Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགོད་གསལ་བསྒྲགས།

Posted on 2013-02-172013-02-17 By ཁ་བརྡ་ 24 Comments on གསར་འགོད་གསལ་བསྒྲགས།

མཁྱེན་ཆུབ་བཞིན། ཕྱི་ལོ་༢༠༡༢།༣།༡༠ ཉིན་ནས་ངེད་ཀྱིས་བོད་བསྟན་སྲིད་མི་རིགས་ཆེད་ཞི་བའི་འཐབ་རྩོད་དང་པོ་གནང་སྐབས་སུ་དངོས་ཤུགས་བརྒྱུད་གསུམ་ནས་རོགས་འདེགས་དང་། རྒྱབ་སྐྱོར་བྱེད་མཁན་ཚང་མར་གནམ་ལོ་གསར་བའི་ནང་ངེད་ཀྱིས་གུས་བརྩི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྐབས་དོན་ནི། ངེད་ཀྱིས་རིང་མིན་ཞི་བའི་འཐབ་རྩོད་ཁྲོད་ཀྱི་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་སླར་ཡང་འགོ་འཛུགས་བྱེད་རྒྱུ་ཡིན། ཞི་བའི་འཐབ་རྩོད་ཀྱི་གོམ་བགྲོད་ཐེངས་གཉིས་པ་ས་མཚམས་གང་ནས་འགྲོ་རྒྱུ་སོགས་ཡོངས་བསྒྲགས་བྱེད་རྒྱུར་སྐབས་སུ་བབ་མེད། ཞི་བའི་འཐབ་རྩོད་ཁྲོད་ཀྱི་ཞི་བའི་གོམ་བགྲོད་ཐེངས་གཉིས་པའི་ནང་སྔར་ལྟར་དྭང་བླངས་བ་སུ་ཞིག་ཞུགས་འདོད་ཡོད་ཀྱང་ཕྲན་གྱིས་དགའ་བསུ་ཞུ་རྒྱུ་ཡིན།
འོན་ཀྱང་། ད་རེས་ཀྱི་གོམ་བགྲོད་འདི་ལ་མགོ་ནས་མཇུག་བར་མཉམ་ཞུགས་བྱེད་མཁན་ལ་ལོ་གྲངས་ཤིག་ཚད་བཟུང་བྱས་ཡོད། དེ་ནི་ལོ་ལྔ་བཅུ་ང་ལྔའི་མན་ཆད་དང་ལོ་བཅོ་བརྒྱད་ཡན་ཆད་ཀྱི་ལོ་ཚད་ཡིན་དགོས་ཀྱི་ཡོད། ཉིན་འགའ་རེར་མཉམ་ཞུགས་བྱེད་མཁན་དག་གི་ལོ་ཚད་སོགས་སུ་དགག་བྱ་གང་ཡང་མེད། གཙོ་བོ་ད་རེས་ཀྱི་ཞི་བའི་འཐབ་རྩོད་འདིའི་ཁྲོད་ཀྱི་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་བརྒྱུད་བོད་དུ་འགྲོ་ཐུབ་པ་བྱེད་རྒྱུ་དེ་ཡིན་ལ། སྔར་དང་མི་འདྲ་བར་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་ལམ་བར་དུ་བཀག་འགོག་བྱེད་མཁན་འདྲ་བྱུང་ཚེ་ས་གནས་དེ་རང་དུ་ཟས་བཅད་ངོ་རྒོལ་དང་ཞི་བའི་ངག་བཅད་བྱེད་རྒྱུའི་དམ་བཅའ་བཞག་ཡོད།
ཞི་བའི་འཐབ་རྩོད་ཀྱི་གོམ་བགྲོད་ཐེངས་གཉིས་པ་ནི་ཞི་བའི་འཐབ་རྩོད་ཀྱི་སྟོབས་ཤུགས་ཆེ་ཤོས་སུ་ལག་ལེན་དུ་འཁེལ་ཐུབ་པ་བྱེད་རྒྱུ་ཡིན། ཞི་བའི་འཐབ་རྩོད་ཐེངས་དང་པོའི་སྐབས་སུ་གཏོང་ཕོད་དང་བོད་ཞེན་ཆེ་བའི་རྒྱལ་གཅེས་པ་དག་གིས་དང་བླངས་ངང་ཕུལ་བའི་ཞལ་འདེབས་གང་ཡོད་པ་དག་ད་རེས་ཀྱི་ཞི་བའི་འཐབ་རྩོད་ཐེངས་གཉིས་པ་ལ་བེད་སྤྱོད་གཏོང་རྒྱུ་ཡིན། ཞི་བའི་འཐབ་རྩོད་ཐེངས་གཉིས་པར་མཉམ་ཞུགས་བྱེད་མཁན་ཚོར་ཞལ་འདེབས་ཀྱི་དངུལ་མ་རྫོགས་པར་དུ་འགྲོ་སོང་གཏོང་ཐབས་བྱེད་རྒྱུ་ཡིན།
ཕྱི་ལོ་༢༠༡༣།༣།༡༠ཉིན་ཞི་བའི་འཐབ་རྩོད་ཀྱི་གོམ་བགྲོད་ཐེངས་གཉིས་པ་འགོ་འཛུགས་བྱེད་རྒྱུ་ཡིན། ངས་རྩོད་བཞིན་པ་ནི་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཡིན་ལ། བོད་མི་རིགས་ཀྱི་བདེན་པར་མཐའ་གསལ་རྒྱུ་ཡོད་པར་ངེད་ཀྱིས་ཡིད་ཆེས་བྱེད་ཀྱིན་ཡོད།

ས་ཡ་དྲུག་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་༢༠༡༣།༢།༡༧ ཉིན།

གསལ་བསྒྲགས།

Post navigation

Previous Post: བདེན་པ་སྐྱོང་བར་སྐུལ་བའི་གཏམ།
Next Post: ང་བུ་ཡིན།

Comments (24) on “གསར་འགོད་གསལ་བསྒྲགས།”

  1. ཆོས་འཕེལ་དར་རྒྱས་ says:
    2013-02-17 at 8:21 am

    ལགས་སོ། སྐུ་གཟུགས་དང་འཕྲོད་རྟེན་ལ་ལམ་ནས་གཟབ་རོགས་གནང་། ནམ་ཞིག་གི་ཚེ་ན་ཉིད་ཀྱི་བསམ་དོན་འགྲུབ་ནས་ལྷ་ས་ཇོ་ཁང་མདུན་ལ་མཐའ་མའི་ཕྱགས་གསུམ་དེ་འཚལ་ཐུབ་པའི་རེ་བ་དང་ཡིད་སྨོན་ཡོད།

  2. འཇིགས་མེད་ཐོས་པ་རང་གྲོལ། says:
    2013-02-17 at 8:59 am

    ཡང་བསྐྱར་རྒྱ་ནག་གི་རྒྱ་དར་ཁུར་ནས་འགྲོ་རྒྱུ་ཡིན་རེད། ད་ཐེངས་ཕལ་ཆེར་རྡ་གཙུག་ལག་ཁང་རང་ནས་རྒྱ་ནག་གི་རྒྱ་དར་ཕྱར་ནས་སོང་ན་ཡག་པོ་འདུག སྟབས་རེ་ཁེལ་ན་གངས་སྐྱིད་བཀའ་ཤག་གི་ཏོག་ཏུ་ཡང་རྒྱ་ནག་གི་དར་དམར་ཞིག་འཛུགས་རོགས།

    གང་ཡིན་ཟེར་ན། དུས་ཚོད་ཡོད་ཚད་མགོ་མཇུག་ལྡོག་ནས་ད་ལྟ་ང་ཚོས་མེས་པོ་དང་འདས་པོ་གོང་མ་ཚོས་བླ་རྐང་རླུང་ལ་སྐུར་བཞིན་ཡོད་པ་རེད། དར་དམར་དེས་བོད་མི་ས་ཡ་གང་མང་གི་ཟུངས་ཁྲག་འཐུངས་ཡོད།

    ཐེངས་གཉིས་པར་ཡང་སྔར་བཞིན་ཞལ་འདེབས་གང་མང་བསགས་རོགས་ཞུ། ཤུ་ཤུ་ཤུ་་་་་་ད་བོད་ཀྱི་འཐབ་རྩོད་དེ་མཚམས་ག་བར་སླེབས་འདུག་ཨང་།

  3. ལུང་རྟོགས། says:
    2013-02-17 at 9:24 am

    ཨ་རོག་་་འཇིག་མེད་ཐོས་པ་རང་གྲོལ་ལགས། ཁྱེད་རང་བོད་མི་རིགས་ལ་སེམས་ཁུར་དེ་འདྲ་ཡོད་ན་དེ་རིང་ཁོང་གི་མཉམ་དུ་གོམ་བགྲོད་ལ་མཉམ་ཞུགས་གྱིས་དང་ཨ་མའི་བུ་ཡིན། དེ་མིན་རང་གིས་ཅི་ཡང་མི་འཇོན་པར་དཀའ་ལས་རྒྱག་མཁན་ལ་ཁ་གཏོང་རྒྱུ་བཞག་ན་ལེགས། རྒྱ་ནག་གི་རྒྱལ་དར་འཕྱར་བར་ང་ཡང་འདོད་མོས་མེད་ཀྱང་ངས་ཁོང་ལ་གང་ཡང་ཞུ་མི་ནུས། དེ་ནི་ང་རང་ཉིད་ཀྱིས་ཅི་ཡང་མི་འཇོན་པས་ཡིན།

  4. དོལ་སྨྱོན། says:
    2013-02-17 at 10:45 am

    བོད་མི་རིགས་ཀྱི་དཔའ་བོ། ས་ཡ་དྲུག་གི་བུ། ཁྱོད་ནམ་ཡང་རྒྱལ་གྱུར་ཅིག

  5. འབྲོག་ཕྲུག says:
    2013-02-17 at 11:56 am

    ཁྱོད་རང་དང་པོ་དྷ་ས་ནས་ཐོན་དུས་ངའི་མིག་ཀོང་མཆིལ་མ་རེད། དེ་ཙམ་ག་ནས་ཚད། བུ་མོ་ཐར་མ་མཚོ་གཙོས་པའི་མ་སྨད་རྣམས་ཡུལ་དུ་བཞག་ནས་ཡོང་དུས་ནས་ང་ནི་སེམས་ཁམས་བླང་བླང་པོར་གྱུར། འོན་ཀྱང་ཁྱོད་ཀྱིས་སྐར་ལྔ་དར་དམར་དེ་མགོ་ལ་ཕྱར་ནས་འགྲོ་བཞིན་པའི་པར་ཞིག་མཐོང་སོང་བས། དེའི་ཚུན་ཆད་ཁྱོད་གང་དུ་སོང་བ་མིག་གིས་མ་ལྟས་ལ། ད་ནི་ཁྱོད་ཀྱིས་ཅི་འདོད་འདོད་བྱོས། ངའི་རྒྱབ་སྐྱོར་གྱི་མཆིལ་མ་དེ་རྫོགས་སོང་། དགོངས་དག

  6. ཨ says:
    2013-02-17 at 12:03 pm

    གཞིས་ཡུལ་ན་རང་སྲོག་གིས་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད། དེ་ནི་ཆེས་སྟོབས་ས་ནས་ཡིན་ལ་མཐའ་ཡང་ཟད་ས་ནས་ཡིན་སྲིད། འོན་ཀྱང་། སྐབས་འདི་འདྲ་ཞིག་ལ་བྱེས་ཡུལ་ན་ཅི་ཞིག་འདུག་གམ་ཞེས་པའི་ལན་དུ། བདག་གིས་བསམ་ན། ཐུན་མོང་མ་ཡིན་པ་ཞིག་ལ། དཔའ་གླིང་ལས་གཞན་ཅི་ཡང་རགས་མ་བྱུང་། ངོ་མ་ཡིན་་་་་་ཁྱེད་ཉིད་རྒྱལ་བར་ཤོག

  7. རྣ་བ་བརྒྱདཔ་ says:
    2013-02-17 at 1:39 pm

    རང་ཚུག་བསྟན་པོ་ཡོད་པ་དེ་ནང་ན་གདེངས་ཚོད་དང་སྤོབས་པ་ཆེན་པོ་ཡོད་པ་འདྲ། འོན་ཀྱང་གྲུབ་འབྲས་མ་ཐོན་བར་དུ་ང་ཚོ་ལ་སྐོག་དུ་གྱུར་འདུག། ཡིད་ཕང་བ་ཞིག་ལ་ད་ལན་ཡང་རྒྱ་མིའི་དར་ཆ་ཁུར་ཡོད་པའི་དེ་དང་མཉམ་ཞུགས་གནང་བ་དཀོན་པོ་རེད། དེས་རྒྱུ་མཚན་དགྲ་བོའི་དབུ་མའི་ལམ་ཁས་མ་ལེན་པར་མ་ཟད་༧སྐྱབས་མགོན་རིན་པོ་ཆེ་དང་ཁྱོད་ཤི་ང་གསོན་གི་སྲིད་བྱས་ལག་ལེན་བྱེད་པའི་སྨྱོན་པའི་བྲོ་གར་འཁྲབ་པའི་དུས་ཚོད་འདིར། སྤྱོད་པ་འདི་འདྲ་ཡིད་ཡུལ་དུ་ཤོང་དཀའ། གལ་དེ་དེ་ལྟར་བྱས་ན་དགྲ་བོའི་དབུ་མའི་ལམ་ལ་ངོས་ལེན་བྱེད་པའི་རེ་བ་བཅང་བ་ཡིན་ན། བོད་ནང་གི་ཁྱིམ་ཚང་དང་དགོན་ཁེག་སོ་སོར་བཙན་བཀའ་བཏང་ནས་རྒྱ་དར་དམར་པོ་འགྲེང་བཅུག་པ་ལྟར། རྒྱ་ངན་ཚང་གི་ཆས་ངན་གང་འཐེན་ཐམས་ཅད་བཀའ་ཤག་ནས་བཙན་བྱོལ་བ་ཡོང་ལ་ལག་ལེན་བྱེད་དུ་བཅུག་ན་དེ་མི་ལེགས་སམ། སྐབས་འདིར་(སྤྱོད་པ་མི་དང་བསྟུན་དགོས། འདུལ་བ་དུས་དང་བསྟུན་དགོས།)ཟེར་བའི་ཚིག་དེ་ཡང་ཡིད་ལ་ཤར་སོང།

  8. འདྲེ་རྐང་ཐོ། says:
    2013-02-17 at 1:42 pm

    རྒྱ་སྒོར་དམར་བོས་སེམས་ཁམས་བསླུས་པ་ཡིས། །
    ཁྱི་ལས་བཙོག་པའི་མི་བུ་ཅོལ་ཆུང་འགས། །
    སེམས་ལ་གང་དྲན་ཁ་ནས་གང་བྱུང་གཏམ། །
    འཛེམས་དོགས་མེད་པར་སྒྲོགས་རྐྱང་སྙིང་རེ་རྗེ། །

  9. པདྨ་འཕྲིན་ལས་། says:
    2013-02-17 at 3:26 pm

    འཇིགས་མེད་ཐོས་པ་རང་གྲོལ་ལགས་། ཁྱེད་གྱི་ཁྱི་སྐད་མ་རྒྱགས་སྐུ་མཁྱེན། རང་གི་ཅི་ཡང་མི་འཇོན་པའི་མི་ལ་སྡིག་སྨོད་རེ་བྱེས། དེ་འདྲ་མི་ངན་ཞིག།

  10. རིགས་ཞེན་དཀར་པོ། says:
    2013-02-17 at 4:16 pm

    ས་ཡ་དྲུག་གི་བུ་ཡིན་མིན་མི་ཤེས་ཀྱང་མ་རྒན་སྡོམ་པོ་སྐྱིད་ཀྱི་བུ་ཡིན་པ་ནི་ཐག་ཆོད་རེད། གང་ལྟར་ཁྱེད་རང་སུ་ཡི་བུ་ཡིན་མིན་གྱི་ཁྱད་པར་མི་ཆེ་བས་སྐབས་དོན་ངོ་མ་ངའི་བཤད་འདོད་པ་ནི། ལས་འགུལ་སྤེལ་དང་མི་སྤེལ་དེ་ནི་ཁྱེད་རང་མི་སྒེར་གྱི་རང་དབང་ལ་ང་ཡིས་ཐེ་བྱུས་བྱེད་རྒྱུ་གང་ཡང་མེད། གལ་སྲིད་ཁྱེད་རང་སུམ་ཅུའི་དུས་དྲན་ནས་མགོ་གཙུག་སྟེ་ཡང་བསྐྱར་གོམ་འགྲུལ་ལ་ཕེབ་བསམ་ན་ངེས་པར་དུ་དར་དམར་དེ་མཁའ་དབྱིངས་སུ་མི་འཕྱར་རོགས། རྒྱུ་མཚན་ནི། ཁྲག་མདོག་གི་དར་དམར་འདི་ཡི་འོག་ནས་བོད་པ་ཚང་གི་ཆབ་དཔལ་རིག་གསུམ་ལ་སྔར་བྱུང་མྱོང་མེད་པའི་གོད་ཆག་དེ་བྱུང་བ་རེད། དར་དམར་འདི་ཡི་འོག་ནས་སྤུན་ཟླ་ཁྲི་འབུམ་གྱི་སྐུ་སྲོག་ཤོར་སོང་། དར་དམར་འདི་ཡི་འོག་ནས་དགོན་སྡེ་དྲུག་སྟོང་ལྷག་ཙམ་གཏོར་བཤིགས་བཏང་སོང་། དར་དམར་འདི་ཡི་འོག་ནས་༧གོང་ས་མཆོག་གཞན་ཡུལ་དུ་བཙན་བྱོལ་ལ་ཕེབ་དགོས་བྱུང་སོང་། དར་དམར་འདི་ཡི་འོག་ནས་ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པ་སྐྱབས་བཅོལ་ལ་ཕེབ་དགོས་པ་བཟོས་སོང་། དར་དམར་འདི་ཡི་འོག་ནས་རྗེ་འབངས་ཁ་བྲལ་ཏུ་བཏང་སོང་། དར་དམར་ཡི་འོག་ནས་སྤུན་ཟླ་བརྒྱ་ཕྲག་བརྒལ་བས་སྐུ་ལུས་མེ་མཆོད་ལ་ཕུལ་དགོས་བྱུང་སོང་། དར་དམར་འདི་ཡི་འོག་ནས་སྤུན་ཟླ་བརྒྱ་སྟོང་མང་པོ་བཙོན་འོག་ཏུ་ཚུད་སོང་། དར་དམར་འདི་ཡི་འོག་ནས་བོད་གངས་ཅན་པའི་སྐྱེས་མ་བརྒྱ་སྟོང་མང་པོ་ཡུག་མོ་རུ་གྱུར་སོང་། དར་དམར་འདི་ཡི་འོག་ནས་བོད་གངས་ཅན་པའི་གཅེས་ཕྲུག་བརྒྱ་སྟོང་མང་པོ་དྭ་ཕྲུག་ཏུ་གྱུར་ཡོད། དར་དམར་འདི་ཡི་འོག་ནས་བོད་གངས་ཅན་པའི་ནགས་རི་དང་མཚོ་གླིང་། གངས་རི་དང་རྫ་རི། གཡའ་རི་དང་སྤང་རི། རྩི་ཤིང་དང་མེ་ཏོག  གཏེར་ཁ་དང་རིག་དངོས། མདོར་ན་ཡོད་ཚད་ནས་ཡོད་ཚད་བརླགས་ཡོད་པ་མི་ཤེས་སམ། མ་ཚད་ཉིས་སྟོང་བརྒྱད་ཚུན་གཞིས་ལུས་སྤུན་ཟླ་ཚོས་དར་དམར་འདི་ལ་མི་འདོད་པའི་རྣམ་འགྱུར་གྱིས། མེ་ལ་བསྲེགས་ཡོད་ལ། གྲི་ཡིས་གཏུབས་ཡོད།  
    དེའི་རྐྱེན་གྱིས་སྤུན་ཟླ་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད་ལ། བཙོན་འོག་ཏུ་ཚུད་ཡོད་པ་ནི་བསྐྱར་བཤད་མི་དགོས་པ་རེད། ཁྱེད་རང་བོད་ཁ་བ་ཅན་གྱི་བདེ་སྡུག་གི་ཆེད་དུ་འགྲོ་འདོད་ན་དར་དམར་དེ་མ་ཕྱར་རོགས། གུང་ཁྲན་ཏང་གི་ལས་དོན་དང་། བོད་པ་ཚང་ལ་བརྙས་བཅོས། རོ་ཐོག་ཏུ་རྟ་རྒྱུག  རྨ་ཐོག་ཏུ་ལན་ཚྭ་འདེབ་འདོད་ཡོད་ན་དེར་ཟད། ཟམ་གདོང་བླ་རྒན་གྱིས་དགག་པ་མེད་རབས། ཁྱི་རྐུན་ཟླ་ཚེ་དང་སྤྲུལ་རྫུན་ཤར་ཁུག་སོགས་ཀྱིས་རྒྱབ་སྐྱོར་ཡོད་རབས་དང་མཐུན་འབྲེལ་ལ་ཕན་རབས་ཟེར་བ་ནི་གཞིས་ལུས་མི་དམངས་ལ་ངོ་རྒོལ་ཁོ་ན་ཡིན། གལ་སྲིད་མཐུན་འབྲེལ་དམ་ཟབ་དང་བོད་བསྟན་སྲིད་ལ་ཕན་གྱི་ཡོད་ན་དབང་ཤུག་ནི་ཁྱེད་ཚོད་ལ་ཡོད་པས་བཙན་བྱོད་བོད་ཀྱི་བཀའ་ཤག་དང་གྲོས་ཚོགས་ཀྱི་ཐོག་ཏུ་དར་དམར་དེ་ཚུགས་དང་། དབུ་ལམ་ཁང་ཟེར་བ་དེའི་ཐོག་ཏུ་ཚུགས་དང་། ད་དུང་ཟམ་གདོང་བླ་རྒན་མགོ་འཕངས་མཐོ་ནས་ཡོད་པས་ཁྱེད་རང་ཚོ་མགོ་མཐོ་ཤོས་སུ་འགྱུར་བ་གདོན་མི་ཟ།  
    མདོར་ན་བོད་གངས་ཅན་པའི་སྣོད་བཅུད་གཉིས་པོ་དར་དམར་འདི་བོད་དུ་སླེབ་ནས་ཅི་འདྲར་གྱུར་ཡོད་པ་ཤེས་བཞིན་ཏུ་ཁྱོད་ཀྱིས་ཁྲག་མདོག་གི་དར་དམར་དེ་མཁའ་དབྱིངས་སུ་འཕྱར་བཞིན་འགྲོ་བ་ནི་ཕ་བསད་པས་མ་ཚད་སྙིང་བཏོན། འབྲོང་བསད་པས་མ་ཚད་རྔ་མ་ཕྱར་ཟེར་བ་དེ་རེད། ཁྱོས་ཡ་དྲུག་གི་བུ་ཡིན་ཟེར་ནས་རྫིག་མདོག་གི་ཁ་ཕོ་དེ་ཞོག་ལ། ཨ་མ་སྡོམ་པོ་སྐྱིད་ཀྱི་བུ་ཡིན་ན་ཨ་ཕ་དང་ཨ་མྱེ་སོགས་དགྲ་ལག་ཏུ་ཤོར་ཚུལ་ལ་བསམ་བློ་ཐོངས་ལ་དར་དམར་དེ་གཡུག་རོགས།

  11. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2013-02-17 at 5:27 pm

    ཚེ་བརྟན་རྡོར་རྗེའི་གཅེས་ནོར་རྒྱ་དམར་གྱི་རྒྱལ་དར་དེ་ནམ་ཡང་གློད་ས་མ་རེད། ཡང་སྐྱར་དར་དམར་གུང་ལ་འཕྱར་ཏེ་རྡ་ས་ནས་འགོ་འཛུགས་རྒྱུ་རེད་འདུག།

  12. ཅོག་རོང་གི་མྱི། says:
    2013-02-17 at 6:15 pm

    སྐྱ་སེར་གཉིས་ཀྱི་ཀླད་པ་ནང་དུ་ཆུ་འཛུལ་ན།
    ཆོས་སྲིད་གཉིས་ཀྱི་ལ་རྒྱ་རང་ཚུགས་གཉིས་ཀ་ཤོར།
    དབུ་ལམ་རང་བཙན་གཉིས་ལ་བསླད་ཞུགས་ན།
    གཞིས་བྱེས་གཉིས་ཀྱི་དོན་ཆེན་ཀུན་ནས་བརླག

  13. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2013-02-17 at 6:15 pm

    ཚེ་བརྟན་རྡོ་རྗེའི་གཅེས་ནོར་རྒྱ་དམར་གྱི་རྒྱལ་དར་དེ་ནམ་ཡང་གློད་ས་མ་རེད། ཡང་སྐྱར་རྡ་ནས་འགོ་འཛུགས་ཏེ་གུང་ལ་འཕྱར་རྒྱུ་རེད་འདུག།

  14. ཆོས་འཕེལ་དར་རྒྱས་ says:
    2013-02-17 at 6:23 pm

    ༥༩་ལོར་རྒྱ་གར་ལ་བཙན་བྱོལ་དུ་ཡོང་བ་ནང་བཞིན་ཚང་མ་བོད་ལ་སྡེབ་ལོག་བྱེད་པའི་ལས་འགུལ་གཅིག་སྤེལ་ན་ད་གཟོད་ལྟ་རྒྱུ་ཞིག་ཡོད་ས་རེད། དེ་ཡང་འོང་བཞིན་པའི་སུམབཅུ་དུས་དྲན་ཉིན་རྡ་ས་ནས་གོང་ས་མཆོག་གིས་དབུ་ཁྲིད་ནས་འཛམ་གླིང་གང་སར་ཡོད་པའི་བོད་མི་ཡོང་རྫོགས་བོད་ལ་ལོག་འགྲོ་བའི་ལས་འགུལ་ཞིག་བྱས་ན་ལྟ་ས་འདུག་བསམ་གི དེ་ལ་ཡང་འགྲོ་ཉིན་ནས་བཟུང་ཕྱིར་འཐེན་བྱེད་ས་མེད་པ་ཞིག་མ་བཟོས་ན་ཤུགས་དེ་འདྲ་ཞིག་མི་ཡོང་བར་བསམ། དེ་ལྟར་བོད་མི་འབུམ་ལྷག་བར་ཡུལ་བརྒྱུད་བོད་ལ་ལོག་འགྲོ་སྐབས་བལ་བོས་སྔོན་འགོག་དཀའ་མོ་ཡོད་ལ་བོད་ཀྱི་ས་འཚམ་ལ་སླེབ་དུས་ཀྲོང་གོའི་ཡང་འགོག་དཀའ་མོ་ཡོང་གི་རེད། ཕལ་ཆེར་སྐབས་དེར་ཀྲོང་གོས་མདུན་བཀག་ནས་མེ་མདའ་རྒྱག་ནས་ལེབ་གསོད་བྱེད་ཁག་པོ་རེད་བསམ། གལ་སྲིད་ང་ཚོ་བཀག་འགོག་གམ་ལེབ་གསོད་བྱས་བ་ཡིན་ན་ཡང་དེ་ནི་ང་ཚོ་ལ་མཁོ་བ་དེ་འཛམ་གླིང་མི་དམང་ལ་སྟོན་དགོས་བ་དེ་རེད་བསམ།

  15. ཐུ་བ་རྒྱ་མཚོ། says:
    2013-02-17 at 7:09 pm

    འབུ་ཚེ་ཟད་གྲོག་མའི་ཚང་ཁ་ཟེར་པ་ཞིག་གོ་མྱོང་ཡོད་ད་རིག་མྱོང་མེད།

  16. མདའ་མོ་བ། says:
    2013-02-17 at 11:05 pm

    སེམས་ཅན་གྱི་ཁ་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ཆོད་དཀའ་བའི་ཆོས་ཉིད་འདི་སེམས་ལ་བཟུང་སྟེ། རང་ཚུགས་མ་ཤོར་བ་བྱ་རྒྱུ་གལ།

  17. མངའ་རིས་ཕྲིན་ལས། says:
    2013-02-18 at 1:10 am

    གང་ལྟར་ད་རེབ་གླིང་ཚ་ལགས་ནས་སེམས་ཤུགས་ཆེན་པོས་ལས་འགུལ་སླར་ཡང་སྤེལ་རྒྱུ་ཡིན་པར་དགའ་གུས་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ལས་མ་འདས། འོན་ཀྱང་རྡ་ས་དབུ་མའི་ལས་འགུལ་ཁང་ཟེར་བའི་ལས་ཁུངས་སྟེང་དུ་དར་དམར་མ་བཙུགས་བར་ཁྱེད་ཀྱི་དར་དམར་ལ་ལག་པ་མི་འཆང་པའི་རེ་བ་ལན་བརྒྱར་ཞུ་རྒྱུ་ཡིན། དེང་སྐབས་བོད་ཕྱི་ནང་གི་རང་རིགས་རྣམས་རྒྱ་ཆ་དགུ་བཅུ་གོ་དགུ་དར་དམར་འོག་བསྡད་འདོད་བྱེད་ཀྱི་མེད་ཙང་ལས་འགུལ་སྤེལ་བར་གྲུབ་འབྲས་མེད་ཐོག་རང་རིགས་ནང་གླེང་རྙོག་བཟོ་རོགས་རེད། ཨ་མའི་བུ་རྒོད་ཁྱེད་ཚེ་རིང་བོད་རྒྱ་འོག་ལས་མཐར་ཐབས་ཤིག་ཐུགས་ལ་འཇོག་རོགས། རྒྱ་འོག་བསྡད་རྒྱུ་ཡིན་ན་དབའ་མ་དབུ་མ་སྐད་ཆ་ཡོད་མ་རེད་སོ་སོ་སོ་སོ་ལོག་ན་འགྲིག་གི་རེད། གོམ་བགྲོད་གནང་དགོས་ཡ་མེད་རླང་འཁོར་དང་གནམ་གྲུ་ལས་ལོག་ཆོག་གི་རེད།

  18. ནོར་བུ་ says:
    2013-02-18 at 5:20 am

    ཐོགས་མར་གླིང་ཚ་ལ་བཀྲ་ཤིས་བདེ་ལེགས་ཁྱེད་གྱིས་སེམས་ཤུགས་དང་སྤོབས་པ་ལ་རྗེས་སུ་ཡིད་རང་ཡོད། ཡིན་ན་ཡང་ཁྱེད་གྱིས་ཐུགས་བསམ་ལེགས་པོ་ཞིག་གཏོང་ནས་རྒྱ་མིའི་ཁྲག་དར་དེ་མི་འཕྱར་རོག་སྐུ་མཁྱེན། བོད་མི་ས་ཡ་དྲུག་གི་དགྲ་དར་སྤུན་ཟླ་ཁྲི་མ་འབུམ་ཀྱི་ཁྲག་དར་འདི་འཕྱར་ནས་མི་འགྲོ་རོགས།། རྒྱུ་མཚན་ནི། ཁྲག་མདོག་གི་དར་དམར་འདི་ཡི་འོག་ནས་བོད་པ་ཚང་གི་ཆབ་དཔལ་རིག་གསུམ་ལ་སྔར་བྱུང་མྱོང་མེད་པའི་གོད་ཆག་དེ་བྱུང་བ་རེད། དར་དམར་འདི་ཡི་འོག་ནས་སྤུན་ཟླ་ཁྲི་འབུམ་གྱི་སྐུ་སྲོག་ཤོར་སོང་། དར་དམར་འདི་ཡི་འོག་ནས་དགོན་སྡེ་དྲུག་སྟོང་ལྷག་ཙམ་གཏོར་བཤིགས་བཏང་སོང་། དར་དམར་འདི་ཡི་འོག་ནས་༧གོང་ས་མཆོག་གཞན་ཡུལ་དུ་བཙན་བྱོལ་ལ་ཕེབ་དགོས་བྱུང་སོང་། དར་དམར་འདི་ཡི་འོག་ནས་ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པ་སྐྱབས་བཅོལ་ལ་ཕེབ་དགོས་པ་བཟོས་སོང་། དར་དམར་འདི་ཡི་འོག་ནས་རྗེ་འབངས་ཁ་བྲལ་ཏུ་བཏང་སོང་། དར་དམར་ཡི་འོག་ནས་སྤུན་ཟླ་བརྒྱ་ཕྲག་བརྒལ་བས་སྐུ་ལུས་མེ་མཆོད་ལ་ཕུལ་དགོས་བྱུང་སོང་། དར་དམར་འདི་ཡི་འོག་ནས་སྤུན་ཟླ་བརྒྱ་སྟོང་མང་པོ་བཙོན་འོག་ཏུ་ཚུད་སོང་། དར་དམར་འདི་ཡི་འོག་ནས་བོད་གངས་ཅན་པའི་སྐྱེས་མ་བརྒྱ་སྟོང་མང་པོ་ཡུག་མོ་རུ་གྱུར་སོང་། དར་དམར་འདི་ཡི་འོག་ནས་བོད་གངས་ཅན་པའི་གཅེས་ཕྲུག་བརྒྱ་སྟོང་མང་པོ་དྭ་ཕྲུག་ཏུ་གྱུར་ཡོད། དར་དམར་འདི་ཡི་འོག་ནས་བོད་གངས་ཅན་པའི་ནགས་རི་དང་མཚོ་གླིང་། གངས་རི་དང་རྫ་རི། གཡའ་རི་དང་སྤང་རི། རྩི་ཤིང་དང་མེ་ཏོག གཏེར་ཁ་དང་རིག་དངོས། མདོར་ན་ཡོད་ཚད་ནས་ཡོད་ཚད་བརླགས་ཡོད་པ་མི་ཤེས་སམ། མ་ཚད་ཉིས་སྟོང་བརྒྱད་ཚུན་གཞིས་ལུས་སྤུན་ཟླ་ཚོས་དར་དམར་འདི་ལ་མི་འདོད་པའི་རྣམ་འགྱུར་གྱིས། མེ་ལ་བསྲེགས་ཡོད་ལ། གྲི་ཡིས་གཏུབས་ཡོད།
    དེའི་རྐྱེན་གྱིས་སྤུན་ཟླ་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད་ལ། བཙོན་འོག་ཏུ་ཚུད་ཡོད་པ་ནི་བསྐྱར་བཤད་མི་དགོས་པ་རེད། ཁྱེད་རང་བོད་ཁ་བ་ཅན་གྱི་བདེ་སྡུག་གི་ཆེད་དུ་འགྲོ་འདོད་ན་དར་དམར་དེ་མ་ཕྱར་རོགས། གུང་ཁྲན་ཏང་གི་ལས་དོན་དང་། བོད་པ་ཚང་ལ་བརྙས་བཅོས། རོ་ཐོག་ཏུ་རྟ་རྒྱུག རྨ་ཐོག་ཏུ་ལན་ཚྭ་འདེབ་འདོད་ཡོད་ན་དེར་ཟད། ཟམ་གདོང་བླ་རྒན་གྱིས་དགག་པ་མེད་རབས། ཁྱི་རྐུན་ཟླ་ཚེ་དང་སྤྲུལ་རྫུན་ཤར་ཁུག་སོགས་ཀྱིས་རྒྱབ་སྐྱོར་ཡོད་རབས་དང་མཐུན་འབྲེལ་ལ་ཕན་རབས་ཟེར་བ་ནི་གཞིས་ལུས་མི་དམངས་ལ་ངོ་རྒོལ་ཁོ་ན་ཡིན། གལ་སྲིད་མཐུན་འབྲེལ་དམ་ཟབ་དང་བོད་བསྟན་སྲིད་ལ་ཕན་གྱི་ཡོད་ན་དབང་ཤུག་ནི་ཁྱེད་ཚོད་ལ་ཡོད་པས་བཙན་བྱོད་བོད་ཀྱི་བཀའ་ཤག་དང་གྲོས་ཚོགས་ཀྱི་ཐོག་ཏུ་དར་དམར་དེ་ཚུགས་དང་། དབུ་ལམ་ཁང་ཟེར་བ་དེའི་ཐོག་ཏུ་ཚུགས་དང་། བསམ་བློ་ཞིག་ཐོངས་ལ་དར་དམར་དེ་གཡུག་རོགས། རེ་བ་ཡིན རེ་བ་ཡིན རེ་བ་ཡིན རེ་བ་ཡིན རེ་བ་ཡིན རེ་བ་ཡིན རེ་བ་ཡིན རེ་བ་ཡིན རེ་བ་ཡིན རེ་བ་ཡིན རེ་བ་ཡིན

  19. ཁྱབ་འཇུག says:
    2013-02-18 at 6:14 am

    ༣༽ ལུང་རྟོགས་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༧ གི་ཆུ་ཚོད་ ༩ སྐར་མ་ ༢༤
    ཨ་རོག་་་འཇིག་མེད་ཐོས་པ་རང་གྲོལ་ལགས། ཁྱེད་རང་བོད་མི་རིགས་ལ་སེམས་ཁུར་དེ་འདྲ་ཡོད་ན་དེ་རིང་ཁོང་གི་མཉམ་དུ་གོམ་བགྲོད་ལ་མཉམ་ཞུགས་གྱིས་དང་ཨ་མའི་བུ་ཡིན། དེ་མིན་རང་གིས་ཅི་ཡང་མི་འཇོན་པར་དཀའ་ལས་རྒྱག་མཁན་ལ་ཁ་གཏོང་རྒྱུ་བཞག་ན་ལེགས། རྒྱ་ནག་གི་རྒྱལ་དར་འཕྱར་བར་ང་ཡང་འདོད་མོས་མེད་ཀྱང་ངས་ཁོང་ལ་གང་ཡང་ཞུ་མི་ནུས། དེ་ནི་ང་རང་ཉིད་ཀྱིས་ཅི་ཡང་མི་འཇོན་པས་ཡིན།༽
    གསུངས་བ་ལེགས།རྡ་ས་ན་རྒྱ་ནག་གི་དར་དམར་མི་འཁྱེར་པར་བོད་དར་ཁྱེར་ནས་འགྲོ་ཐུབ་མཁན་ཡོད་ན་སོང་དང་སུས་ཀྱང་བཟུང་མེད་པས་སོོ།། དེ་མི་ཐུབ་ན་རང་ཉིད་ཀྱིས་བསྒྲུབ་ཕོད་པའི་བོད་དོན་རེ་ཨེ་འགྲུབ་ལྟོས་ནས་སྡོད་དང་ཁྱོད་རང་བོད་པར་སྐྱེས་བའང་དོན་ཡོད་ཡིན་པ་རེད། དེའང་མི་ཐུབ་ན་ད་༼ཁྱི་ཁ་སུམ༽ནས་སྡོད་དང་དེའི་ཡག་ཅིག་གང་ནའང་མེད།

  20. ནོར་བུ་ says:
    2013-02-18 at 6:52 am

    ལུང་རྟོགས་ནས།
    རྡ་ས་ན་རྒྱ་ནག་གི་དར་དམར་མི་འཁྱེར་པར་བོད་དར་ཁྱེར་ནས་འགྲོ་ཐུབ་མཁན་ཡོད་ན་སོང་དང་སུས་ཀྱང་བཟུང་མེད་པས་སོོ།། ཟེར་བ་ལ།། མི་ངས་བསམ་པ་ལ།། རྒྱ་དར་ཁྱེར་ནས་འགྲོ་བ་ལས།། གཅིག་ཀྱང་མ་ཁྱེར་བསྡད་ན་དགའ།། དགྲ་དར་འཕྱར་ནས་འགྲོ་བ་དེ།། ལྟས་བཟང་མ་རེད་ལྟས་ངན་རེད།།

  21. གནམ says:
    2013-02-18 at 9:26 am

    ཁ་སྐྱོལ་ཞོར་ལ་སྣབས་བསྐུས་ན། ད་ངས་ཅི་ཟིག་ཞུ་དགོས་རེད། ཨུ་ཚུགས་ལ་ཀླད་པ་མེད་པས། བོད་ལས་ངན་འདིས་ནམ་ཡིན་ཡང་ཁེ་ལོག་རྐྱང་རྐྱང་མིན་པས་རྒྱག་མི་ཤེས།

  22. འཇིགས་མེད་ཐོས་པ་རང་གྲོལ། says:
    2013-02-18 at 3:39 pm

    གལ་སྲིད། ཁྱེད་ཉིད་གཞིས་བྱེས་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་དང་ཆེ་མཐོང་ལ་བརྩི་བཀུར་བྱེད་མཁན་ཞིག་ཡིན་ཚེ། གལ་སྲིད། ཁྱེད་ཉིད་རྒྱལ་སྤྱིའི་ལོ་རྒྱུས་ཀྱི་རིན་ཐང་དང་མཚོན་དོན་གྱི་གལ་ཆེན་རང་བཞིན་ལ་ངེས་ཤེས་ཡོད་མཁན་ཞིག་ཡིན་ཚེ། ཁྱེད་ཀྱིས་རྒྱ་དར་དམར་བོ་དེ་ནམ་ཡང་འཕྱར་མི་སྲིད།

    ཕྱི་ལོ་༢༠༠༨ ལོར་དཀར་མཛེས་བྲག་མགོའི་གྲྭ་བརྩོན་འགྲུས་ཉི་མས་དགོན་པའི་འདུ་ཁང་ཐོག་གི་རྒྱ་དར་མར་ཕབ་པར་བརྟེན་ལོ་ལྔའི་ཁྲིམས་ཆད་ཁུར་ནས་ད་དུང་བཙོན་ཁང་ན་ཡོད།

    ཕྱི་ལོ་༢༠༠༨ལོའི་ཟླ་༠༣ཚེས་༡༩ཉིན་རྔ་བ་རྫོང་སྒོ་མང་དགོན་གྱི་བླ་མ་འཇམ་དབྱངས་ཆོས་གྲགས(ཁོང་སྔོན་ཆད་རྒྱ་གར་དུའང་ཕེབས་མྱོང་།)ལགས་ཀྱིས་སྣེ་ཁྲིད་འོག གྲྭ་མང་བརྒྱ་ཕྲག་དུ་མས་དགོན་པའི་དོ་དམ་གཞུང་ལས་ཁང་གི་རྒྱ་ནག་གི་རྒྱ་དར་གཙབ་སྲལ་བཏང་བར་བརྟེན་ཁོང་ད་དུང་ཡང་རི་ལ་བྲོས་བྱོལ་བྱས་ནས་བཞུགས་ཡོད་ལ་། གྲྭ་ཆོས་སྐྱོང་དང་ཏིང་འཛིན་གཉིས་ལ་རིམ་བཞིན་ལོ་གཉིས་དང་གསུམ་གྱི་བཙོན་ཆད་བཅད་ཡོད།

    ཁྱེད་ཀྱིས་འཛམ་གླིང་གང་སར་ཡོད་པའི་བོད་རིགས་ཚོས་རྒྱ་ནག་གི་རྒྱ་དར་ལ་བཟུང་བའི་རྣམ་འགྱུར་དེ་ཚོ་མཐོང་མྱོང་ངམ། དྲ་ཐག་འདི་ལ་ངེས་པར་དུ་གཟིགས་རོགས།
    http://www.youtube.com/watch?v=E9IhaPXVq8s

    གལ་སྲིད། ཁྱེད་ཀྱིས་༢༠༠༨་ལོའི་ཞི་སྒོལ་ཆེན་མོའི་བརྙན་དག་གཟིགས་མྱོང་མཁན་ཞིག་ཡིན་ཚེ། ཁྱེད་ཀྱིས་ངེས་པར་དུ་ཨ་མདོ་འབོ་ར་ཡུལ་གྱི་སྐྱ་མི་བརྒྱ་ཕྲག་བརྒལ་བ་ས་གནས་ཤང་སྲིད་གཞུང་དུ་འཛོམས་ནས་རྒྱ་ནག་གི་རྒྱ་དར་མར་ཕབ་ནས་བོད་ཀྱི་རྒྱ་དར་ཡང་འཕྱར་བཞིན་པའི་སྐབས་ཀྱི་ཁོ་ཚོའི་ལུས་ངག་གི་དགའ་སྣང་དང་རེ་བ་དེ་དག་ད་དུང་ཡིད་ལ་གསལ་ལྷང་ངེར་འཆར་ངེས་ཡིན། ཡར་བསྐྱར་བལྟ་འདོད་ན་གཤམ་གྱི་དྲ་ཐག་ལ་གཟིགས་རོགས།
    http://www.youtube.com/watch?v=N47XMBGz9C0

    ད་རུང་། དེ་འདྲའི་དཔེ་བརྗོད་ནི་བགྲང་གིས་མི་ལང་བས་མིག་བཙུམས་ནས་གཡང་ལ་མཆོང་མཁན་རེ་མིན་ཚེ། མ་མཐའ་ཡང་གནས་ལུགས་དེ་ཙམ་རེ་ཤེས་དགོས་པ་འདྲ། དེ་བཞིན་ད་ལྟའི་སྤྱི་ཚོགས་འདིར་ལྷག་བསམ་དང་གཞུང་རྒྱུད་དྲང་བའི་མི་དེ་དག་རྡ་སའི་ཆབ་སྲིད་པ་མགོ་བདེ་ཚོས་རང་ཉིད་ཀྱི་དགོས་མཁོ་སྐོང་ཆེད་དུ་བེད་སྤྱོད་གཏོང་བཞིན་པ་ཨང་མང་བོ་ཡོད་པས་རང་ངོ་རང་གིས་ཤེས་རྒྱུ་ཡང་གལ་ཆེན་རེད།

  23. པདྨ་འཕྲིན་ལས་། says:
    2013-02-18 at 5:58 pm

    གྲོགས་པོ་གླིང་ཚ་ཚེ་བརྟན་རྡོ་རྫེ་ལགས། རྩ་བའི་ཆ་ནས་ངའི་ཁྱེད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཡིན་ནའང་རྒྱ་དམར་གྱི་དར་ཆ་འཕྱར་བ་དེ་དངོས་ནས་རན་པོ་རང་མི་འདུག། གྲོགས་པོ་ཞིག་ཡིན་པས་ཆ་ནས་ཉིད་ལ་སེམས་གཏམ་ཞིག་ཞུ་གི་ཡིན། མི་མང་པོ་ཞིག་གི་ཁྱེད་གྱི་ཞི་བའི་འཐབ་རྩོད་གྱི་ལས་འགལ་ལ་ཧ་ཅང་རྒྱབ་སྐྱོར་དང་རྫེས་སུ་ཡིད་རིང་འདུག། འོན་ཀྱང་རྒྱ་དམར་གྱི་དར་ཆ་འཕྱར་བ་དེ་མི་མངཔོ་ཞིག་གི་སེམས་ལ་ཤོངས་དཀའ་བ་ཞིག་རེད། དེ་འདྲ་ཡིན་ཙང་ཐེངས་གཉིས་པའི་ཞི་བའི་འཐབ་རྩོད་སྐབས་རྒྱ་དམར་གྱི་དར་ཆ་དེ་མ་འཕྱར་རོག་ཞུ་འདོད་བྱུང།

  24. མེ་ཏོག་དཀར་པོ says:
    2013-02-18 at 8:30 pm

    ཁ་མ་ཡིན་པར་ལག་ལེན་བསྟར་མཁན་གླིང་ཚ་ལགས། ཁྱེད་ཀྱིས་རྒྱ་བོད་ཀྱི་རྒྱལ་དར་མཉམ་འཕྱར་གནང་བས་བཙན་པོ་ཁྲི་རལ་པས། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། ཟེར་བའི་རྡོ་རིང་གི་ཡི་གེ་དེ་མིག་ལམ་ལ་མངོན་པར་བྱས་བྱུང་། ཅིའི་ཕྱིར་ན་དར་སོ་སོ་བས་བོད་རྒྱ་ཁོངས་མིན་པར་རྒྱལ་ཁབ་སོ་སོ་ཡིན་པ་མཚོན་པར་བྱས་པས་སོ།། ཐུགས་རྗེ་ཆེ། ལས་འགུལ་འདི་མུ་མཐུད་སྤེལ་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme