Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགོད་པ་ཚོས་འགན་ཁུར་དང་ལེན་བྱེད་དགོས།

Posted on 2011-06-26 By དབང་ཕྱུག་ 1 Comment on གསར་འགོད་པ་ཚོས་འགན་ཁུར་དང་ལེན་བྱེད་དགོས།

ལྷོ་ཕྱོགས་ཉི་ཟླ།

སྤྱིར་གསར་འགོད་པ་ཞིག་ལ་མཚོན་ན་འགན་འཁྲི་ཆེ་བ་མ་ཟད་རང་དབང་ཆ་ཚང་ངེས་པར་དུ་དགོས་བ་ཞིག་རེད། རྒྱ་ནག་གི་མཚོན་པའི་རྒྱལ་ཁབ་རིགས་ཁ་ཤས་ཞིག་གིས་སྤྱི་ཚོགས་ནང་དུ་རྫུན་གཏམ་དང་འཁྱོག་གཏམ་སྣ་ཚོགས་པ་ཞིག་སྤེལ་ཅི་ཐུབ་བྱེད་ཀྱིན་ཡོད་པ་མ་ཟད་གསར་འགོད་པ་ཚོ་ཡང་རང་དབང་དང་ཐོབ་ཐང་ཆ་ཚང་འཕྲོག་ནས་སྤྱི་ཚོགས་ནང་དུ་མི་མང་ལ་མགོ་བསྐོར་བསླུ་བྲལ་གཏོང་ཐབས་བྱེད་རྒྱུ་ནི་གཙོ་བོ་གསར་འགོད་པ་ཚོ་ལ་འགན་ཆེན་པོ་སྤྲད་འདུག

ང་ཚོའི་བོད་པའི་བཙན་བྱོལ་གྱི་སྤྱི་ཚོགས་འདི་དེ་ལྟར་མ་ཡིན་པར༸གོང་ས་མཆོག་གིས་བཀའ་དྲིན་ཉག་གཅིག་གི་རང་དབང་དང་མང་གཙོ་ཚད་དང་ལྡན་པ་ཞིག་མི་མང་ལ་གསོལ་རས་བསྩལ་བཞག་པ་ཞིག་རེད། འདི་ནི་ལོངས་སུ་སྤྱོད་རྒྱུ་འདི་མིའི་རིགས་ཚང་མ་ལ་ཆ་མཐུན་དུ་ཐོབ་ཐང་ཡོད་བསྡད་པ་ཞིག་རེད།

བཙན་བྱོལ་ཁྲོད་ཀྱི་གསར་འགོད་པ་ཞིག་ཡིན་ན་ཡང་རང་དབང་དང་ཐོབ་ཐང་ཆ་ཚང་བ་ཞིག་རང་ཉིད་ལ་དབང་བསྡད་ཡོད་པ་འདི་ངོ་ཤེས་བའི་སྟེང་ནས་དངོས་པོའི་གནས་ཚུལ་དང་དྲང་མོར་དྲང་བཞག་གི་གསར་འགོད་གསར་བསྒྲག་བྱེད་རྒྱུ་འདི་བླ་ན་མེད་པའི་འོས་འགན་དང་འཁྲི་ཆེ་ཤོས་ཞིག་རེད།

དེ་མིན་མི་ལ་ཆ་འཇོག་བྱས་ནས་དེ་ཙམ་གྱི་སྐད་ཆ་དེ་ལ་བདག་པོ་རྒྱབ་ནས་རང་ཉིད་ཀྱི་བརྟག་དཔྱད་མ་བྱས་པར་སྤྱི་ཚོགས་ནང་དུ་ཁྱབ་སྤེལ་བྱས་ན་དེ་ནི་ཆེས་མི་མཐུན་པ་མ་ཟད་སྤྱི་ཚོགས་ནང་དུ་ཡང་རྡབ་སིག་གཏོང་བའི་ཉེན་ཁ་ཆེ་བས་གསར་འགོད་པ་ཚོའི་འགན་འཁྲི་དེ་རྣམ་དཔྱོད་དང་དྲང་བདེན་གྱི་སྒོ་ནས་ཁུར་རྒྱུ་ཞེ་དྲག་དགོས་གལ་ཆེ་བར་མཐོང་།

ཁ་སྔོན་སྐབས་བཅུ་བཞི་བའི་གྲོས་ཚོགས་མཐའ་མ་ཚོགས་སྐབས་སུ་སྤྱི་ཚོགས་ནང་དུ་གླེང་གཞི་འདྲ་མིན་སྣ་ཚོགས་ཞིག་ཡོང་ཡོད་པས་དེ་ནི་གཅིག་ནས་གསར་འགོད་པ་ཚོའི་ཞན་ཆ་ཞིག་ཡིན་པ་མ་ཟད་གཉིས་ནས་རླུང་འཕྲིན་ཁང་གི་འགན་འཛིན་པ་དེ་ཚོའི་ཡང་ཉེས་སྐྱོན་ཞིག་རེད།

དེང་སང་རྗེས་ནས་སྤྱི་འཐུས་ཚོ་ས་གནས་སོ་སོར་ཕེབས་ནས་ཁ་སྔོན་གྲོས་ཆོད་ཀྱི་དགོངས་དོན་དག་མི་དམངས་ཚོར་གསར་བསྒྲག་བྱེད་དང་བྱེད་བཞིན་པ་རེད། ཁ་སྔོན་དྲ་ཚིགས་དང་རླུང་འཕྲིན་སོགས་བརྒྱུད་རིམ་མང་པོ་ཞིག་ནས་དཀྲོག་གཏམ་སྣ་ཚོགས་པ་ཞིག་སྤྱི་ཚོགས་ནང་དུ་གླེང་སློང་དང་དོགས་གཞི་ཆེ་བས་རིགས་དེ་དག་དེ་རིང་ཁ་སང་ཞི་འཇམ་ངང་འགྲོ་དགོས་བ་འདི་རྒྱུ་མཚན་ཅི་ལ་ཐུག་ཡོད་དམ། འདི་ལ་ཡང་ཐུགས་བསམ་རེ་བཞེས་དགོས་རྒྱུ་གལ།

དེ་དང་དེ་མཚོན་པའི་དངོས་བོའི་གནས་ཚུལ་ལ་ཞིབ་འཇུག་མ་བྱས་པར་གཡམ་རྒྱུག་རྐྱང་རྐྱང་བྱས་བསྡད་ན་བོད་རང་ཡིན་ན་ཡང་གྱོང་རྐྱང་རྐྱང་མ་གཏོགས་ཁེ་ཞིག་ཡོང་ཐབས་བྲལ་བས་རྒྱལ་སྤྱིའི་རྩོམ་པ་པོ་དང་གསར་འགོད་པ་དང་སྤྱི་ཚོགས་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་མཁན་ཚང་མའི་ཁུར་མཉམ་ལེན་ཐོག་དྲང་བདེན་དང་དངོས་བོའི་གནས་ཚུལ་སོགས་ལ་གཞི་བཅོལ་ནས་སོ་སོའི་འགན་གཙང་མ་ཞིག་ཁུར་རྒྱུ་འདི་རང་མི་རིགས་ཀྱི་བདེ་སྡུག་ངོ་མ་ཞིག་ལ་ཐུག་ཡོད་པས་ཚང་མའི་ཐུགས་བསམ་རེ་བཞེས་རྒྱུ་གལ།

སྣ་ཚོགས།

Post navigation

Previous Post: "ཕོ་ཉུལ་ཁྱི་རྡུང"ཞེས་པའི་གློག་བརྙན་ཐུང་ཐུང་བྲོ་བ་ཅན་ཞིག
Next Post: ངས་འདི་ལྟར་སྡོད་ཐུབ་བམ།

Comment (1) on “གསར་འགོད་པ་ཚོས་འགན་ཁུར་དང་ལེན་བྱེད་དགོས།”

  1. dawa says:
    2011-06-29 at 4:29 am

    ལྷོ་ཕྱོགས་ཉི་ཟླ་འདི་དངོས་གནས་དོན་མཐུན་གྱི་ཉི་ཟླ་རང་རེད། ཁོའི་སོར་རྩེ་ལས་བབས་པའི་ཁྲག་ཐིག་རེ་རེ་ནི་འོད་དུ་འཚེར་བའི་མིའི་རིགས་ཀྱི་ལྗགས་ཕྱེ་གྱ་ནོམ་པ་རེ་རེས་གྲུབ་འདུག དེ་བས་ཀྱང་ཁོང་ནི་སྒམ་ཚུགས་ཅན་དང་བློ་མིག་ཅན་ཞེས་པའི་ཐ་སྙད་འདིའི་དོན་སྙིང་གིས་བརྟས་པའི་རྩོམ་པ་པོ་ཞིག་ཡིན་སྟབས། འོས་ཤིང་འཚམ་པའི་འགན་འཁྲིའི་ར་བ་ལས་ཅུང་ཙམ་ཡང་མི་བརྒལ་བ་དེས། ཀློག་པ་པོར་མཚོན་ན་ཆེས་གུས་བརྩི་བྱ་འོས་པ་ཞིག་རེད་སྙམ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme