Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགོད་གསལ་བསྒྲགས།

Posted on 2020-06-282020-06-28 By ཁ་བརྡ 3 Comments on གསར་འགོད་གསལ་བསྒྲགས།


ཕྱི་དྲིལ་གསར་འགོད་འབྲེལ་མཐུད་པ།
 
༄༅།། བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་ཕྱག་ན་པད་མོའི་རྣམ་སྤྲུལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་གྱ་ལྔར་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་བཟང་འདིར། རང་ཅག་བོད་མི་རྣམས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུ་ཡིན་པ་དང་། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ཏེ་མི་ལོ་ ༦༡ འཁོར་བའི་དུས་བཟང་གཉིས་འཛོམས་དང་བསྟུན། འདི་ལོར་སྐྱེ་འགྲོ་རྣམས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་གདུང་བའི་མནར་ཞིང་། སེམས་ལ་འཇིགས་སྣང་དང་དངངས་སྐྲག་སོགས་རྣམ་རྟོག་འཆར་སྒོ་ཇི་སྙེད་ཅིག་འཕྲད་བཞིན་པ་དག་ཞི་བའི་སླད། འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་སྡུར་འདི་ཉིད། ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་རྒྱ་ཆེ་མང་ཚོགས་ལ་སེམས་ཀྱི་སྨན་མཆོག་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གཟིགས་འབུལ་ཞུ་རྒྱུ་ལགས་ན། བོད་རྒྱལ་ལོ་ ༢༡༤༦ རབ་གནས་ལྕགས་བྱི་ལོའི་བོད་ཟླ་ ༥ ཚེས་ ༡༡ དང། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ རེས་གཟའ་ལྷག་པ་སྟེ་ལྷག་དཀར་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ ཐོག་ཐད་སྲིང་ཞུ་རྒྱུ་ཡིན་པས་ལྷན་རྒྱས་གཟིགས་རྒྱུ་མ་མཉེས་པ་ཞུ། བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་ནི། ལོ་རབས་དྲུག་ཅུའི་སྨད་ཙམ་ནས་འགོ་འཛུགས་ཞུས་ཏེ། བྲོ་པ་རྒན་གཞོན་བར་གསུམ་གྱིས་རྣམ་དཔྱོད་ཀྱི་རྩལ་འདོན་སའི་གར་སྟེགས་ཤིག་དང་། སྲོལ་རྒྱུན་བོད་ཀྱི་ཡུལ་ལུང་ཁག་གི་རྐང་བྲོ་གླུ་གཞས་འཁྲབ་སྲོལ་བཅས་ལ་ཉམས་ཞིབ་དང་དཔྱད་བསྡུར་གནང་སྟེ། རྒྱལ་ལུ་རུ་ཁག་དང་རྔོན་པ་རུ་ཁག་བར་རྟིང་རྩོད་ཀྱིས་འགྲན་སྡུར་གནང་གི་ཡོད་ལ། གདོད་མ་ནས་བརྒྱུད་པའི་བོད་ཀྱི་བཞད་གད་གཏམ་གླེང་དང་གཏམ་བརྗོད་ཟློས་གར་སོགས་ཀྱང་འཁྲབ་ཀྱིན་ཡོད།

གསལ་བསྒྲགས།

Post navigation

Previous Post: ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མིན་ནམ།
Next Post: གལ་སྲིད་རླུང་བུ་གཡུགས་སྲིད་ན།

Comments (3) on “གསར་འགོད་གསལ་བསྒྲགས།”

  1. གཡུ་སྒང་དགེ་འདུན། says:
    2020-06-28 at 12:03 pm

    རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་གདུང་ཞིང་མནར་བ། སེམས་ལ་འཇིགས་སྣང་དང་དངངས་སྐྲག་སོགས་རྣམ་རྟོག་འཆར་སྒོ་ཇི་སྙེད་ཅིག་འཕྲད་བཞིན་པ་དག་བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་སྡུར་ཞིག་གིས་ཞི་ཐུབ་ན། དེ་འདྲའི་ལས་སླ་བ་ཞིག་དང་སྐད་ཆ་སྐྱིད་པོ་ཞིག

  2. Abharu Jigwang says:
    2020-06-28 at 4:25 pm

    གྱ་ལྔའི་སྐུའི་འཁྲངས་སྐར་བསུ།
    ༄༅། གསེར་གསེར་པོའི་ཉི་མ་ཤར་འདྲ་བོ།། རྗེ་བླ་མ་ཡིད་བཞིན་ནོར་བུ་རེད།།
    ཁོང་བྱམས་བརྩེ་ནམ་མཁའི་མཐའ་ལྟར་རེད།། རྗེ་བླ་མའི་བཀའ་དྲིན་གླུ་ཡིས་མཆོད།།

    ཚེས་བཅོ་ལྔའི་ཟླ་དཀར་ཤར་འདྲ་བོ།། ཁོང་མཛད་འཕྲིན་འཛམ་གླིང་ཀུན་ལ་ཁྱབ།།
    ཁོང་གདུལ་བྱ་ནམ་མཁའི་སྐར་ཚོགས་བཞིན།། རྗེ་བླ་མའི་བཀའ་དྲིན་བསམ་མི་ཁྱབ།།
    བསམ་མི་ཁྱབ་པ་ལ་ཕྱག་གསུམ་འཚལ།།
    འཕགས་ཡུལ་རྡ་རམ་ས་ལ་བླ་མ་བཞུགས།། སེམས་ཅན་བདེ་སྡུག་སེལ་བའི་བླ་མ་ཡིན།།
    གངས་ཅན་བོད་ཀྱི་སྙིང་གི་འབྲས་བུ་ཡིན།། ཁོང་སྐུ་ཚེ་བརྟན་པའི་བཀྲིས་ཤོག།

  3. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-07-01 at 10:20 am

    བོད་རྒྱལ་ལོ་༢༡༤༧ མ་རེད་དམ?

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (61)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme