Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགྱུར་ཚ་ཤོས་ཤིག་འདི་རེད།

Posted on 2011-10-182011-10-18 By ཁ་བརྡ་ 1 Comment on གསར་འགྱུར་ཚ་ཤོས་ཤིག་འདི་རེད།

1
བོད། ལྷ་ཀླུ་གཉན་གསུམ།

དེ་རིང་ང་རང་བསྡོད་སའི་རྒྱལ་ཁབ་འདིའི་ནང་དུ་གསར་འགྱུར་ཆེས་ཚ་བོ་ཞིག་ཡོད། དེ་ནི་མི་ལོ་ཧྲིལ་བོ་ལྔ་ལྷག་གི་རིང་དུ་ཨ་རྫའི་དྲག་སྤྱོད་རུ་ཁག་ཞིག་ནས་བཙན་ཁྲིད་བྱས་པའི་མི་ཞིག་རེད། མིང་ལ་རྒས་ལ་ཤ་ལས་ཟེར་བ་དང་ད་ལོ་ལོ་ཉེར་ལྔ་རེད། ཁོ་རང་ལོ་བཅོ་བརྒྱད་སྐབས་སུ། ལོ་ཚད་ལྟར་དམག་དུ་ཞུགས་ནས་ཡུན་རིང་མ་སོང་བའི་སྐབས་ཤིག་ལ་དྲག་སྤྱོད་རུ་ཁག་ཞིག་ནས་བཙན་ཁྲིད་བྱས་པ་ཡིན།

དེ་ནས་བཟུང་ཉིན་འགའི་སྔོན་བར་དུ་ཁོང་གི་ཕ་མ་གཉིས་ཀྱི་འགོ་ཁྲིད་ནས་རྒྱལ་ཁབ་འདིའི་སྲིད་གཞུང་གི་སྒོ་འགྲམ་དུ་ཁོ་རང་གློད་གྲོལ་བྱེད་པར་སྐུལ་འབོད་ཡང་དང་བསྐྱར་དུ་བྱས་ནས་ཉི་མ་རེ་རེ་བྱས་ནས་བརྩིས་དེ་རས་ཀྱི་ཕུབ་པའི་ཁང་ཆུང་དེ་སྲུང་ནས་ཁོ་རང་གི་མིང་རྒྱལ་ཁབ་འདིའི་ཁང་ཆེན་དང་རས་དར། བརྙན་འཕྲིན་ཁང་དང་གསར་འགྱུར་ཁང་། ཚགས་ཤོག་གང་སར། སྤྱར་བཀྲམ་གང་གི་སྟེང་དུ་ཡང་མ་སྤེལ་བ་ཞིག་མེད། དེ་ལྟར་ཡུན་རིང་གི་ཞི་སྐུལ་འདི་རྒྱུན་མ་ཆད་པར་སྤེལ་བ་ལ་བརྟེན། རྒྱལ་ཁབ་འདིའི་སྐྱེ་བོ་ཞིག་གིས་ཁོ་རང་གི་མིང་མི་ཤེས་པ་མེད་པར་ཆགས་པ་རེད།

དེ་ལྟར་ཁོ་ལ་དོ་སྣང་བྱེད་པའི་སྐྱེ་བོ་ཡང་རྒྱལ་ཁབ་འདིའི་སྲིད་འཛིན་བརྩིས་པའི་སྐྱེ་བོ་ཕལ་ཆེ་བ་ཆགས་ཡོད། རྒྱལ་ཁབ་ཀྱི་གསང་བའི་ལས་ཁུངས་ལོ་དུ་མར་ཁོ་རང་གློད་གྲོལ་ཆེད་དུ་ལས་ཀ་འདྲ་མིན་བྱས་པའི་མཐར། དེ་རིང་ཁ་ཆེ་དྲག་སྤྱོད་རུ་ཁག་གིས་རེ་འདོད་ལྟར། རྒྱལ་ཁབ་འདིའི་དྲག་སྤྱོད་པ་ཆིག་སྟོང་དང་ཁོ་རང་གི་མི་ཚེ་བརྗེ་བོ་བརྒྱབས་ནས་ཁོ་རང་ཨེས་རྗབ་ཀྱི་བདེ་འཇག་སྲུང་སྐྱོབས་རུ་ཁག་ཞིག་རྒྱུད་ནས། ཨེས་རྗབ་ཀྱི་བརྙན་འཕྲིན་ལས་ཁུངས་ཤིག་གི་གསར་འགྱུར་དང་ལེན་དང་བཅས་དེ་རིང་ད་ལྟ་གློད་གྲོལ་ཐོབ་ཀྱི་ཡོད།

བརྙན་འཕྲིན་སྟེང་གི་དྲི་བ་ཆེས་གནད་འགག་ཆེ་ཤོས་ཁག་གཅིག་ནི་ཁོ་རང་ཕྱིར་རང་གི་རྒྱལ་ཁབ་དུ་སླེབས་རྗེས། ཁ་ཆེ་དྲག་སྤྱོད་པ་བཞི་སྟོང་ལྷག་ད་ལྟའང་ཨེས་སུ་རལ་གྱི་བཙོན་ཁང་དུ་ཡོད་པ་དེར་གློད་གྲོལ་ཡོང་བར་འབོད་སྐུལ་ཞུ་རྒྱུ་ཡིན་ནམ་ཞེས་པའི་ལན་དུ། ཁོས་ངས་དེ་དག་གློད་གྲོལ་ཐོབ་ན་བསམ་གྱི་ཡོད་ལ། གློད་གྲོལ་ཐོབ་རྗེས་སུ་སྔར་བཞིན་དྲག་སྤྱོད་ཀྱི་ལམ་ཁ་དེ་ནས་ཁ་ཕྱོགས་སྒྱུར་ནས་ཞི་བདེའི་འཚོ་བ་ཞིག་ལ་སྙེགས་རྒྱུ་དེ་ཡིན།

ཁོ་རང་ད་ལྟ་རྒྱལ་ཁབ་འདིའི་སྲིད་འཛིན་ནས་མི་མང་སྐྱེ་བོ་ས་ཡ་མང་བོ་ཞིག་གི་མིག་ལམ་དུ་བླངས་ནས་ཡོད། ཁོ་རང་ཕྱིར་རང་གི་རྒྱལ་ཁབ་དུ་ཡོང་བཞིན་ཡོད། རྒྱལ་ཁབ་འདིའི་མི་མང་གི་ཁོ་རང་ལ་བསུ་བ་བྱས་ནས་བསྡད་འདུག དོན་དངོས་ཐོག ཁོ་རང་ནི་དྲག་སྤྱོད་རུ་ཁུག་ཞིག་ནས་བཙན་ཁྲིད་བྱས་པའི་ལོ་ཆུང་གཞོན་པ་ཞིག་ཡིན་ཡང་། ད་ལྟ་ཁོ་རང་གིས་ལོ་ངོ་ལྔ་ལྷག་རྒྱུད་པའི་ཉེན་ཁ་དེ་ལས་ཁོ་རང་རྒྱལ་ཁབ་འདིའི་སྐྱེ་བོ་ཡོངས་ཀྱི་མིག་ལམ་གྱི་དབའ་རྒོད་དར་མ་ཞིག་ཆགས་ཡོད། ཁོས་བཤད་པའི་སྐད་ཆའི་ཚིག་འབྲི་རེ་རེ་ཡང་མི་མང་འདིའི་སེམས་ནང་གི་རིན་ཐང་བྲལ་བའི་སྐད་ཆར་གྱུར་ཡོད།

ལོ་ངོ་ལྔའི་རྗེས་སུ་གོམ་པ་ཕྱིར་རང་གི་རྒྱལ་ཁབ་དུ་སྤོ་བཞིན་ཡོད། མི་མང་ཁ་ཤས་ཀྱི་རྒྱལ་ཁབ་ཀྱི་ཐག་གཅོད་འདི་ལ་མོས་མཐུན་མེད་སྟབས། ལམ་བར་དུ་གཅིག་བྱས་ན་ཁོ་རང་གི་སྲོག་ལ་ཡང་སྐྱོན་ཆག་འདྲ་མི་ཡོང་ངམ་སྙམ་ནས་སེམས་ཁྲལ་བྱེད་ཀྱིན་སྒང་རེད།

རྒས་ལ་ཟེར་བའི་ཕོ་གསར་ལོ་ན་ཉི་ཤུ་རྩ་ལྔ་ལ་སོན་པ་ཁོ་རང་ལོ་ངོ་ལྔའི་རྗེས་ཀྱི་དེ་རིང་རང་གི་རྒྱལ་ཁབ་དུ་ཕྱིར་འབྱོར་མ་ཐག འགོ་སྲིད་འཛིན་ནས་བཟུང་དེ་ཁོ་རང་ལ་ཆེད་དུ་རྟེན་འབྲེལ་ཞུ་རུ་བཅར་བ་མ་ཟད། སྲིད་འཛིན་གྱིས་ཁོ་རང་གི་གློད་གྲོལ་ལ་བདེ་ལེགས་ཞུས་པ་དང་ཁོ་རང་གིས་སྲིད་འཛིན་མཐོང་བ་དང་ལག་པ་ཡ་གཅིག་ཐོད་དུ་བཞག་ནས། གུས་མདུད་དང་བཅས། སྲིད་འཛིན་ལགས། དགོངས་དག ང་རང་ཅུང་གཟུགས་གཞི་སྐྱོ་བོ་འདུག་ཞེས་བཤད་དུས་། རྒས་ལ་ཁོ་རང་གིས་རང་གི་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་འཚམ་འདྲི་ཞུས། སྲིད་འཛིན་གྱིས་ཁོ་རང་ལ་འཐམ་ནས་ལོ་ངོ་དེ་དག་གི་རིང་ལ་དཀའ་ཁག་མྱོང་བ་དེར་སེམས་ཀྱིས་གུས་མདུད་ཡོད། དེ་རིང་ཁྱེད་རང་བདེ་ལེགས་ངང་ཕྱིར་རང་གི་རྒྱལ་ཁབ་དུ་འབྱོར་བ་ལ་སེམས་གཏིང་ནས་དགའ་བསུ་ཡོད་ཅེས་བཤད།

ཕོ་གསར་འདི་གློད་གྲོལ་ཐོབ་པའི་སྔ་གཞུག་གི་སྐོར་དེ་རིང་ཞོགས་པ་སྔ་བོ་ནས་དགོང་མོ་བར་དུ་བརྙན་འཕྲིན་དང་གསར་འགྱུར། ཚགས་ཤོག་ཚང་མའི་མདུན་དུ་ཁོ་རང་གི་འདྲ་དཔར་དང་གཟུགས་རུས་ཤར་ནས་ཡོད་ལ། དེ་དང་འགྲོགས་ནས་ཁོ་རང་ཤེས་མི་ཤེས་ཀྱི་རྒྱལ་ཁབ་འདིའི་སྐྱེ་བོ་ཕོ་མོ་ས་ཡ་རེ་ཟུང་ཞིག་གིས་ཁོ་རང་གི་ཆེད་དུ་དགའ་བའི་མིག་ཆུ་ཕུད་ཞོར་དུ་བསུ་མ་བྱས། གླུ་བ་གླུ་མ་གྲགས་ཅན་དག་གིས་ཁོ་ལ་བསུ་གླུ་བླངས། ཁོ་རང་གི་འདྲ་དཔར་ཡོད་པའི་སྟོད་གོས་གོན་མཁན་གྱི་སྐྱེ་བོ་ཁྲི་མ་འབུམ་གྱིས་རང་གི་རྒྱལ་ཁབ་ཀྱི་བུ་ཞིག་ཕྱིར་རང་ཡུལ་དུ་བདེ་ལེགས་འབྱོར་བ་དེར། ཉིན་མ་གསར་བ་ཞིག་དང་ཆེས་དགའ་བའི་ཉིན་མོ་ཞིག་ལ་ངེས་འཛིན་གྱིས་རྒན་བྱིས་དར་གསུམ་གྱིས་རྒས་ལ་ཟེར་ནས་གླེང་།

ཕྱོགས་ངོས་ཕར་ཕྱོགས་དེ། ཁ་ཆེ་བའི་བཙོན་གྲོལ་ཐོབ་པའི་ནང་མི་དེ་དག་གིས་ཀྱང་མི་མང་འདུས་བསྡོད་ཧ་ལས་པ་ཞིག་འཛོམ་ནས་མི་གཅིག་གི་ཚེ་སྲོག་གི་མི་ཆིག་སྟོང་གི་ཚེ་སྲོག་ཉོས་པ་དེར། དགའ་འབོད་དང་རྒྱལ་་ཁའི་ངང་ཞུ་འབོད་བྱེད་ཀྱི་ཡོད། བརྙན་འཕྲིན་ཐད་གཏོང་གི་མདུན་དུ་བསྡད་ནས། རང་རིགས་ཆེད་དུ་ཤི་གསོན་ཡོད་ཚད་བློས་བཏང་ནས་རྒྱལ་ཁབ་འདི་ལ་རྒོལ་བ་བྱེད་དུ་སོང་མཁན་གྱི་སྐྱེ་བོ་དེ་དག་གི་ནང་མི་ཁ་ཆེ་བ་དག་གིས་ཀྱང་། རང་རང་གི་མི་རིགས་ཆེད་དུ་ཕྱིན་པའི་དབའ་རྒོད་དག་ལ་བསུ་བ་རྒྱ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། མི་རིང་བར་རྒྱལ་ཁབ་འདིའི་ནང་དུ་བཙོན་དུ་ཡོད་པའི་ཁ་ཆེ་བ་བཞི་སྟོང་ལྷག་ཡོད་པ་དེ་དག་གི་མི་ཚེ་ནང་དུ་ཡང་དེ་རིང་གི་ཉི་མ་དེ་འདྲ་ཞིག་ཤར་བར་རེ་བ་དང་བརྩོན་ལེན་བྱེད་པའི་རྨི་ལམ་ཞིག་རྨིས་བཞིན་ཡོད།

ཚུར་ཕྱོགས་འདིའི་རྒྱལ་ཁབ་ཀྱི་རྒས་ལ་ཕོ་གསར་ཕྱིར་རང་གི་རྒྱལ་ཁབ་དུ་ཡོང་གྲབས་ཡོད་པའི་བརྙན་འཕྲིན་ཐོག་མ་དེ་ནི་ཨེས་རྗབ་ཀྱི་བརྙན་འཕྲིན་ནས་མཐོང་བའི་རྒྱལ་ཁབ་འདིའི་སྐྱེ་བ་བུད་མེད་ཆེས་མི་ཉུང་བ་ཞིག་གིས་བརྙན་འཕྲིན་ཐད་གཏོང་གི་མདུན་ནས་སྐད་ཤུགས་ཆེན་པོས་རྒས་ལ་ཟེར་ནས་ངུ་འབོད་བྱེད་ཀྱི་ཡོད།

སྲིད་འཛིན་གྱིས་གཅེན་འཕུར་གནམ་གྲུ་འབབ་ས་ནས་སྒུག་ཞིང་་བསུས་ནས་ཁོ་རང་གི་ཕ་རྒན་ཡོད་ས་བར་དུ་བསྐྱལ་བ་དང་སྲིད་འཛིན་གྱི་མཉམ་དུ་ཕྱི་སྲིད་བློན་ཆེན་དང་། དམག་སྲིད་བློན་ཆེན་ཡང་ཡོད། ཁོང་ཚོ་གྲལ་བསྒྲིགས་ནས་ཁོ་རང་གི་ཕ་རྒན་གྱི་ཕྱོགས་སུ་གོམ་ཁ་སྤོས། རྒྱལ་ཁབ་འདིས་སྲིད་འཛིན་གྱི་གཙོ་བའི་སྲིད་ཀྱི་སྣེ་མོ་ཡོངས་ཀྱིས་རང་གི་མི་མང་ལ། རང་གི་རྒྱལ་ཁབ་འདིའི་མི་གཅིག་ཡང་གཞན་ལག་ནས་དོན་མེད་དུ་འཆི་རུ་མི་འཇུག་པའི་གསལ་སྤྲོད་བྱས་པ་དང་བསྒྲགས། ངང་འཚབ་གཞན་ཞིག་ཡོད་པ་ནི། སླར་ཡང་ཁ་ཆེ་དྲག་སྤྱོད་རུ་ཁག་གིས་ཕོ་གསར་འདི་ལྟ་བུ་གཞན་ཞིག་བཙན་ཁྲིད་བྱེད་མི་འོང་སྙམ་པ་དེ་ཡིན།

གསར་འགྱུར།

Post navigation

Previous Post: མེར་བསྲེགས་རྗེས་ཀྱི་འཇིགས་སྣང་།
Next Post: མྱི་ནག་ཚང་ལ་འདྲི་བ།

Comment (1) on “གསར་འགྱུར་ཚ་ཤོས་ཤིག་འདི་རེད།”

  1. རིག་འབྱུང་རྒྱ་མཚོ says:
    2011-10-18 at 10:19 pm

    ཕཱ་ལི་སི་ཐན་གྱིས་ལོ་གསུམ་བཞིའི་སྔོན་བར་ཞི་བདེ་ལ་རེ་བ་བཅོལ་ནས་ཨ་སི་རལ་དང་ཞི་མོལ་བྱེད་ཐབས་བྱས་ཀྱང་། བཙན་རྒྱལ་རིང་ལུགས་པ་ཨེ་སི་རལ་གྱིས་ཉམ་ཆུང་ཕཱ་ལི་སི་ཐན་པ་ཚོའི་དགོས་འདོད་སྣང་མེད་དུ་དབྱུག་ནས། ཕཱ་ལི་སི་ཐན་གྱི་ས་ཆའི་སྒང་དུ་མུ་མཐུད་དུ་མི་སེར་སྤེལ་བའི་སྲིད་བྱུས་ལག་བསྟར་བྱས་བའི་འབྲས་བུས། ཞི་བདེ་ལ་ཡིད་ཆད་པའི་ཕཱ་ལི་སི་ཐན་རྣམས་ཀྱིས་དྲག་རྒོལ་གྱི་ལས་ལ་མི་ཞུགས་ཐབས་མེད་ཆགས་ཤིང་། ཞུགས་ནས་ད་ལྟ་རང་བཙན་ཕལ་ཆེར་སྐྱར་གསོ་བྱས་ཟིན་ལ། མི་འདི་ཡང་གནས་ཚུལ་འདི་དང་རྒྱབ་ལྗོངས་འདིའི་འོག་ཏུ་ཕཱ་ལི་སི་ཐན་པ་ཚོས་ཁྲིད་པ་རེད། སྔོན་པ་རེ་བ་ག་ཚོད་བཏང་ཡང་ཕཱ་ལི་སི་ཐན་གྱི་ཆབ་སྲིད་གཙོན་པ་གློད་གྲོལ་བཏང་བ་ལྟ་ཅི་དེ་ལས་སྡུག་ཏུ་ཕྱིན་ཡང་། ད་ལྟ་དམག་མི་འདི་གཏའ་མ་ཉལ་བའི་བྱས་འབྲས་ཀྱིས་དྲག་སྤྱོད་པའམ་ཆབ་སྲིད་གཙོན་མ་རྣམས་གྲོད་གྲོལ་མི་བཏང་ཐབས་མེད་ཆགས་ཤིང་གློད་པ་རེད། དངོས་གནས་རེད། མ་འཐབ་ན་གློད་མཁན་ལྟ་ཅི། རང་ལ་ཡོད་པའི་ཇ་དངོས་ཀྱང་གཞན་གྱི་མིང་ཚིག་འདྲ་མིན་བདེ་སྤྱོད་བཏང་ནས་འཁྱེར་ངེས་རེད། ཕཱ་ལི་སི་ཐན་གྱི་བདེན་དོན་རྒྱལ་པ་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme