Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགོད་བྱེད་སྟངས་རགས་བསྡུས་ཤིག

Posted on 2014-04-082014-04-08 By ཁ་བརྡ་ 2 Comments on གསར་འགོད་བྱེད་སྟངས་རགས་བསྡུས་ཤིག

ཁྲོ་གཏུམ།

གསར་འགོད་པའི་ལས་ཀར་འཛུལ་ནས་ཟླ་དྲུག་ལ་སླེབས་པའི་སྐབས་སུ། རང་ཉིད་ཀྱི་སེམས་སུ་ཤར་བའི་བསམ་ཚུལ་འགའ་མདོར་བསྡུས་ཀྱིས་ཡིག་ཐོག་ཏུ་ཕབ་ན། གསར་འགོད་པས་རྒྱུན་ཤེས་འདི་ཙམ་ཤེས་དགོས་པའི་དོན་གནད་ཀྱི་རྒྱུད་རིམ་ཞིག་བློས་བསླངས་བྱས་པར་ཉེས་སྐྱོན་ཆད་ལྷག་ཡོད་ན་དེ་བཞིན་དུ་གསལ་སྟོན་གནང་དགོས་པའི་འབོད་སྐུད་ཞུས་པ་ཡིན།
གསར་འགྱུར་འབྲི་བར་མ་མཐའ་ཡང་རང་གི་དོ་སྣང་བྱེད་དགོས་པའི་རྩ་བའི་གནད་འགག་བདུན་ཞིག་ལ་ངོས་ཟིན་ཐོབ་དགོས་པ་འདྲ།
༡ དུས་ཚོད་ངོས་ཟིན། ༢ ས་གནས་ངོས་ཟིན། ༣ མི་སྣ་ངོས་ཟིན། ༤ དོན་རྐྱེན་ངོས་ཟིན། ༥ བྱུང་རིམ་ངོས་ཟིན། ༦ འདྲ་པར་ངོས་ཟིན། ༧ བརྙན་གཟུགས་ངོས་ཟིན།

༡༽ དུས་ཚོད་ངོས་ཟིན་ནི། གསར་འགྱུར་འབྲི་བའི་སྐབས་ཀྱི་སྤྱི་ལོ་དང་ཟླ་བ། རེས་གཟའ། ཚེས་གྲངས། ཆུ་ཚོད་སྔ་ཕྱི།

༢༽ ས་གནས་ངོས་ཟིན་ནི། གསར་འགྱུར་འབྲི་སྐབས་སུ་རྒྱལ་ཁབ་ཀྱི་མིང་། ཞིང་ཆེན་དང་མངའ་ཁུལ། རྫོང་ཁག་རིམ་པ། དེ་ནས་བྱེ་བྲག་གི་ས་ཁུལ་མིང་གྲགས་ཅན།

༣༽ མི་སྣ་ངོས་ཟིན་ནི། གསར་འགྱུར་འབྲི་སྐབས་ཀྱི་སྐུ་མགྲོན་གཙོ་བོ་དང་གཞུང་འབྲེལ་ཡིན་མིན་གྱི་སྐུ་ཚབ། མི་གྲངས་ག་ཚོད། མི་རིགས་འདྲ་མིན།

༤༽ དོན་རྐྱེན་ངོས་ཟིན་ནི། གསར་འགྱུར་འབྲི་སྐབས་ཀྱི་བརྗོད་གཞི་གཙོ་བོ་དང་དེ་འབྲེལ་གྱི་བྱ་བ་དག དེ་ཡི་ཁུངས་བསྐྱེད་དང་བསྟུན་ནས་གནད་ཚིག་གཙོར་འཛིན་བྱེད་པ།

༥༽ བྱུང་རིམ་ངོས་ཟིན་ནི། གསར་འགྱུར་འབྲི་སྐབས་ཀྱི་བརྗོད་གཞི་དེ་བྱུང་བའི་རིམ་པ་དག་གསལ་ཐང་གིས་འཐུས་ཚང་དུ་གཏོང་བ་དང་ཁ་མ་གསལ་བ་དག་གསར་འགོད་པའི་བཅར་འདྲི་བརྒྱུད་ནས་གསལ་ཁ་འདོན་དགོས་པ་ཞིག

༦༽ འདྲ་པར་ངོས་ཟིན་ནི། གསར་འགོད་བྱེད་སྐབས་ངེས་པར་དུ་སྐབས་དེའི་སྐུ་མགྲོན་གཙོ་བོ་དང་། བརྗོད་དོན། དེའི་ཉེ་ཁོར་གྱི་འབྲེལ་ཡོད་དངོས་པོ་དག་འདུ་བའི་པར་རིས་འཐུས་ཚང་ཞིག དེ་མིན། པར་རིས་སུ་ཡ་ཡོ་དང་ཁྱ་ཁྱོར་མེད་པར་ལས་སྣོན་ཇི་ཡང་བྱེད་མི་དགོས་པའི་རྣམ་པ་ཞིག་ཏུ་པར་གདབས་དགོས།

༧༽ བརྙན་གཟུགས་ངོས་ཟིན་ནི། གསར་འགོད་བྱེད་སའི་སྐབས་ཀྱི་མི་སྣ་གཙོ་བོའི་གསུང་བཤད། དེ་འབྲེལ་གྱི་ཚོགས་འདུར་སླེབས་པའི་མི་སྣ་རྣམས་བརྙན་ཕབ་བྱེད་པ་དང་དེ་འབྲེལ་གྱི་བཅར་འདྲི་ཞུ་བ་ཞིག
གོང་གི་དོན་ཚན་བདུན་ནི་གསར་འགོད་ཀྱི་རྒྱུན་ཤེས་ཙམ་དུ་གཏོགས་ཡོད་པས་གཞུང་ལུགས་ཤིག་ཏུ་འདོད་ཀྱི་མེད། སྤྱིར་བཏང་གིས་མི་ཞིག་ལ་གསར་འགོད་བྱེད་པའི་རེ་འདུན་ཡོད་དུས་ངེས་པར་དུ་འདི་ཙམ་གྱི་རྒྱུན་ཤེས་ཤིག་དགོས་པར་མཐོང་།

གསར་འགྱུར་ལ་མཚན་ཉིད་འཇོག་དུས་མི་རེས་མ་འདྲ་བ་དུ་མ་ཞིག་བཞག་ཡོད་སྐོར་ཐོས་ཚོད་ཡོད་ཀྱང་། ང་རང་ཉིད་ཀྱི་ཉམས་མྱོང་ཆུང་ཙག་གིས་བལྟས་པ་ཡིན་ན། སྐབས་དེའི་བརྗོད་དོན་དེ་རྣམ་པ་གསལ་ལྷང་དང་དེ་འབྲེལ་གྱི་བཅའ་འདྲི་བརྒྱུད་དེ་རྒྱུ་ཆ་འདེམས་བསྒྲིགས་བྱས་པ་ལ་ཟེར་འདོད།

གསར་འགྱུར་འདི་ནི་ཇི་བཞིན་བརྗོད་པའི་རྩོམ་གྱི་འགྲོས་དང་འདྲ་བར་སྣང་ཡང་། མི་སྣ་དང་ཁོར་ཡུག་ཞིབ་འབྲི་བྱེད་པའམ་དེའི་གཟུགས་བརྙན་བཞེངས་བསྐྲུན་བྱེད་པ་ནི་གསར་འགྱུར་འབྲི་བའི་སྐབས་ཀྱི་བྱ་བ་མ་ཡིན་པས་ན། འདི་ནི་མ་འདྲ་བའི་ཆ་ཡིན་ལ། བརྗོད་གཞི་གསལ་བཤད་བྱེད་སྐབས་སུ་དེ་འབྲེལ་གྱི་མི་སྣ་དག་གི་སྐད་ཆ་དང་གནད་དུ་འཛིན་དགོས་པ་ལས་གསར་འགོད་པའི་འདོད་མོས་ལྟར་དུ་འབྲེལ་མེད་ཀྱི་སྐད་ཆ་བསྲེས་བསླད་མི་བྱེད་པ། གསར་འགོད་པས་གསར་འགྱུར་བྱེད་ཡུལ་གྱི་བརྗོད་གཞིའི་ཚིག་དང་བསྟུན་ནས་དྲི་བ་དྲིས་ལན་གྱི་ངོས་ནས་གསལ་བོ་བཟོ་ཆོག་ལ། དྲི་བ་ལ་བཟང་ངན་དང་དོགས་ཟོན་གྱིས་དབྱེ་བ་མེད་པར་ཕ་རོལ་བོ་ལ་འདྲི་ཆོག་པ་དང་། དྲིས་ལན་དེ་བཞིན་ཐད་ཀར་ཇི་མ་ཇི་བཞིན་དུ་སྒྲ་ཕབ་བྱེད་དགོས། དེ་ལས་གསལ་ཐང་བཟོ་ན་དེ་འབྲེལ་གྱི་མི་སྣ་དག་ལ་བཅར་འདྲི་བྱེད་ཆོག་པ་ནི་གསར་འགོད་པའི་ཐོབ་ཐང་ཅིག་ཏུ་ངོས་འཛིན་བྱས་ཆོག་སྙམ།

གང་ལྟར་གསར་འགྱུར་ནི་ཉིན་རེའི་བྱ་བའི་འགུལ་བསྐྱོད་ཁྲོད་ཀྱི་དོན་རྐྱེན་དེ་དག་ལས་སྤྱི་ཚོགས་སུ་གསལ་སྟོན་བྱེད་དགོས་པའི་རིགས་ཕྱོགས་བསྡུས་བྱས་པ་ཞིག་ཡིན་པས་ན། གསར་འགོད་པས་དེ་བཞིན་སོ་སོའི་ཁོར་ཡུག་གི་ག་ས་གང་དུ་གནས་ཚུལ་རྟོག་ཞིབ་བྱེད་དགོས་པ་དང་སོ་ལྟ་བ་ནང་བཞིན་མིག་དང་རྣ་བ་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་སུ་གཏོད་དགོས། ད་རུང་ཚག་ཡངས་དང་འབད་བརྩོན་ལྷོད་མེད་ཀྱིས་ཉིན་རེའི་གསར་འགྱུར་ལ། རྣམ་པ་འཐུས་ཚང་དུ་གཏོང་བའི་ཕྱོགས་སུ་ཐབས་ཤེས་དང་འབྲེལ་ལམ་སྣ་ཚོགས་སུ་འབད་དགོས་ལ། སྤྱི་ཚོགས་སུ་མི་སྣ་ཡོད་ཅོག་ཏུ་འབྲེལ་ལམ་བརྒྱུད་དགོས་པ་ནི་གལ་གནད་ཅིག་རེད་བསམས། སྤྱི་ཚོགས་སྟེང་གི་མཐོ་བ་དཔོན་པོ་དང་དམའ་བ་སྤྲང་པོ་ཡན་ཆད་ལ་ཉེ་རིང་ཆགས་སྡང་མེད་པའི་སྒོ་ནས་རྒྱུས་ལོན་དང་གནས་སྟངས་ཞིབ་ཚགས་ངང་བཅར་འདྲིའི་རྣམ་པ་ཅན་ལས་སྒྲ་གཟུགས་ཡི་གེ་ཆ་ཚང་ཞིག་ལེན་པ་ནི་གལ་ཆེན་དུ་གྱུར་འདུག

གསར་འགོད་པར་ཚང་དགོས་པ་ཞིག་ནི། བརྙན་ལེན་འཕྲུལ་ཆས། པར་ལེན་འཕྲུལ་ཆས། སྒྲ་ལེན་འཕྲུལ་ཆས། ཟིན་དེབ་དང་སྨྱུ་གུ འདི་དག་ངེས་པར་དུ་ཚང་དགོས་ལ། དགོས་ངེས་པའི་ཆ་རྐྱེན་འདི་དག་གསར་འགོད་པས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་བྱས་ན་གསར་འགོད་བྱེད་པའི་མཐུན་རྐྱེན་བཟང་ཤོས་དང་གལ་ཆེན་ཞིག་ཏུ་ཆགས་པར་མཐོང་།
རང་གི་བསམ་ཚུལ་ཞིག་ལ། གསར་འགྱུར་འབྲི་དུས་སྒྲོམ་གཞི་སྒྲིག་དུས། ཐོག་མར་དུས་ཚོད་དང་། དེ་ནས་ས་གནས། མི་སྣ། དོན་རྐྱེན། བྱུང་རིམ། འདྲ་པར་དང་གཟུགས་བརྙན་བཅས་པ་ཡོད་ན་གསར་འགྱུར་འཐུས་ཚང་ཞིག་རེད་འདོད།

གསར་འགྱུར་འབྲི་སྐབས་སུ་ཚིག་གྲུབ་བཟོ་དུས་སུ་སྤྱི་ཚོགས་ཀྱི་སྐད་ཆ་དང་ཐག་ཉེ་རུ་གང་ཐུབ་ཐུབ་ཀྱིས་གཏོང་བར་འབད་པ། རྒྱུན་སྤྱོད་ཐ་སྙད་དང་ཚིག་གྲུབ་ཐུང་ཐུང་། ཚན་བསྒོས་མང་པོ་བྱེད་པ། སྐད་རིགས་གཞན་གྱི་སྟེང་གི་མི་མིང་དང་ས་མིང་སོགས་ཡིག་སྒྱུར་བྱེད་ན་དོན་དག་མི་སྟོན་པའི་སྒྲ་སྒྱུར་བྱེད་པ་གལ་ཆེ་ཞིང་། དེ་ལ་ཤན་སྦྱར་བྱས་ན་ལྷག་ཏུ་བཟང་བར་བསམས།
གསར་འགོད་ལས་རིགས་ཀྱི་ཁྲོད་དུ་ལས་ཀའི་ངོ་བོ་དེ་ནི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་དང་འབྲེལ་བ་ཡོད་པས་ན། གསར་འགོད་པ་གསར་བ་ཞིག་ལ་མཚོན་ན་སྔོན་ཆད་གོ་ཐོས་ཙམ་ཡང་མེད་པའི་བརྗོད་དོན་དང་དེའི་སྐོར་གྱི་སྐད་ཆའི་བརྒྱུད་རིམ་སོགས་སུ་སློབ་སྦྱོང་གསར་དུ་བྱེད་པ་དང་མཚུངས། དཀའ་ངལ་འདི་དག་ནི་ང་ཚོས་ངེས་པར་གདོང་ལེན་བྱས་ཏེ། བྱ་ལས་དེ་རིགས་སུ་དམིགས་བསལ་གྱིས་ཤུགས་མ་རྒྱབ་པ་ཡིན་ན། གསར་འགྱུར་བྱེད་སྟངས་ཀྱི་འགན་འཁུར་དང་དམིགས་ཡུལ་སོགས་སུ་ཕོག་ཐུག་ཤོར་ནས་གསར་འགོད་པ་དངོས་ཤིག་ཆགས་པའི་གོ་སྐབས་མེད་པར་འགྱུར་བར་མ་ཟད། སྒྱིད་ལུག་དང་ཁྲལ་འཇལ་བ་ལྟ་བུ་ཞིག་ཏུ་འགྱུར་བར་ཉེན་ཁ་འདུག་པར་བསམས།

ད་ལྟའི་བརྡ་འཕྲིན་དུས་རབས་སུ་ངོ་དེབ་དང་སྐད་འཕྲིན་སོགས་ཀྱིས་གསར་འགྱུར་ཡིན་མིན་ཐམས་ཅད་འགན་འཁུར་མེད་པའི་སྒང་ནས་བཀོད་ཅི་ཐུབ་བྱེད་པའི་སྐབས་འདིར། གསར་འགོད་པའི་ལས་ཀ་ནི་སྤྱི་ཚོགས་སྒང་གི་ལས་ཀ་ཐོལ་པ་ཞིག་ཏུ་མཐོང་བའི་རྣམ་པ་ཡོད་ཀྱང་། ཞིབ་ཀྱིས་ལྟོས་ན་གསར་འགོད་པས་གསར་འགྱུར་གྱི་བརྗོད་གཞི་དང་འབྲེལ་ནས་བཅར་འདྲི་བྱས་ཡོད་ལ། ད་རུང་དེའི་སྐབས་ཀྱི་འདྲ་པར་སོགས་གང་མང་ཞིིག་དངོས་སུ་གདབས་ཡོད་ཅིང་། གསར་འགྱུར་གྱི་ཡིག་ཚགས་དག་ཁག་སྒོས་ཀྱིས་ཉར་ཚགས་བྱས་ཡོད་པས་ན། ག་དུས་ཡིན་རུང་གསར་འགྱུར་རྙིང་གྲོས་རིགས་དགོས་མཁོ་ཡོད་ཚེ་འཚལ་ཆོག་ཆོག་གི་ཁྱད་ཆོས་སོགས་ཡོད་པས་ན། གསར་འགྱུར་ནི་རྒྱུ་ཆ་ཕྱོགས་བསྒྲིགས་ཤིག་དང་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩ་བའི་མ་རྩ་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་བསམས།

ས་སྒང་རིལ་མོ་འདིའི་སྒང་ནས་རྩོམ་ཡིག་གི་རིགས་འདྲ་མིན་ཇི་འདྲའི་མང་པོ་ཞིག་བྲིས་ཡོད་པ་དེ་དག་ཀྱང་། སྤྱི་ཚོགས་ཀྱི་སྒྲོམ་གཞི་ཞིག་གཙོར་འདོན་བྱས་ནས་བརྗོད་གཞི་འཚོལ་བསྙེགས་བྱས་ཡོད་པས་ན། སྤྱི་ཚོགས་འཚོ་བ་ནི་རྩོམ་རིགས་ཀྱི་འབྱུང་ཁུངས་ཡིན་ཟེར་བ་ལྟར། གསར་འགྱུར་ནི་སྤྱི་ཚོགས་འཚོ་བར་ཁ་བྲལ་ཐབས་མེད་ལ། སྤྱི་ཚོགས་འཚོ་བའི་ནང་གི་དོན་རྐྱེན་ཅི་རིགས་བྱུང་བ་རྣམས་ཀྱིས་སྤྱི་ཚོགས་ཤིག་གི་ཁྱད་ཆོས་དང་ངོ་བོ། རྣམ་འགྱུར། འགྲོ་སྟངས་སོགས་མཚོན་པས་ན། གསར་འགྱུར་ཁྲོད་དུ་དེ་དག་གི་རྣམ་པ་གསལ་བར་བྱེད་པའི་རྒྱུ་ཆ་ཕྱོགས་བསྡུས་བྱས་ཡོད། དེ་བས་གསར་འགྱུར་ནི་སྤྱི་ཚོགས་ཤིག་སྔོག་པའི་གཏེར་ཁ་ལྟ་བུ་ཆགས་ཡོད་པ་དང་བཅས།

༢༠༡༤།༠༤།༠༧དགོངས་མོ།

དཔྱད་རྩོམ།

Post navigation

Previous Post: ན་གཞོན་ཚོའི་མདུན་དུ་ལྷག་པའི་བོད་སྐད་ཡིག་གི་མདུན་བསྐྱོད།
Next Post: གནས་སྐོར་གྱི་མཐོང་ཐོས་འགའ།

Comments (2) on “གསར་འགོད་བྱེད་སྟངས་རགས་བསྡུས་ཤིག”

  1. ཤར་ཕྱོགས་ཁུག་རྟ། says:
    2014-04-08 at 12:17 pm

    ཁྱེད་ཀྱི་བསམ་ཚུལ་རྣམས་བཀླགས་ཟིན། ཁོ་བོས་གསར་འགྱུར་འབྲི་ཕྱོགས་ཀྱི་སྒྲིག་གཞི་འདྲ་བོ་ཟེར་དགོས་རེད། ཡང་ན་སྐད་ཅ་ཆེན་པོ་བཤད་ན་དེའི་གཞུང་ལུགས་ལ་ཅང་བལྟས་མྱོང་མེད་པས་ཡག་པོ་འདུག་མིན་བཤད་ཤེས་མ་སོང་མོད། རང་གི་ལས་དོན་རང་ངོས་ནས་བསམ་བློ་གཏིང་ཟབ་པོ་ཞིག་བཏང་གཏོང་བཞིན་པ་དེ་བསམ་ཚུལ་འདི་ལས་ཤེས་ཐུབ་ཀྱི་འདུག ངས་གངས་སྐྱིད་དང་ཚོགས་སྡེ་ཁག་གི་ལས་བྱེད་དེ་འདྲ་མང་པོ་ཞིག་མཐོང་མྱོང་ཙང། ལས་བྱེད་ཅིག་ཡིན་ན། རང་གི་ལས་ཀ་དེ་བྱང་ཆུབ་པ་ཞིག་ཤེས་རྒྱུར་འདོད་པ་ཡོད་ཚར་དུས། ད་འགྲིག་གི་ཡོད་པའི་ཟོལ་འདྲ་ཞིག་འདུག་བསམས། དེའི་ཆ་ནས་མ་འོངས་པར། སྔོན་མ་ཞིག་ལ་མཁས་དབང་རབ་གསལ་ཚང་ཡིན་ན། དུས་བབ་རྩོམ་སྒྲིག་པ་ཟུར་པ་ལུང་རིགས་ཡིན་ན། ཅིག་གིས་ཁ་ཎ་ཌའི་བོད་རིག་པའི་ཚོགས་འདུ་ཞིག་གི་ཐོག་ལ་བོད་ཀྱི་གསར་འགྱུར་སྐོར་ལ་རྩོམ་ཞིག་བྲིས་ཡོད་པ་རེད། དེ་ཚོར་ཅིག་ལྟ་ཐུབ་ན་ཡག་གི་རེད་ཝ། བོད་པའི་སྤྱི་ཚོགས་ནང་གསར་འགྱུར་ག་དུས་དར་མིན་དང་དེར་ངོས་འཛིན་བྱེད་སྟངས། དེ་གཞན་དག་དང་བསྡུར་ནས། མཐའ་མར་རང་གི་བསམ་ཚུལ་འབྲི་ཐུབ་ན་དེ་བས་ཡག་ས་རེད། བསམ་ཚུལ་ཙམ་ཡིན། དེ་ཙམ་ཞུ།།

  2. དཔལ་དོན། says:
    2014-04-09 at 2:15 am

    དགོངས་མོ་ཟེར་ནས་བྲིས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme