འདུག སྐབས་དེར་ཕ་མ་དང་ནང་མི་ཚོས་ངོས་ལེན་བྱས་མེད་སྟབས། ཉེན་རྟོག་པས་ཁོ་མོའི་ཤི་རྐྱེན་ལ་བརྟག་དཔྱད་བྱ་ཆེད་སྐུ་ཕུང་ཉར་དགོས་པའི་བརྡ་ལན་སྤྲད་དེ། ད་ལྟའི་ཆར་བེམ་པོ་རྫོང་སྨན་ཁང་དུ་ཉར་ཡོད་འདུག
ཐེངས་འདིའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཐད་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས། རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ཀྱིས། རྫོང་སྔོ་ཚལ་ཁྲོམ་རྭའི་ནང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དངོས་ཡོད་ཡིན་སྐོར་བཀོད་ཡོད་ཀྱང་།  ཁོ་མོ་མ་འདས་པའི་ཡར་སྔོན་དུ་འཛིན་ཁང་ནང་ཚ་དྲོད་འཕྲུལ་འཁོར་ལ་མགོ་བོ་བརྡབ་ཏེ་དྲན་པ་ཐོར་བའི་གནས་ཚུལ་བྱུང་ཡོད་སྐོར་དང་། རྗེས་སུ་གནད་དོན་དེར་རྐྱེན་བྱས་ཏེ་སློབ་གྲྭའི་རྒྱུགས་འབྲས་ཡག་པོ་མ་ལོན་པར་སེམས་ཀྱི་དཀའ་ངལ་འཕྲད་དེ་རང་སྲོག་བཅད་ཡོད་པའི་གནས་ཚུལ་སྤེལ་འདུག
གསར་འགོད་པ། དོན་གོ
ཤོག་ངོས་འདི་ཐེངས་ ༢༧༨ ལ་བཀླགས་འདུག
དྲ་གནས་འདི་རུ་འདུག་ http://www.tibettimes.net/news.php?showfooter=1&id=5680

ཚེ་རིང་སྐྱིད་རྒྱ་གཞུང་གིས་ཞུགས་འབུལ་བྱས་པ།
ཨ་རིའི་རླུང་འཕྲིན་ཁང་།
༢༠༡༢ ཟླ་༣ ཚེས་ ༧ རེས་གཟའ་ལྷག་པ།   མདོ་སྨད་རྨ་ཆུའི་བུ་མོ་ཚེ་རིང་སྐྱིད་ཀྱི་ཕུང་པོ་རྒྱ་ནག་གི་ཉེན་རྟོག་པའི་ གོ་སྒྲིག་འོག་ཞུགས་འབུལ་བྱས་ཡོད་པ་དང་། ཡང་ཚེ་རིང་སྐྱིད་ཀྱི་ནང་མི་ལ་ཚེ་རིང་སྐྱིད་ཀྱིས་རང་ལུས་མེར་བསྲེགས་བཏང་བ་ དེ་ཆབ་སྲིད་དང་འབྲེལ་བ་མེད་ཅེས་འཁོད་པའི་ཡིག་ཆ་ཞིག་ལ་མིང་རྟགས་འགོད་དགོས་ པའི་བཙན་བཀའ་བཏང་བ། རྒྱ་ནག་ཞིན་ཧྭ་གསར་ཁང་གིས་ཚེ་རིང་སྐྱིད་ལ་མགོ་ནད་ཡོད་པའི་གནས་ཚུལ་སྤེལ་ཡོད་ པ་སོགས་ཀྱི་སྐོར་བོད་ནས་འབྱོར་བའི་གནས་ཚུལ་རྣམས་ཕྱོགས་སྒྲིག་གིས། འབྲེལ་ཡོད་མི་སྣར་གནས་འདྲི་ཡིས་ཚེ་རིང་སྐྱིད་ཀྱིས་ཕྱོགས་བསྒྲིགས་བྱས་པ་དེ་ གསན་རོགས་གནང་།
དྲ་གནས་འདི་རུ་འདུག་http://www.voanews.com/tibetan/news/Tsering-kyi-CrematedFamily-of-deceased-told-to-sign-letter-saying-self-immolation-not-political-141797533.html

གསར་འགྱུར།, སྣ་ཚོགས།

Post navigation

Previous Post: མགོ་ལོག་པདྨར་རྒྱ་གཞུང་གིས་བོད་མི་དམར་གསོད་བཏང་འདུག
Next Post: ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་སོག་ཡུལ་དུ་འཁྲུངས་རྒྱུ་རེད།

Comments (13) on “གསར་འགྱུར་འདི་གཉིས་ཀྱི་གང་བདེན་པ་རེད་དམ།”

  1. ཟངས་རྡོ། says:
    2012-03-08 at 1:11 pm

    འདི་འདྲའི་གསར་འགྱུར་ཕན་པ་ལས་གནོད་པ་ཆེ་འདུག་དོན་དངོས་ཀྱི་བྱ་བ་གང་ལ་ཡང་སྐྱར་ཞིབ་དང་རྟོག་དཔྱོད་བྱེད་པར་གལ་ཆེན་རེད། འདི་ལྟར་རྒྱུན་ཏུ་བྱུང་ན་བོད་གྱི་བསྒྲགས་པའི་གསར་འགྱུར་ལ་དོ་སྣང་མེད་པའི་རྒྱུ་རུ་འགྱུར་རྒྱུ་ལས་མ་འདས།
    དེའི་ཕྱིར་གསར་འགོད་པ་སུས་ཀྱང་ཞིབ་འཇུག་དང་གནས་ཚུལ་རྒྱུས་ལོན་བྱེད་དགོས། གོ་བ་ཙམ་གྱི་གང་དྲན་དུ་བཀོད་ན་མ་འོངས་པའི་གསར་འགྱུར་རུལ་སུངས་སུ་འགྲོ་རྒྱུ་རེད། དེའི་སྐབས་འགྱོད་སྣང་གི་དྲག་ཏུ་བཟི་ཡང་ཕྱིས་དྲགས་པ་ཡིན་རྒྱུ་རེད།
    དང་པོ་ཉིད་ནས་བསམ་གཞིག་གི་གཡང་དུ་འགྲོ་བ་གལ་ཆེན་འདུག དོན་འདི་ངོ་གནོང་དགོས་པའི་བྱ་བ་ཞིག་རེད་བོད་ནང་ལོགས་སུ་རང་གི་ལུས་ཕུང་ཡང་མེ་རུ་བསྒྲོན་ནས་བོད་མི་རིགས་ཀྱི་རྩ་དོན་ལ་ཤུགས་རྒྱབ་པ་རེད་འོན་ཀྱང་བཙན་བྱོལ་ནང་ནས་དངོས་ཡོད་ཀྱི་གནས་ཚུལ་ཡང་གསལ་བོ་ཅིག་དང་བདེན་པ་ཞིག་གསལ་སྟོན་བྱེད་ལ་ཡང་དཀའ་ངལ་གྱི་ཁེངས་འདུག
    བོད་ནང་གི་བོད་མི་ཞིག་གི་གསན་ན་ཡིད་མི་སྐྱོ་འམ།

  2. ལྷོ་པ་ལུང་རིགས says:
    2012-03-08 at 2:25 pm

    གནས་ཚུལ་འདི་གཉིས་ཀྱི་གང་བདེན་མིན་དེ་གནད་དོན་རེད། གཉིས་ཀའི་གཅིག་རྫུན་བཤད་ཆགས་པ་ཡིན་ནའང་། བོད་པའི་གསར་ལམ་གྱི་ནོར་འཁྲུལ་ཆགས་ཀྱི་ཡོད་པ་རེད། གསར་འགོད་བརྒྱུད་ལམ་དག་གིས་འདི་འདྲའི་རིགས་ལ་ངེས་པར་གཟབ་ནན་དགོས་ཀྱི་འདུག

    བོད་གཞུང་སྲིད་བྱུས་ཉམས་ཞིབ་ཁང་དང་། དྲིལ་བསྒྲགས་ལས་ཁུངས། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་སོགས་ལ་འདྲི་བརྩད་གནང་བ་ཡིན་ན། གསར་འགྱུར་ཐལ་ཆ་ཅན་སྤེལ་མི་དགོས་པའི་ཕན་ཐོགས་ཡོང་སྲིད་པ་རེད།

  3. རག་ཕྱགས་རྡོར says:
    2012-03-08 at 9:16 pm

    གསལ་འགྱུར་འདི་གཉིས་གཅིག་པ་རེད་ཡིན་ན་ཡིན་ཨ་རི་གླུང་འཕྲིན་ཁང་ནས་དཔལ་བ་འདི་ཉོན་བདེ་བ་ཞིག་འདུག

  4. སྤྲུལ་སྐུ་དབང་ཆེན says:
    2012-03-08 at 9:37 pm

    ཨ་རིའི་བོད་ཀྱི་རླུང་འཕྲིན་སྒོ་བརྒྱབ་ན་ཡག་ས་རེད་ད།

  5. བཀྲ་རྡོར།། says:
    2012-03-08 at 10:03 pm

    གསར་འགྱུར་འདི་གཉིས་ལ་ཧེ་བག་དེ་ཙམ་མི་འདུག སྔ་མ་ནི་གོ་རིམ་ཞིབ་རྗེས་ཤིག་དང་། རྗེས་མ་ནི་མཇུག་གི་གནས་ཚུལ་ཞིག་རེད། བློས་ཞིབ་མོར་བལྟས་ན་གསར་འགྱུར་གཅིག་རེད།ཌྷ

  6. ཨ་རུ་ར། says:
    2012-03-08 at 10:58 pm

    ལྷོ་པ་ལུང་རིགས་ལགས། ཁྱེད་ཀྱིས་ཡིད་ཆེས་བྱེད་སའི་སྡེ་ཚན་དེ་དག་ལ་བོད་གནས་སྐོར་རྒྱུས་ལོན་དེ་འདྲ་ཡག་པོ་ཡོད་ན། ཁོང་ཚོས་རྒྱ་མཚན་ཅི་ཞིག་གི་ཆེད་་དུ་གསར་འགྱུར་ཁག་ལ་གཏོང་གི་མེད་པ་རེད་དམ།

  7. གྲགས་པ་ says:
    2012-03-08 at 11:26 pm

    འབྲེལ་ཡོད་ཚོས་གསར་འགྱུར་འདིའི་རིགས་ནི་གནས་ཚུལ་ཁུངས་ལྡན་དང་། ཇི་མ་ཇི་བཞིན་མཁོ་སྤྲོད་གནང་རྒྱུ་གལ་ཆེ།
    དེ་ལྟར་མ་གནང་བར་དོན་དག་གཅིག་གི་ཐོག་ནས་གནས་ཚུལ་མ་འདྲ་གཉིས་འབྲེལ་བརྗོད་བྱས་ན་དེ་འདྲ་ལ་སུས་ཀྱང་ཡིད་ཆེས་བྱེད་དཀའ་བས་ཡིད་གཟབ་གནང་རོགས། ངས་གོ་ཐོས་ལ་འདིའི་སྐོར་གྱི་གནས་ཚུལ་ཨེ་ཤེ་ཡའི་ནང་བརྒྱུད་གནང་མཁན་རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་རེད་འདུག དེས་ཁོང་ལ་དྲིས་ན་གནས་ཚུལ་གསལ་བོ་ཆགས་ཀྱི་རེད་སྙམ། ལྷག་པར་དུ་འབྲེལ་ཡོད་ཚོས་འགན་ལེན་རྒྱུ་དེ་གལ་ཆེ་བར་སེམས། དཔེར་ན་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པའི་ཕྱག་ལས་གནང་སྟངས་ནང་བཞིན་གནང་ན་ཕན་རླབས་ཆེ།

  8. ཨ་རུ་ར། says:
    2012-03-08 at 11:33 pm

    སྤྲུལ་དབང་ལགས། རྒྱུ་མཚན་ཇི་ཕྱིར།

  9. རུ་ཤུལ‚ཆོས་གྲུབ says:
    2012-03-09 at 12:32 am

    གསར་འགྱུར་དེ་གཉིས་ཆ་རྫུན་མ་མ་རེད་ལ། དེ་གཉིས་ཀྱི་གོ་རིམ་ལ་སྔ་ཕྱི་ཙམ་མ་གཏོགས་གཉིས་ཆ་བདེན་པ་རེད། དུས་བབ་གསར་འགྱུར་ཅུང་ཙམ་རྗེས་ལས་ཐེབས་རེད།
    བུ་མོ་ཚེ་རིང་སྐྱིད་ཀྱི་རང་ལུས་མེ་བསྲེགས་བཏང་རྗེས་སྐུ་ཕུང་དམགས་མིས་དམ་སྲུང་འོག་རྫོང་མི་དམངས་སྨན་ཁང་གི་ནམ་རྒྱུན་མི་ཤི་བོའི་ཕུང་པོ་འཇོག་ས་དེར་ཉར་ཚགས་བྱས་ཡོད་འདུག ཕྱི་ཚེས་༧ཉིན་གྱི་ཞོགས་ཀ་གློ་བུར་དུ་ནང་མི་ལ་སྐད་བཏང་ནད་བོད་མི་ལས་བྱེད་འགའ་རོགས་ལ་ཁྲིད་ནས་དམགས་མི་ལྟ་སྲུང་འོག་བླ་བྲང་དུ་ཡོད་པའི་གློག་གིས་ཕུང་པོ་དུར་འཇུག་བྱེད་ས་དེ་ནས་ཞུགས་འབུལ་བྱས་ཡོད་པ་དངོས་གནས་རེད། སྤྱིར་བཏང་བྱས་ན་ཕུང་པོ་ཕྱི་ཚེས་༨ ཉིན་དུར་འཇུག་བྱ་རྒྱུ་ཡིན་ཞེས་བསྒྲགས་འདུག་ཀྱང་གློ་བུར་དུ་འགྱུར་བ་ཐེབས་འདུག་པར་བརྟགས་ན་ཟང་ཆ་ལངས་མི་ཡོང་བའི་ཆེད་དུ་མགོར་སྐོར་བྱས་པ་ཡིན་ཚོད་རེད། ཉིན་དེར་གཉེན་ཉེའང་གཉིས་གསུམ་མ་གཏོགས་བགག་འགོག་བྱས་འདུག །

  10. སྨྱུག་རྩེན། says:
    2012-03-09 at 4:01 am

    དྲིན་ཆེན་བོ་ཁྱོད།་ད་ཁ་རོགས་ཡ། གསལ་འགྱུར་དེ་གཉིས་ཀ་ཡང་བདེན་པ་རེད། དུས་ཚོད་ཀྱི་སྔ་ཕྱི་ལ་བསམ་བློ་མ་བཏང་ན་འཁྲུལ་གཞི་འདི་འབྱུང་སྲིད་རེད། དེས་རྐྱེན་གྱིས་ཁྱེད་ཚོར་ནོར་འཁྲུལ་དེ་བྱུང་བ་རེད། གཞན་ཅི་ཡང་མ་རེད། ལྷོ་བ་ལུང་རིགས་དང་ཟངས་རྡོ་ནི་རི་བོང་བཅལ་འདྲོགས་རེད། སྐལ་བཟང་ཉི་མ་ལགས། ངས་ཁྱེད་ལ་དྲི་བ་ཞིག་འདྲི། སྔོ་ཚལ་བཙོང་ས་ནས་མགོ་བཙུགས་པ་རེད། བླ་བྲང་ནས་མཇུག་བསྡུས་པ་རེད། དེའི་བར་དུ་ཕུང་བོ་གང་དུ་བཞག་པ་རེད།་ ཤེས་ན་གསལ་བོར་གསུངས་རོགས་གནང་། དྲིན་ཆེན་བོ་ཁྱོད།་ད་ཁ་རོགས་ཡ།

  11. དོན་འགྲུབ། says:
    2012-03-09 at 5:03 am

    གནས་ཚུལ་འདི་དག་ཁུངས་ཕུགས་འཁྱོལ་བོ་ཞིག་བརྩད་གཅོད་བྱ་རྒྱུ་གལ་ཆེ། དང་ཐོག་མཁོ་སྤྲོད་བྱ་མཁན་གྱིས་འགན་ཁུར་དགོས།

  12. གླགས་རྒོད་ says:
    2012-03-09 at 5:34 am

    གསར་འགྱུར་མཁོ་སྤྲོད་བྱེད་མཁན་དང་བསྡུ་སྒྲུབ་བྱེད་མཁན་གཉིས་ཆར་གྱིས་འགན་ཁུར་དགོས་རྒྱུ་གལ་ཆེན་པོ་རེད། དེ་མ་རྟོགས་བོད་པའི་གསར་འགྱུར་ལ་ཡིད་ཆེས་མེད་པ་ཆགས་ཡག་གི་ཉེན་ཁ་ཅི་བས་ཆེ།

  13. ཟངས་རྡོ། says:
    2012-03-09 at 6:23 am

    བློ་ཕམ་པོ་བྱུང་ད་གསར་འགྱུར་ལ་ལྟ་ཚུལ་ཡང་དག་ཅིག་སླེབས་རྒྱུ་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (31)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme